ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ལན་ཡུན་ཀང་རྡོ་སོལ་གྲུ་ཁར་གོ་རིམ་ལྡན་པའི་ངང་ལས་ཀ་བྱེད་པ།

སྤེལ་དུས 2024-11-26 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  •    
    འདི་ནི་ཟླ་11ཚེས་24ཉིན་ལན་ཡུན་ཀང་རྡོ་སོལ་གྲུ་ཁར་གོ་རིམ་ལྡན་པའི་ངང་ལས་ཀ་བྱེད་བཞིན་པ། 

               མིག་སྔ་ནི་དུས་ཚིགས་རང་བཞིན་གྱི་ནུས་སྤྱོད་མང་བའི་དུས་ཡིན་པས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ནུས་རྒྱུ་མཁོ་སྤྲོད་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་བཞིན་ཡོད་པ་རེད། ནུས་རྒྱུ་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་པ་དང་མང་ཚོགས་རྣམས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་འགན་ལེན་བྱ་ཆེད། ཅང་སུའུ་ལན་ཡུན་ཀང་གྲུ་ཁས་ལྕགས་ལམ་སྐྱེལ་འདྲེན་སྡེ་ཚན་དང་གཞོགས་འདེགས་དམ་ཟབ་བྱས་ནས་གློག་སོལ་གྲུ་གཟིངས་གྲུ་ཁ་ནས་འགྲོ་འོང་བྱ་རྒྱུ་འགན་ལེན་བྱེད་པ་དང་། ཆུ་ཚོད་24ནང་འདོན་འཇུག་གི་ལས་ཀ་རྒྱུན་ཆད་མེད་པར་བྱས་ནས་གྲང་རྒྱན་དུས་ཀྱི་གློག་གཏོང་དང་རྡོ་སོལ་གྱི་དགོས་མཁོ་སྐོང་གང་ཐུབ་བྱས་པ་རེད།