ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

《དེང་རབས་རྒྱ་ཡིག་ཚིག་མཛོད》(རྒྱ་བོད་ཐ་སྙད་ཤན་སྦྱར)པར་སྐྲུན་འགྲེམ་སྤེལ་བྱས།

སྤེལ་དུས 2022-01-27 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
           ཟླ་དང་པའི་ཚེས26ཉིན། 《དེང་རབས་རྒྱ་ཡིག་ཚིག་མཛོད》(རྒྱ་བོད་ཐ་སྙད་ཤན་སྦྱར)པར་སྐྲུན་འགྲེམ་སྤེལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྟེན་འབྲེལ་ཞུ་ཡིག་སྤྲིངས་ཡོང་བ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིའམ་ཏང་ཙུའུ་ཧྲུའུ་ཅི། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་གནང་། རྒྱལ་ཡོངས་དམངས་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དོན་འགྲུབ་དབང་འབུམ་གྱིས་བརྙན་ལམ་ནས་གཏམ་བཤད་གནང་། ཧྲེང་ཀྲང་གཞོན་པ་དབྱང་ཧྥང་ཁྲུན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་།
           རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྟེན་འབྲེལ་ཞུ་ཡིག་ནང་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག་དང་། ལོ་ཙཱ་བ་དང་རྩོམ་སྒྲིག་མི་སྣ་ཡོངས་ཀྱི་ཐུན་མོང་གི་འབད་བརྩོན་འོག མི་རིགས་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་དབང་གྲགས་ཚིག་མཛོད་ཅིག་ཡིན་པའི་ཆ་ནས། 《དེང་རབས་རྒྱ་ཡིག་ཚིག་མཛོད》ཉིད་པར་སྐྲུན་འགྲེམ་སྤེལ་བྱས་པ་ནི་མི་རིགས་ས་ཁུལ་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད། རེ་བར་ཁྱེད་ཅག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ཏེ། མི་རིགས་སོ་སོའི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་སྤེལ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་ཆེད་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས།

           མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། 《དེང་རབས་རྒྱ་ཡིག་ཚིག་མཛོད》ལོ་ཙཱ་བྱས་པ་ནི་བོད་རིགས་སྤུན་ཟླ་རྣམས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་སློབ་སྦྱོང་དང་། ཀྲུང་ཧྭའི་རིག་གནས་ཀྱི་ཁས་ལེན་ཇེ་དྲག་ཏུ་གཏོང་བའི་ཚིག་མཛོད་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱེད་པ་དམིགས་སུ་བཟུང་བའི་རང་འདེམ་བྱ་སྤྱོད་ཅིག་ཡིན་པས། ཚིག་མཛོད་འདི་ལོ་ཙཱ་བྱས་པའི་རིན་ཐང་ཆེན་པོ་ཚན་རིག་དང་ལྡན་པའི་སྒོ་ནས་རྟོགས་དགོས། དབང་གྲགས་དང་ཚད་ལྡན་གྱི་ཚིག་མཛོད་འདི་བརྒྱུད་དེ། བོད་འབྲེལ་ས་ཁུལ་དུ་རྒྱལ་ཁབ་ཀྱིས་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་གི་ཆུ་ཚད་དང་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་ནས། ཀྲུང་ཧྭའི་མི་རིགས་སོ་སོའི་སྐད་བརྡའི་རིག་གནས་ཀྱི་ཕན་ཚུན་ལོ་ཙཱ་དང་ཕན་ཚུན་སྤེལ་རེས། ཕན་ཚུན་སློབ་སྦྱོང་བཅས་བྱེད་པར་སྐུལ་སྤེལ་བྱེད་དགོས། ཆ་རྐྱེན་གསར་སྐྲུན་བྱས་ཏེ་ཚིག་མཛོད་ལོ་ཙཱའི་གྲུབ་འབྲས་ལེགས་པོར་བཀོལ་དགོས་ལ། བོད་འབྲེལ་ས་ཁུལ་དང་སློབ་གྲྭ། ལས་ཁུངས་ལས་དོན་སྡེ་ཚན་དང་དགོན་པ་སོགས་ལ་ཁ་གཏད་དེ་གཟིགས་འབུལ་བྱས་ནས་རྒྱ་ཁྱབ་ཏུ་བཀོལ་དུ་འཇུག་དགོས། 《དེང་རབས་རྒྱ་ཡིག་ཚིག་མཛོད》ཀྱི་འགྲེལ་བ་སོགས་ཁྱོན་ཡོངས་ནས་ལོ་ཙཱ་མགྱོགས་མྱུར་གྱིས་སྤེལ་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་ཆེད་སྟོབས་ཤུགས་གསོལ་འབུལ་བྱེད་དགོས།

           དོན་འགྲུབ་དབང་འབུམ་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དང་རྩ་འཛུགས་བྱས་ཏེ། ལོ་ངོ9ཡི་རིང་ལ་སྒྲིག་རྩོམ་པར་སྐྲུན་བྱས་པའི《དེང་རབས་རྒྱ་ཡིག་ཚིག་མཛོད》(རྒྱ་བོད་ཐ་སྙད་ཤན་སྦྱར།)ནི། ང་ཚོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལེགས་པོར་སློབ་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བར་ཕན་པ་ཆེ། དུས་ཡུན་རིང་པོར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་མཛུབ་སྟོན་ལྟར། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་ཧུར་ཐག་གིས་སྐུལ་སྤེལ་བྱས་ཡོད་ལ།  《ཚིག་མཛོད》པར་སྐྲུན་བྱས་པ་ཡིས་མི་རིགས་སོ་སོའི་མཐུན་སྒྲིལ་ལས་དོན་ཐད་ནུས་པ་ཆེན་པོ་ཐོན་ཡོད། 
 དབྱང་ཧྥང་ཁྲུན་གྱིས་གཙོ་སྐྱོང་གནང་སྐབས་བསྟན་དོན། ཁེབས་ཚད་རྒྱ་བསྐྱེད་པ་བརྒྱུད་ནས་ཤེས་རྟོགས་ཚད་མཐོར་འདེགས་བྱས་ཏེ། རྒྱ་ཆེའི་མང་ཚོགས་རྣམས་ལ་ཚིག་མཛོད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་དོན་སྙིང་གལ་ཆེན་ལ་ཡང་དག་པའི་སྒོ་ནས་རྒྱུས་ལོན་དང་ཤེས་རྟོགས་འབྱུང་དུ་བཅུག་སྟེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་པར་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པར་བྱས་རྗེས་ལེགས་པོ་འཇོག་དགོས། 
           ཚོགས་འདུའི་ཐོག ཡོལ་བ་འབྱེད་པའི་མཛད་སྒོ་སྤེལ་ཞིང་ཁུལ་སོ་སོའི་འཐུས་ཚབ་པ་རྣམས་ལ་ཚིག་མཛོད་གནང་བ་དང་། ཚིག་མཛོད་སྒྲིག་སྒྱུར་དང་ལོ་ཙཱའི་བྱ་བ་ངོ་སྤྲོད་བྱས་ཤིང་། ཆེད་མཁས་འཐུས་ཚབ་པ་རྣམས་ཀྱིས་སྤེལ་རེས་གཏམ་བཤད་གནང་།
རྩོམ་སྒྲིག་པ། སྣང་རྡོར།