མཚོ་སྔོན་པོར“འབྲུག་གིས་ཆུ་འཐུང་བའི་”སྣང་ཚུལ་ཐོན་པ།
སྤེལ་དུས 2021-09-28
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཟླ9པའི་ཚེས19ཉིན། མཚོ་སྔོན་པོའི་ཉེ་འགྲམ་དུ“འབྲུག་གིས་ཆུ་འཐུང་བའི”སྣང་ཚུལ་ངོ་མཚར་ཅན་བྱུང་། “འབྲུག་གིས་ཆུ་འཐུང་བ”ཞེས་པ་ནི་དོན་དུ་མཚོ་ངོས་སུ་བྱུང་བའི་རླུང་འཚུབ་ཀྱིས་མཚོ་ཆུ་གནམ་དུ་འདྲེན་པ་ཡིན་པ་དང་། དེ་ནི་ལྷ་སྒྲུང་དུ་མཚོ་ཆུ་དགུང་ལ་འཕྱུར་དུས་གཡུ་འབྲུག་གིས་འཁྱུག་རྩལ་ངོམས་ཞེས་བརྗོད་པ་དང་འདྲ་བས་ཀུན་གྱི་ངག་རྒྱུན་དུ་འབྲུག་གིས་ཆུ་འཐུང་བ་ཞེས་གྲགས།
རྩོམ་སྒྲིག་པ། བདེ་སྒྲོལ།