ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་སྲིན་བྱ་རྣ་རིང་ཁུ་ནུ་རི་བོའི་མང་ཡ་གྲོང་ཁྱེར་དུ་མངོན།

སྤེལ་དུས 2022-11-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
  ཟླ11པའི་ཟླ་འགོར། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་སྲིན་བྱ་རྣ་རིང་ཁུ་ནུ་རི་བོའི་མང་ཡ་གྲོང་ཁྱེར་དུ་མངོན།   
  ངོ་སྤྲོད་བྱས་པར་གཞིགས་ན། སྲིན་བྱ་རྣ་རིང་ནི་མང་ཡ་ས་ཁུལ་དུ་གནས་སྤོ་བྱེད་པའི་འདབ་ཆགས་ཁྲོད། ཁ་གྲངས་ཉུང་ཤས་ལས་མེད་པའི་འུག་པའི་ཁོངས་སུ་གཏོགས་པ་དང་། ལོ་ལྟར་དགུན་ཚུགས་ཀྱི་སྔ་ཕྱི་ཉིན་ཁ་ཤས་ནང་ཐོན་གྱི་ཡོད། ཟླ་འགའི་རྗེས་སུ་ཁུ་སིམ་མེར་གནས་དེར་ཁ་བྲལ་སྲིད།
  སྲིན་བྱ་རྣ་རིང་ལ་“འུག་པ་རྣ་ཆུང”ཡང་ཟེར། དེའི་རྣ་སྒྲོ་རིང་བ་དང་། མགོའི་གཞོགས་གཉིས་སུ་ཡོད། གདོང་སྡེར་མངོན་གསལ་དང་།    ཁམ་སེར་ཡིན་ལ། སྒྲོ་སྤུ་དཀར་པོ་དང་སྨུག་པོ་ཡོད། བྱི་བ་དང་བྱ་རིགས། ཉ། སྦལ་བ། འབུ་སྲིན་བཅས་ཟས་སུ་ཟ། ཨ་བྲའི་གནོད་འཚེ་ཚོད་འཛིན་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཡོད་ལ། ཀྲུང་གོའི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་སུ་གཏོགས།  

རྩོམ་སྒྲིག་པ། བདེ་སྒྲོན།