འབྲོག་པས་སྐྱས་སྤོས་ནས་གྲང་ངར་ཆེ་ཤོས་ཀྱི་དགུན་དུས་སྐྱེལ་བ།
སྤེལ་དུས 2023-02-07
ཡོང་ཁུངས།
རྩོམ་པ་པོ།

ཟླ2པའི་ཚེས3ཉིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མཐུད་བ་གྲོང་ཚོའི་ལུག1400ལྷག་ཙམ་ཕུ་མ་གཡུ་མཚོའི་མཚོ་དར་བརྒྱུད་དེ། མཚོ་དཀྱིལ་གླིང་ཕྲན་དུ་བགྲོད་བཞིན་འདུག ཤེས་རྟོགས་བྱུང་བར་གཞིགས་ན། མཐུད་བ་གྲོང་ཚོའི་ས་བབ་མཐོ་བ་དང་དབྱར་ཁའི་དུས་ཡུན་ཐུང་བའི་རྐྱེན་གྱིས། ཁྱིམ་ཚང་གི་རྩྭ་སས་ལུག་ཁྱུ་དེ་དག་སོས་ཀྱིན་མི་འདུག ལོ་ལྟར་གྲང་ངར་ཆེ་ཤོས་ཀྱི་དུས་སུ་མཐུད་བ་གྲོང་ཚོའི་འབྲོག་པ་ཚོས་ལུག་ཁྱུ་དེད་ནས་ཕུ་མ་གཡུ་མཚོའི་མཚོ་དར་བརྒྱུད་དེ་རྩྭ་ཆུ་བཟང་བའི་མཚོ་དཀྱིལ་གླིང་ཕྲན་དུ་ཕྱིན་ཏེ། གླིང་ཕྲན་ཐོག་གི་གཟན་རྩྭ་ལ་བརྟེན་ནས་གྲང་ངར་ཆེ་ཤོས་ཀྱི་དགུན་དུས་སྐྱེལ་གྱིན་ཡོད།
བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མཐུད་བ་གྲོང་ཚོའི་འབྲོག་པས་འཁྱགས་པའི་སྒང་ལ་གོ་ཐལ་གཏོར་ནས་ལུག་ལམ་བཟོ་བཞིན་པ།བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་འཐུད་བ་གྲོང་ཚོའི་འབྲོག་པས་སྐྱས་སྤོ་བཞིན་པ།བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མཐུད་བ་གྲོང་ཚོའི་འབྲོག་པས་འཁྱགས་པའི་ཐོག་ཏུ་ལུག་དེད་བཞིན་པ།བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མཐུད་བ་གྲོང་ཚོའི་འབྲོག་པ་ཚོ་མཚོ་དཀྱིལ་གླིང་ཕྲན་དུ་འབྱོར་བ།བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མཐུད་བ་གྲོང་ཚོའི་འབྲོག་པ་ཚོ་མཚོ་དཀྱིལ་གླིང་ཕྲན་དུ་འབྱོར་ནས་གུར་རྒྱག་བཞིན་པ།བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མཐུད་བ་གྲོང་ཚོའི་ལུག་ཁྱུ་མཚོ་དཀྱིལ་གླིང་ཕྲན་དུ་འབྱོར་བ།