ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

སླར་ཡང་བོད་ཀྱི་ལུས་རྩལ་པ་ཞིག་ལ་དགུན་ཨོའི་འགྲན་ཞུཊ་དབང་ཆ་ཐོབ་འདུག

སྤེལ་དུས 2022-01-26 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

       ཕ་ཡུལ་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ནས་ཡིན་པའི་ཀྲུང་གོའི་བྱེས་བགྲོད་གངས་ཤུད་རུ་ཁག་གི་རུ་མི་ཚེ་རིང་དགྲ་འདུལ་ལ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བྱེས་བགྲོད་གངས་ཤུད་འགྲན་བསྡུར་ནང་ཞུགས་པའི་ཐོབ་ཐང་ཐོབ་པ་རེད། ང་ཚོས་ཚེ་རིང་དགྲ་འདུལ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་འབྲེལ་ཁོང་ལ་གྲུབ་འབྲས་བཟང་པོ་ཐོབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།

       ད་ལོ་ལོ་18ཡིན་པའི་ཚེ་རིང་དགྲ་འདུལ་ནི་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་གྱི་ལུས་རྩལ་པ་ཞིག་ཡིན་ཞིང་། མ་གཞི་ཁོང་ནི་རྒྱང་རྒྱུག་ལུས་རྩལ་པ་ཞིག་ཡིན་མོད། འོན་ཀྱང་ཕྱིས་སུ་ཆེད་ལས་བརྒལ་ཏེ་ཆེད་ལས་གངས་ཤུད་ལུས་རྩལ་པ་ཞིག་ལ་གྱུར་ཡོད། 2017ལོའི་ཟླ་12པར་གངས་ཤུད་རི་འཛེག་བོད་ལྗོངས་ཀྱི་གཅིག་སྡུད་སྦྱོང་བརྡར་རུ་ཁག་ནང་བདམས་པ་རེད། 2019ལོའི་ཟླ་10པར་གངས་ཤུད་རི་འཛེག་རྒྱལ་ཁབ་ཀྱི་གཅིག་སྡུད་སྦྱོང་བརྡར་རུ་ཁག་ནང་ཚུད་པ་དང་2020ལོའི་ཟླ་6པར་བྱེས་བགྲོད་གངས་ཤུད་རྒྱལ་ཁབ་ཀྱི་གཅིག་སྡུད་སྦྱོང་བརྡར་རུ་ཁག་ནང་ཚུད་པ་རེད།


       ཚེ་རིང་དགྲ་འདུལ་ལ་སྔ་རྗེས་སུ་རྒྱལ་ཁབ་ཕྱི་ནང་གི་གངས་ཤུད་འགྲན་བསྡུར་ཁྲོད་གཟེངས་རྟགས་ཐེངས་མང་ཐོབ་མྱོང་ཡོད།


       2018ལོའི་ཨེ་ཤེ་ཡའི་གངས་ཤུད་རི་འཛེག་ལེགས་སྐྱེས་འགྲན་བསྡུར་དང་2020ལོའི་སུའེ་ཙེར་བློ་སན་གཞོན་ནུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འདེམ་སྒྲུག་འགྲན་བསྡུར་གྱི་མི་སྒེར་གྱི་བར་ཐག་ཐུང་བའི་ཨང་དང་པོ་བླངས་པ་དང་། 
       2019ལོར་རྒྱལ་ཁབ་ཀྱི་བྱེས་བགྲོད་གངས་ཤུད་U18ཕུལ་བྱུང་འགྲན་བསྡུར་ཚོགས་པའི་མཐུད་རྒྱུག་འགྲན་བསྡུར་ནང་ཨང་དང་པོ་བླངས་པ། 
       2020ལོར་ནོར་ཝེའི་སྤྱི་ལེ་40ཡི་སྲོལ་རྒྱུན་རྣམ་པའི་འགྲན་བསྡུར་ལས་ལོ་17ནས་20བར་གྱི་ཚོགས་ཆུང་གི་ཨང་དང་པོ་བླངས་པ།
       2021ལོར་རྒྱལ་ཡོངས་ཀྱི་ཨང་དང་པོ་བརྩོན་ལེན་འགྲན་བསྡུར་U18ལ་གྱེན་འཛེག་སྲོལ་རྒྱུན་ལག་རྩལ་གྱི་ཨང་དང་པོ་བླངས་ཡོད་པ་རེད། 

རྩོམ་སྒྲིག་པ། སྣང་རྡོར།