ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

རི་ཀླུང་བརྒལ་ནས་བོད་སྐྱོར་སློབ་གསོའི་ལས་དོན་སྤེལ་བ།

སྤེལ་དུས 2024-07-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ལེའོ་ཉིང་ཞིང་ཆེན་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སློབ་གསོའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཉེ་ཆར། ཧྲེན་དབྱང་གྲོང་ཁྱེར་ཧྲེན་ཧོ་ཆུས་ཀྱི་ཆེད་མཁས་པ་ནག་ཆུ་གྲོང་ཁྱེར་དུ་བསྐྱོད་དེ་དུས་ཡུན་ཉིན་བརྒྱད་རིང་གི“བོད་ལྗོངས་སུ་སློབ་གསོ་ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ། 

ཆེད་མཁས་པས་དྲན་རྟེན་མཉམ་པར་རྒྱག་བཞིན་པ།
             བྱེད་སྒོའི་རིང་། ཆེད་མཁས་པས་ནག་ཆུ་གྲོང་ཁྱེར་གྱི་གནས་ཚུལ་དང་། སློབ་གྲྭའི་གནས་ཚུལ། སློབ་སྦྱོང་གི་གནས་ཚུལ་བཅས་ཤེས་རྟོགས་བྱས་པའི་རྨང་གཞིའི་ཐོག་སློབ་ཚན་གྲ་སྒྲིག་ནན་ཏན་བྱས་པ་དང་སློབ་ཚན་གྲོས་གཞིར་བཟོ་བཅོས་དང་ཡང་ཡང་འཐུས་སྒོ་ཚང་དུ་བཏང་སྟེ་སློབ་གྲྭའི་དོ་དམ་དང་། མཐོ་རྒྱུགས་སྒྱུར་བཅོས། སློབ་ཚན་གསར་པའི་ཚད་གཞི་སོགས་ཀྱི་ནང་དོན་གཙོ་གནད་དུ་དམིགས་ནས་འཆད་ཁྲིད་དང་སློབ་ཚན་ཉན་པ་སོགས་ཀྱི་རྣམ་པ་བརྒྱུད་ས་གནས་དེ་གའི་དགེ་རྒན་གྱི་སློབ་ཁྲིད་འཇོན་ཐང་ཆེ་རུ་གཏོང་རོགས་བྱས།

ཆེད་མཁས་པ་དང་ནག་ཆུ་གྲོང་ཁྱེར་གྱི་དགེ་སློབ་ཚང་མས་དྲན་རྟེན་མཉམ་པར་རྒྱག་བཞིན་པ།
             བྱེད་སྒོ་སྤེལ་རིང་། སློབ་གསོ་ཁྱབ་གདལ་གཏོང་མཁན་ཆེད་མཁས་པ་ལེའོ་ཉིང་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་བྱ་ཡུལ་ལྷ་ས་ནག་ཆུ་མཐོ་རིམ་སློབ་འབྲིང་གཉིས་པར་སློབ་གསོ་སྤེལ་རེས་དང་། བརྟག་ཞིབ་བཞུགས་མོལ། ཆེད་མཁས་པའི་ཁོངས་མིའི་འཆད་ཁྲིད་མཉམ་སྤྱོད་སོགས་ཀྱི་བྱེད་སྒོ་སྤེལ་ནས། སླེབས་ཉེར་ཡོད་པའི་བསླབ་གཞི་གསར་པར་སྒྱུར་བཅོས་བྱ་ཆེད་ཧྲེན་ཧོ་ཡི་སློབ་གསོའི་བློ་གྲོས་སྐྱེས་ཕུལ་ཡོད། ཆེད་མཁས་པས་ད་དུང་ལེའོ་ཉིང་ཞིང་ཆེན་བོད་སྐྱོར་གྲངས་འཛིན་རྟེན་མཛོད་ཁང་ལ་ལྟ་སྐོར་བྱས་ནས་ལེའོ་ཉིང་ཞིང་ཆེན་གྱིས་ཁ་གཏད་བོད་སྐྱོར་བྱས་ནས་ལོ30རིང་གི་གྲུབ་འབྲས་ཤེས་རྟོགས་ཞིབ་ཕྲ་གནང་།

ཆེད་མཁས་པས་ལེའོ་ཉིང་ཞིང་ཆེན་བོད་སྐྱོར་གྲངས་འཛིན་རྟེན་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།
             དེ་དང་ཆབས་ཅིག་ཧྲེན་ཧོ་ཆུས་སློབ་གསོ་ཅུས་དང་ནག་ཆུ་གྲོང་ཁྱེར་སློབ་གསོ་ཅུས་དབར《“ཧྲེན་ཧོ་དང་ནག་ཆུའི”སློབ་གསོ་མཉམ་སྐྲུན་རོགས་སྐྱོར་གྲོས་མཐུན》བཞག སློབ་གྲྭ་གཉེར་བའི་ཉམས་མྱོང་སྤེལ་རེས་དང་། རིག་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དགེ་རྒན་གསོ་སྦྱོང་བྱེད་པ། སློབ་མ་ཕན་ཚུན་འཚམས་འདྲི་སྤེལ་རེས་བྱེད་པ། སློབ་ཁྲིད་ཐོན་ཁུངས་མཉམ་སྤྱོད། རྩ་འཛུགས་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་ཕྱོགས་དྲུག་ཐད་ནས་མཉམ་སྐྲུན་རོགས་སྐྱོར་ལམ་སྲོལ་བཙུགས་ཏེ་ནག་ཆུ་གྲོང་ཁྱེར་གྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་སློབ་གསོ་སློབ་ཁྲིད་སོགས་ཐད་ཁྱོན་ཡོངས་ནས་མཛུབ་ཁྲིད་དང་རོགས་སྐྱོར་བྱས་ནས་ནག་ཆུའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བར་རོགས་རམ་བྱས།