【ཚོགས་ཆེན་བཅུ་དགུ་པའི་ཐོས་བསམ་སྒོམ་རྟོགས】བོད་ལྗོངས་ཀྱི་མཐའ་སྲུང་དཔོན་དམག་གིས་བཅའ་སྡོད་ས་གནས་ཀྱི་མང་ཚོགས་ལ་དུས་རབས་གསར་པའི་ཏང་གི་གནས་ཚུལ་བརྒྱུད་བསྒྲགས་བྱས།
སྤེལ་དུས 2017-11-14
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། པད་མས་བསྒྱུར།
ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། མཐའ་སྲུང་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་ཁང་དམར་མཐའ་སྲུང་རུ་ཆེན་གྱི་དཔོན་དམག་རྣམས་ཀྱིས“ཚོགས་ཆེན་བཅུ་དགུ་པར་སློབ་སྦྱོང་དང་། དུས་རབས་གསར་པའི་ཕུགས་འདུན་མངོན་འགྱུར་ཡོང་བ”ཞེས་པའི་བརྗོད་དོན་ལ་དམིགས་ཏེ་བྱེད་ཐབས་སྣ་མང་སྤྱད་ནས་མངའ་ཁུལ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པར་རྩ་འཛུགས་བྱས།
བྱ་འགུལ་ཁྲོད་དུ་གྲོང་ཚོ་ཡུལ་མིའི་སྡོད་ཁང་ཡིན་ནའང་འདྲ་། ཡང་ན་འཐབ་ཕྱོགས་དང་པོའི་ལས་འགན་སྒྲུབ་གནས་གང་ཡིན་རུང་ཚང་མར་སྒྲོག་འགྲེལ་དཔོན་དམག་གིས་སྒྲོག་སྤེལ་བྱེད་པའི་གཟུགས་བརྙན་མཐོང་ཐུབ། ཁོ་ཚོས་བསྒྲགས་ཡིག་བཀྲམས་པའམ་ཡང་ན་བརྙན་བཏང་སྟེ་མི་དམངས་མང་ཚོགས་ཀྱིས་ཤེས་འདོད་པ་དང་། དེང་སྐབས་ཀྱི་མི་སོ་སོའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་སྲིད་ཇུས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་གྱི་གནད་བསྡུས་ཞིབ་ཕྲས་ལེགས་སྒྲིག་བྱས་ཏེ། ཚང་མར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དམངས་ཕན་་སྲིད་ཇུས་དང་མཐའ་མཚམས་མི་དམངས་ཀྱིས་ལོངས་སུ་སྤྱོད་པའི་ཕན་བདེའི་སྲིད་ཇུས་ཁག་འགྲེལ་བཤད་དང་བརྒྱུད་བསྒྲགས་བྱས་པར་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རིང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག བོད་ལྗོངས་སུ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ་མཚམས་སྦྱོར་བྱས། ཚང་མས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་སྙིང་པོ་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་རྟོགས་རྗེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་འོག དུས་རབས་གསར་པའི་ནང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཕུ་ཐུང་ཡར་བརྫེས་ནས་འབད་པ་ཆེན་པོས་ལས་ཀ་བསྒྲུབ་རྒྱུའི་བསམ་ཚུལ་བསྟན།

རི་མོ་འདི་ནི་ཁང་དམར་མཐའ་སྲུང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ལི་ཧྥུ་ཁྲེན་གྱིས་རྒན་གསོ་ཁང་གི་མི་ཧྲེང་རྒན་རྒོན་རྣམས་ལ་ཚོགས་ཆེན་བཅུ་དགུ་པའི་བརྙན་གཏོང་བའི་རྣམ་པ་རེད། པི་མིན་གྱིས་པར་བླངས།

རི་མོ་འདི་ནི་རྒན་གསོ་ཁང་གི་རྒན་རྒོན་རྣམས་ཀྱིས་མཐའ་སྲུང་དཔོན་དམག་ཚོས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་པར་བསྟོད་པ་བྱེད་པའི་རྣམ་པ་རེད། པི་མིན་གྱིས་པར་བླངས།
རི་མོ་འདི་ནི་ས་ཕུད་སྒང་མཐའ་སྲུང་མངགས་གཏོང་ཁང་གི་དཔོན་དམག་ཚོས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་རྣམ་པ་རེད། ཟླ་བ་ཆུང་བདག་གིས་པར་བླངས།
རི་མོ་འདི་ནི་ས་ཕུད་སྒང་མཐའ་སྲུང་མངགས་གཏོང་ཁང་གི་དཔོན་དམག་ཚོས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་རྣམ་པ་རེད།. ཟླ་བ་ཆུང་བདག་གིས་པར་བླངས།
རི་མོ་འདི་ནི་སྒ་ལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་གིས་འགྲོ་འོང་བྱེད་མཁན་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་རྣམ་པ་རེད། ཀྲོའུ་དབྱང་གིས་པར་བླངས།
རི་མོ་འདི་ནི་སྒ་ལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་གིས་འགྲོ་འོང་བྱེད་མཁན་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་རྣམ་པ་རེད། ཀྲོའུ་དབྱང་གིས་པར་བླངས།
རི་མོ་འདི་ནི་སྒ་ལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་གིས་མ་བུ་གཉིས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་རྣམ་པ་རེད། ཀྲོའུ་དབྱང་གིས་པར་བླངས།