ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

བགོ་འགྲེམས་རག་པས་དགོད་འཛུམ་འཛུམ།

སྤེལ་དུས 2022-01-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

འདི་ནི་རྐང་བཞི་གྲོང་ཚོའི་མང་ཚོགས་བུ་ཆུང་ལ་མཉམ་ལས་ཁང་གི་བགོ་འགྲེམས་རག་པའི་གནས་ཚུལ་ཡིན་པ།
          ཉེ་བའི་ལོ་ཤས་རིང་། བསམ་གྲུབ་རྩེ་ཆུས་ཕྱུག་པོ་གཞུང་ཤང་རྐང་བཞི་གྲོང་ཚོའི་ཏང་ཀྲི་པུས་ཏང་རྩ་འཛུགས་ཀྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བའི་དམག་འཐབ་མཁར་རྫོང་གི་ནུས་པ་ལེགས་པར་བཏོན་པའི་ཁར་་རྩ་འཛུགས་དང་། ས་བབ། ཐོན་ལས་བཅས་ཀྱི་ལེགས་ཆ་སྔོག་འདོན་གང་ལེགས་བྱས་ནས་་བཞོན་མ་གསོ་ཚགས་མཉམ་ལས་ཁང་དང་། ཕག་པ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་། ངལ་ནུས་ཕྱིར་གཏོང་མཉམ་ལས་ཁང་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་བས། གྲོང་ཚོ་ཡོངས་ཀྱི་དུད་ཚང་67གྱི་མང་ཚོགས་519ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།