ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཀྲེ་ཅང་ཉིང་པོར“ཚ་དྲོད་དཔལ་འབྱོར”ལས་དངོས་ཟོག་ཕྱིར་གཏོང་གི་ཚ་རླབས་འཕྱུར་བ།

སྤེལ་དུས 2024-12-19 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
འདི་ནི་ཟླ་12ཚེས་15ཉིན། དྲོད་སྲུང་ཚོང་ཟོག་བྱུར་བུར་བླུགས་པའི་ཟོག་འདྲེན་མེ་འཁོར་ཞིག་ཀྲེ་ཅང་ཞིང་ཆེན་ཉིང་པོའོ་རྩི་ཤིང་ར་བའི་ཉེ་འགྲམ་ནས་སྐྱོད་བཞིན་པ།
       ཉེ་ཆར། སའི་གོ་ལའི་བྱང་ཕྱེད་མར་གྲང་ངར་ཆེ་བའི་དགུན་དུས་ཤར་བ་དང་བསྟུན་ནས་གྲང་འགོག་དྲོད་སྲུང་གི་དགོས་མཁོ་ལས་བྱུང་བའི“ཚ་དྲོད་དཔལ་འབྱོར”གྱི་ཚ་རླབས་ཀྱང་ཉིན་རེ་ལས་མ་འདས་པར་འཕྱུར་བཞིན་ཡོད། དེས་ན་ཀྲེ་ཅང་ཞིང་ཆེན་ཉིང་པོའོ་ཀྲོའུ་ཧྲན་གྲུ་ཁའི་མཚོ་ཐོག་དང་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་ལའང་ཟོག་འདྲེན་གྱི་མཐོ་རླབས་ཤིག་འཕྱུར་ཏེ། གྱོན་ཆས་དང་། ལྷམ་ཡུ་རིང་། ཀམ་པ་ལི། དྲོད་ལེན་ཡོ་བྱད་སོགས་དྲོད་སྲུང་ཚོང་ཟོག་རྒྱུན་ཆད་མེད་པར་གྲུ་ཁར་དབོར་ནས་ཕྱི་རྒྱལ་དུ་འཚོང་བར་བྲེལ།