ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

བྱེད་སྒོ་སྣ་ཚོགས་སྤེལ་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་བསུ་བ།

སྤེལ་དུས 2024-12-05 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་སི་ཁྲོན་ཞིང་ཆེན་ཏ་ཀྲོའུ་གྲོང་ཁྱེར་ཐུང་ཁྲོན་ཆུས་ལུའོ་ཅང་གྲོང་རྡལ་ཝུའེ་ཤིང་ཚོད་ལྟའི་སློབ་གྲྭར་བཅའ་ཁྲིམས་ཁྱབ་གདལ་གྱི་དང་བླངས་པས་སློབ་མར་རྩ་ཁྲིམས་ཀྱི་ཤེས་བྱ་གསལ་འགྲེལ་བྱེད་བཞིན་པ།
འདི་ནི་ཀུའེ་ཀྲོའུ་ཞིང་ཆེན་ཐུང་རེན་གྲོང་ཁྱེར་ཡུས་ཕིང་ཏུང་རིགས་རང་སྐྱོང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པས་ཡུས་ཕིང་ཏུང་རིགས་རང་སྐྱོང་རྫོང་སློབ་ཆུང་གཉིས་པར་རྩ་ཁྲིམས་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ།
འདི་ནི་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ལི་ཚང་ཆུས་བཟོ་པའི་རིག་གནས་ཕོ་བྲང་དུ་ལས་དོན་པས་གྲོང་མིར་དམངས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་ཤེས་བྱ་གསལ་འགྲེལ་བྱེད་བཞིན་པ།
        འདི་ལོའི་ཟླ་12ཚེས་4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཨང་བཅུ་གཅིག་པ་ཡིན་ཞིང་། ས་གནས་ཁག་གིས་བྱེད་སྒོ་སྣ་ཚོགས་སྤེལ་ནས་རྩ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་ཁྲིམས་སྐྱོང་གི་འདུ་ཤེས་དྲིལ་བསྒྲགས་བྱེད་ཀྱི་ཡོད།
        2024ལོའི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་ཤུགས་ཆེན་བཏང་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཡིན།