ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཧོ་ནན་གྱིས་བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ཤུགས་རྒྱག་ས་གཙོ་བོར་བརྩིས་པ།

སྤེལ་དུས 2024-12-04 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཐོན་ལས་ཁྱུ་ཚོགས་ཀྱི་པར་རིས་གཉིས་ཀྱིས་དུས་རབས་གསར་པའི་ཧོ་ནན་གྱི་བཟོ་སྐྲུན་ལས་རིགས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བའི་དཔང་པོ་བྱས་པ་སྟེ། ལོ་12གོང་དུ་སྒོར་དུང་ཕྱུར་སྟོང་རིམ་པའི་ཐོན་ལས་ཁྱུ་ཚོགས་ཐ་ཐོར་ལས་མེད་ཅིང་། ད་ཆ་རྒྱུ་ཆ་གསར་པ་དང་། སྔོན་ཐོན་སྒྲིག་ཆས། དེང་རབས་ཀྱི་བཟའ་བཅའ་བཅས་སྒོར་དུང་ཕྱུར་ཁྲི་རིམ་པའི་ཐོན་ལས་ཁྱུ་ཚོགས་3དང་སྒོར་དུང་ཕྱུར་སྟོང་རིམ་པའི་ཐོན་ལས་ཁྱུ་ཚོགས་18ཧོ་ནན་དུ་ཁྱབ་ཡོད།
  2019ལོའི་ཟླ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་གནང་སྐབས“དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཤིང་། དབུས་རྒྱུད་ས་ཁུལ་དར་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་དམ་པོར་བཟུང་སྟེ། ཞིང་ཆེན་གྱི་གནས་ཚུལ་ལ་གཞི་ཚུགས་པ་དང་དགེ་སྤེལ་སྐྱོན་སྤངས་བྱས་ནས། བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ཤུགས་རྒྱག་ས་གཙོ་བོར་བརྩི་བ་དང་གསར་གཏོད་དེ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས”ཞེས་བསྟན་གནང་ཡོད།
  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཧོ་ནན་གྱིས་བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ཤུགས་རྒྱག་ས་གཙོ་བོར་བརྩིས་ཤིང་། གཙོ་གནད་ཐོན་ལས་འཁོར་འབྲེལ་ཁྱུ་ཚོགས་སྟོབས་ཆེར་གཏོང་བ་དང་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱས་ཏེ། སྒོར་དུང་ཕྱུར་ཁྲི་རིམ་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཁྱུ་ཚོགས་7དང་། སྒོར་དུང་ཕྱུར་སྟོང་རིམ་པའི་གཙོ་གནད་ཐོན་ལས་འཁོར་འབྲེལ་28 ཆེད་ཞིབ་ཁྱད་གསར་བཞིའི་ཞིབ་བགོས་ཁྱབ་ཁོངས“N”བཅས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་བཏང་ནས་བཟོ་སྐྲུན་ལས་རིགས་ཀྱི་རྨང་གཞི་མགྱོགས་མྱུར་བརྟན་དུ་བཏང་ཡོད།
  ཐོན་ལས་ཁྱུ་ཚོགས་ལ་རོགས་སྐྱོར་བྱས་ནས་ལུས་སྟོབས་སྔར་བས་རྒྱས་པར་བྱས་པ།
  བཟོ་སྐྲུན་ལས་རིགས“གཞི་རྒྱ་ཆེ་ཡང་སྟོབས་ཆེན་པོ་མེད་པ་དང་ཆ་ཚང་པོ་ཡོད་ཀྱང་ཕུལ་བྱུང་མིན་པར”དམིགས་ཏེ། ཧོ་ནན་གྱིས་ནུས་ཤུགས་ཡོད་རྒུས་རྒྱུ་ཆ་གསར་པ་དང་། ནུས་རྒྱུ་གསར་པའི་རླངས་འཁོར། སྔོན་ཐོན་སྒྲིག་ཆས་སོགས་སྒོར་དུང་ཕྱུར་ཁྲི་རིམ་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོཌ་7སྐྱེད་སྲིང་དང་སྟོབས་ཆེར་མགྱོགས་མྱུར་བཏང་ཡོད།
  ཁུ་ཚུར་བསྒྲིལ་ནས་ཁ་གྲམ་ཁྱུ་ཚོགས་སུ་བསྒྱུར་བར་བྱེད་ཅིང་། ཀྲེང་ཀྲོའུ་ཡི་པི་ཡ་ཏི་རུ་གློག་འཕྲུལ་དང་གློག་ཤུགས་ཚོད་འཛིན་སོགས་ལྷུ་ལག་རྣམ་གྲངས་མང་པོ་དོན་འཁྱོལ་བྱུང་བ་དང་ཀྲུང་ཀྲོའུ་དུས་རབས་ནུས་རྒྱུ་གསར་པའི་ཐོན་སྐྱེད་རྟེན་གཞིའི་དུས་ཐེངས་དང་པོའི་རྣམ་གྲངས་ཀྱི་གློག་རྫས་བཟོ་གྲྭ་ལུའོ་དབྱང་དུ་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་ལ་སོགས། ཧོ་ནན་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་ཁྱུ་ཚོགས་ཀྱིས་རོགས་ཟླ་གསར་པ་རྒྱུན་ཆད་མེད་པར་བསུས་ཡོད། “སྔོན་ཆད་རླངས་འཁོར་གྱི་ལྷུ་ལག་ཐག་རིང་ཀྲེ་ཅང་དང་ཀོང་ཏུང་དུ་ཉོ་སྒྲུབ་བྱེད་པར་སྐྱོད་དགོས་མོད། འོན་ཀྱང་ད་ཆ་ཞིང་ཆེན་དེ་ཡོངས་སུ་གཞི་ཁྱོན་ཡན་གྱི་རླངས་འཁོར་དང་ལྷུ་ལག་བཟོ་སྐྲུན་ཁེ་ལས་600ལྷག་ཙམ་ཡོད། འཕྲལ་མར་མཁོ་བའི་རླངས་འཁོར་གྱི་ལྷུ་ལག་མངགས་ཉོ་བྱས་ཚེ། མགྱོགས་ཤོས་ལ་ཆུ་ཚོད་2ནང་ལག་འབྱོར་ཡོང་གི་འདུག”ཅེས་ཡུས་ཐུང་འགྲུལ་སྐྱེལ་རླངས་འཁོར་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཕུའུ་ཧྲེང་ཧྭ་ཡིས་ལེགས་བསྡུས་ཅན་ལས་སྟབས་བདེ་བྱུང་བའི་མྱོང་ཚོར་ཟབ་མོ་བརྗོད།
  ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་འཕེལ་རྒྱས་སྔར་ལས་མགྱོགས་སུ་བཏང་ཞིང་། ཧྲང་ཧའེ་རླངས་འཁོར་དང་། པི་ཡ་ཏི། ཡུས་ཐུང་སོགས་སྣེ་འདྲེན་རྐང་འཛིན་ཁེ་ལས་ནང་འདྲེན་དང་གསོ་སྐྱོང་བྱས་ནས་གོང་འོག་ཁེ་ལས་ལ་རྟ་སྒ་ཆ་སྒྲིག་ཡག་པོ་ཡོང་བར་བྱས་ཡོད། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ཧོ་ནན་ཞིང་ཆེན་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཆ་སྙོམས་བྱས་ན་ཁྲི་48ལས་བརྒལ་བ་དེ་ལོ་གོང་མའི་དུས་མཚུངས་ལས་128%འཕར་ཡོད།
  ཐོན་ལས་འཁོར་འབྲེལ་ལ་སྐུལ་འདེད་བཏང་ནས་སྟོབས་ཤུགས་རྒྱས་པར་བྱས་པ།
  ཐོན་ལས་འཁོར་འབྲེལ་ནི་བཟོ་སྐྲུན་ལས་རིགས་ཀྱི་ཁྲག་རྩ་ལྟ་བུ་རེད། ཧོ་ནན་གྱིས་ཐོན་ལས་ཀྱི་མདུན་གྲལ་ལ་དམིགས་ནས་འཁོར་འབྲེལ་དཔོན་དང་ཆེད་སྒྲུབ་ཚོགས་ཆུང་ཟུང་འབྲེལ་དང་ལས་སྟེགས་དང་ཐེབས་རྩ་ཟུང་འབྲེལ་སོགས་ཀྱི་ལས་ཀའི་ལམ་སྲོལ་སྤྱད་དེ། རྒྱུ་ཆ་མཁྲེགས་ཤོས་སོགས་གཙོ་གནད་ཐོན་ལས་འཁོར་འབྲེལ་28ནུས་ཤུགས་ཡོད་རྒུས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ཡོད།
  ཧོ་ནན་སི་ཧྥང་ཏ་རྒྱུ་ཆ་མཁྲེགས་ཤོས་མ་རྐང་ཚད་ཡོད་ཀུང་སིའི་ཚོད་ལྟ་ཁང་དུ་ཞིབ་འཇུག་གསར་སྤེལ་མི་སྣས་རྡོ་རྗེ་ཕ་ལམ་གྱི་ཚ་དྲོད་འདྲེན་ཚད་མཐོ་རུ་གཏོང་རྒྱུ་འགག་སྒྲོལ་བྱེད་ཅིང་། ཐེན་ཞན་ནུས་པའི་རང་བཞིན་གྱི་རྡོ་རྗེ་ཕ་ལམ་གྱི་རིམ་འདས་བཟོ་གྲྭ་འདི་ལོ་བཙུགས་ནས་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད། ཧོ་ནན་གྱི་མིས་བཟོས་རྡོ་རྗེ་ཕ་ལམ་གྱི་ཐོན་ཚད་ཀྱིས་རྒྱལ་ཡོངས་ཀྱི་80%ཟིན་མོད། འོན་ཀྱང་སྤུས་ལེགས་རྩེར་སོན་གྱི་ཐོན་རྫས་མང་པོ་མེད། རྒྱུ་ཆ་མཁྲེགས་ཤོས་ཀྱི་ཐོན་ལས་འཁོར་འབྲེལ་ཇི་ལྟར་བྱས་ནས“རྩེར་སོན”ཡོང་བ་བྱེད་དགོས་སམ།
  ཧོ་ནན་གྱིས་འཁོར་འབྲེལ་ཁ་གསབ་དང་། སྣུར་སྲིང་། སྟོབས་ཆེར་བཅས་བཏང་ཞིང་། ཞིང་ཨུད་ཀྱི་ཧྲུའུ་ཅིས་འཁོར་འབྲེལ་དཔོན་གྱི་འགན་འཁུར་བ་དང་། ལས་རིགས་ཀྱི་སྣེ་འདྲེན་པ་འཁོར་བདག་ཁེ་ལས་སུ་གྱུར་པ། ཐོན་ལས་འཁོར་འབྲེལ་སྐྱེད་སྲིང་གི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི་བཟོས་པ། སྒོར་དུང་ཕྱུར་30ཟིན་པའི་ཐོན་ལས་མ་འཇོག་ཐེབས་རྩ་བཙུགས་པ། ཐོན་ལས་ལག་རྩལ་ཞིབ་འཇུག་ཁང་བཙུགས་པ་ལ་སོགས། མིག་སྔར་ཧོ་ནན་དུ་རྒྱུ་ཆ་མཁྲེགས་ཤོས་ཀྱི་གཞི་ཁྱོན་ཡན་གྱི་ཁེ་ལས་300བར་འཕེལ་རྒྱས་ཕྱིན་པ་དང་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་400ལྷག་ཙམ་ཟིན་ཡོད།
  འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། ཧོ་ནན་ཞིང་ཆེན་གྱི་གཙོ་གནད་ཐོན་ལས་འཁོར་འབྲེལ་གྱི་འཕར་ཐང་ལོ་གོང་མའི་དུས་མཚུངས་ལས་8.9%འཕར་ནས་ཞིང་ཆེན་ཡོངས་ཀྱི་བཟོ་ལས་བརྒྱ་ཆའི་གྲངས་5.4འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད། གཙོ་གནད་ཐོན་ལས་འཁོར་འབྲེལ་28ཀྱི་སྣེ་ཁྲིད་ནུས་ལྡན་འོག་ཧོ་ནན་གྱི་བཟོ་སྐྲུན་ལས་རིགས་འཁོར་རྒྱུག་བརྟན་པོ་བྱུང་ཡོད།
  གསར་གཏོད་མ་ལག་བསྐྲུན་ནས་ནང་གནས་སྟོབས་ཤུཌ་འཕེལ་བར་བྱས་པ།
  ཧོ་ནན་གྱིས་ཁེ་ལས་ཀྱིས་བྱེད་པོ་དང་ཐོན་སློབ་ཞིབ་གསུམ་ནུས་ཆེ་མཐུན་སྦྱོར་གྱི་གསར་གཏོད་མ་ལག་བསྐྲུན་ཞིང་། ནཱ་སྨི་རྒྱུ་ཆ་དང་འདྲེས་སྦྱོར་སྐྱེ་དངོས་སོཌ་ཆེད་ཞིབ་ཁྱད་གསར་བཞིའི་ཞིབ་བགོས་ཁྱབ་ཁོངས“N”དུ་ཚད་བརྒལ་ཡོང་ཐབས་བྱས་ནས་ཐོན་སྐྱེད་ནུས་ཤུཌ་གསར་མ་མགྱོགས་མྱུར་སྐྱེད་སྲིང་བྱས་ཡོད།
  འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་ཐོག་ཏུ་འཁྱོལ་ལ་བསམ་ཚུལ་དང་བྱེད་ཐབས་ལའང་འགྱུར་ལྡོག་བྱུང་བ་སྟེ། དེ་གོང་མགྱོཌ་མྱུར་ལེགས་གྲུབ་བྱུང་ནས་ཕན་འབྲས་ཐོན་རེ་བྱེད་མོད། ད་ཆ་གསར་གཏོད་ཀྱི་ཐོན་ཁུངས་བསྡུ་སྒྲིལ་གྱིས་གསར་གཏོད་ཀྱི་ཁྲིད་སྟོན་རྣམ་པའི་ལས་སྟེགས་ཁག་གཅིག་བརྟན་དུ་གཏོང་བཞིན་ཡོད། “ཞིང་ཆེན་ཚོད་ལྟ་ཁང་འཛུགས་རྒྱུ་ནི་བྱ་ཐབས་ཀྱི་གྲས་ཤིག་རེད”ཅེས་ཧོ་ནན་ཞིང་ཆེན་ཚན་རྩལ་ཐིང་གི་ཐིང་ཀྲང་ཀྲང་རུའེ་ཡིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་ཧྲེན་ནུང་འདེབས་འཛུཌ་ལས་རིཌ་དང་ཀྲུང་ཡོན་འགག་རྩའི་ལྕགས་རིཌ་སོཌ་ཞིང་ཆེན་གྱི་ཚོད་ལྟ་ཁང་20སྔ་རྗེས་སུ་སྒོ་བྱང་བཀལ་ཏེ་ལས་གཉེར་བྱེད་འགོ་ཚུཌ་ཡོད་ལ། “སྔོན་ཐོན་གྱི་ཀུའེ་ཅི་འོད་གློག་བྱེད་ནུས་རྒྱུ་ཆ”སོཌ་ཚན་ཞིབ་རྣམ་གྲངས་ལ་ཚད་བརྒལ་ཡང་བྱུང་ཡོད་ཅེས་ངོ་སྤྲོད་བྱས།
  ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། ཧོ་ནན་ཞིང་ཆེན་གྱིས་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ལ་མ་འཇོག་བྱེད་ཚད་16.1%འཕར་ནས་ཞིང་ཆེན་ཡོངས་ཀྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་ལོ་གོང་མའི་དུས་མཚུངས་ལས་13.7%འཕར་ཡོད། ཧོ་ནན་གྱི“7+28+N”ཡི་ཐོན་ལས་འཁོར་འབྲེལ་ཁྱུ་ཚོཌ་ཁྲོད་ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་རིམ་པ་ཡན་གྱི་གསར་གཏོད་ལས་སྟེགས་70%འདུས་པ་དང་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་60%དང་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་80%ཡན་བཏོད་ཡོད།
  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང་། “བཟོ་ལས་ཅན་གསར་པར་སྐུལ་འདེད་མགྱོགས་པོ་དང་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་སྐྱེད་སྲིང་དང་སྟོབས་ཆེར་བཏང་སྟེ། བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད། ཧོ་ནན་གྱི“7+28+N”ཡི་ཐོན་ལས་འཁོར་འབྲེལ་ཁྱུ་ཚོགས་ཀྱི་གཞི་ཁྱོན་སང་ལོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི་7ལས་བརྒལ་ཏེ་ཀྲུང་ཡོན་བཟོ་སྐྲུན་ལས་རིགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་འགྲོ་རྒྱུ་རེད།