ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

དངུལ་རྩའི་རྒྱུ་ནོར་དོ་དམ་ཀུང་སིའི་ཚུལ་མིན་གྱི་རྒྱུ་ནོར་ཐོན་ལས་ཚད་ལྡན་དུ་བཏང་བ།

སྤེལ་དུས 2024-12-05 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  དངུལ་རྩའི་རྒྱུ་ནོར་དོ་དམ་ཀུང་སིའི་ཚུལ་མིན་གྱི་རྒྱུ་ནོར་ཐོན་ལས་ཚད་ལྡན་དུ་བཏང་ནས་དངུལ་རྩའི་རྒྱུ་ནོར་དོ་དམ་ཀུང་སིར་གཙོ་འགན་གཙོ་ལས་ལ་གཞི་བཙུགས་ཏེ། ཉོ་སྒྲུབ་དང་ཐག་གཅོད་ཀྱི་ཆེད་ལས་ནུས་པ་ཆེ་རུ་གཏོང་བ་དང་དངུལ་རྩའི་རོགས་སྐྱོབ་དང་ལྡོག་འཕར་དུས་འཁོར་གྱི་སྙོམས་སྒྲིག་བྱེད་ནུས་འདོན་སྤེལ་ལཁྲིད་སྟོན་བྱ་ཆེད། ཉེ་ཆར། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《དངུལ་རྩའི་རྒྱུ་ནོར་དོ་དམ་ཀུང་སིའི་ཚུལ་མིན་གྱི་རྒྱུ་ནོར་ཐོན་ལས་དོ་དམ་བྱ་ཐབས》བཀྲམ་ནས་དངུལ་རྩའི་རྒྱུ་ནོར་དོ་དམ་ཀུང་སིའི་ཚུལ་མིན་གྱི་རྒྱུ་ནོར་ཉོ་སྒྲུབ་དང་། དོ་དམ། ཐག་གཅོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་ནས་འགོ་བཙུགས་ཏེ། དངུལ་རྩའི་ཚུལ་མིན་གྱི་རྒྱུ་ནོར་ཉོ་སྒྲུབ་ཀྱི་ཁྱབ་ཁོངས་གོ་རིམ་ལྡན་པའི་ངང་རྒྱ་བསྐྱེད་དེ་ཉོ་སྒྲུབ་རུང་བའི་དངུལ་རྩ་མིན་པའི་སྒྲིག་གཞིའི་ཚུལ་མིན་གྱི་རྒྱུ་ནོར་ཚད་གཞི་ཁ་གསལ་དང་ཞིབ་ཚགས་སུ་བཏང་བ་དང་འབྲེལ་འགན་སྒྲུབ་བརྟག་དཔྱད་དང་། ཐག་གཅོད་གོང་ཚད་སྒྲིག་པ། ཐག་གཅོད་ཡོངས་བསྒྲགས་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་ལྟ་འདོམས་ཀྱི་བླང་བྱ་སྔར་བས་ཁ་གསལ་བཟོས་ཡོད།
  བྱ་ཐབས་ནང་། དངུལ་རྩའི་རྒྱུ་ནོར་དོ་དམ་ཀུང་སིས་དངུལ་རྩའི་སྒྲིག་གཞིར་དབང་བའི་བསྐྱར་སྒྲིག་རྒྱུ་ནོར་དང་། དེ་མིན་གྱི་ཡིད་རྟོན་ཆག་ཐང་ཟིན་པའི་རྒྱུ་ནོར་སོགས་ཉོ་སྒྲུབ་ཆོག་པ་མ་ཟད། དངུལ་རྩའི་སྒྲིག་གཞིའི་གསོག་ཐེབས་ཕན་སྒྱུར་ལ་རམ་འདེགས་བྱས་ཏེ་ཡིད་རྟོན་དངུལ་བུན་གྱི་ཐོན་ཁུངས་དེ་བས་མང་བ་བཏོན་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བྱེད་ཕྱོགས་ཀྱིས་གཙོ་གནད་རྒྱབ་སྐྱོབ་བྱེད་པའི་ཁྱབ་ཁོངས་ལ་གཏོང་བ་དང་། དེ་དང་དུས་མཚུངས་དངུལ་རྩའི་རྒྱུ་ནོར་དོ་དམ་ཀུང་སིར་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་སྔར་བས་ཞབས་འདེགས་དང་རྒྱབ་སྐྱོར་བྱེད་པར་ཁྲིད་སྟོན་བྱ་ཆེད། བྱ་ཐབས་ནང་། དངུལ་རྩ་མིན་པའི་སྒྲིག་གཞིའི་ཚུལ་མིན་གྱི་རྒྱུ་ནོར་ཉོ་སྒྲུབ་ཀྱི་ཚད་གཞི་དབྱེ་མཚམས་གསལ་པོ་ཕྱེ་བ་དང་འབྲེལ་དངུལ་རྩའི་རྒྱུ་ནོར་དོ་དམ་ཀུང་སིར་དངུལ་རྩའི་རོགས་སྐྱོབ་དང་ལྡོག་འཕར་དུས་འཁོར་གྱི་སྙོམས་སྒྲིག་བྱེད་ནུས་འདོན་སྤེལ་ཧུར་ཐག་བྱེད་པར་སྐུལ་སྤེལ་བྱས་ཡོད།