ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་གྲོང་ཁྱེར་འདིར་ཁ་པར་དུ་ཟླ་ཕོགས་འཚོལ་བཤེར་བྱ་ཐུབ།

སྤེལ་དུས 2021-09-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ལྷ་ས་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་ཡིས“ལག་མཐིལ་གྱི་འཚོལ་བཤེར་མ་ལག”ཞེས་པའི་སྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར་བྱས་ནས་མགྱོགས་མྱུར་ངང་རང་ཉིད་ཀྱི་ཟླ་ཕོགས་ཞིབ་ཐོ་འཚོལ་བཤེར་བྱ་ཆོག་པ་རེད། 
          ཞིབ་ཕྲའི་བཀོལ་སྤྱོད་གོ་རིམ་གཤམ་གསལ་ལྟར།

          01 “ལག་མཐིལ་གྱི་འཚོལ་བཤེར་མ་ལག”ཞེས་པའི་སྐད་འཕྲིན་སྤྱི་སྟེགས(འོག་གི་མིང་བྱང་མནན་ན་ནང་དུ་འཛུལ་ཆོག)ལ་དོ་ཁུར་བྱེད་དགོས། 
          02 དེ་ལས“ཟླ་ཕོགས་འཚོལ་བཤེར”ཞེས་པ་མནན་ནས། “ལག་ཁྱེར་ཁ་པར་ཨང་གྲངས+འཕྲིན་ཐུང་ར་སྤྲོད”ཞེས་པ་བརྒྱུད་ན་ཐོ་འཇུག་ཞིབ་བཤེར་བྱ་ཐུབ། 
 
          ཤེས་རྟོགས་བྱུང་བར་གཞིགས་ན། “ལག་མཐིལ་གྱི་འཚོལ་བཤེར་མ་ལག”ནི་ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བས་མི་སྒེར་གྱི་ཟླ་ཕོགས་གནས་ཚུལ་དུས་ཐོག་ཏུ་ཞིབ་བཤེར་དང་ཤེས་རྟོགས་བྱ་ཆེད་ཞིབ་འཇུག་གསར་སྤེལ་བྱས་པའི་ཟླ་ཕོགས་འཕྲིན་བསྐུར་ཞིབ་བཤེར་མ་ལག་ཅིག་ཡིན་པ་དང་། དེ་ནི་གློག་རྡུལ་ཆ་འཕྲིན་ཅན་གྱི་ལག་རྩལ་ལ་བརྟེན་ནས་ཟླ་ཕོགས་རེའུ་མིགExcelནང་གི་ཆ་འཕྲིན་རང་འགུལ་ངང་གློག་རྡུལ་ཟླ་ཕོགས་ཀྱི་ཐོ་ཡིག་ལ་བསྒྱུར་བ་དང་། དེ་ནས་གསང་ཨང་ནང་འཇུག་སྒོས་བརྒྱུད་གཏོང་བྱེད་པ་ཞིག་ཡིན། 
          “ལག་མཐིལ་གྱི་འཚོལ་བཤེར་མ་ལག”གི་གསང་བའི་རང་བཞིན་བཟང་བ་དང་། བཀོལ་སྤྱོད་སྟབས་བདེ་ཞིང་ལོབས་བདེ་པོ་ཡོད། ནང་དོན་དུས་ཐོག་ཏུ་བསྐུར་ཐུབ་ཅིང་གནད་ལ་འཁེལ་བ་དང་། དེ་དང་ཆབས་ཅིག་ཤོག་བུ་མི་དགོས་པར་བསྐུར་ཐུབ་རྐྱེན་འཁོར་སྐྱོད་ཀྱི་མ་གནས་དམའ་རུ་ཕྱིན་པ་རེད། མི་གཤིས་རང་བཞིན་གྱི་ཟླ་ཕོགས་ཞིབ་བཤེར་གྱི་ནུས་པ་ལས་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བར་སྟབས་བདེ་ལ་བདེ་འཇགས་དང་བློས་འགེལ་ཆོག་པའི་ཞབས་ཞུའི་མྱོང་བ་ཞིག་བསྐྲུན་ངེས་རེད། 
          གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་མུ་མཐུད་དུ“ལག་མཐིལ་གྱི་འཚོལ་བཤེར་མ་ལག”ཇེ་བཟང་ཇེ་ལེགས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་ཚང་མས་མ་ལག་དེ་བརྒྱུད་ནས་མི་སྒེར་གྱི་ཟླ་ཕོགས་ཞིབ་ཐོ་སོགས་འཚོལ་བཤེར་ཐུབ་པར་བརྩོན་ལེན་བྱ་རྒྱུ་རེད།