འཇིག་རྟེན་འདིའི་ཐོག་ཏུ་ཐོག་མ་ཉིད་ནས་ལམ་ཟེར་བ་མེད་པས་མི་མང་པོ་སོང་ནས་རིམ་བཞིན་ལམ་རུ་གྱུར་བ་ཡིན། དམར་དམག་རྒྱང་བསྐྱོད་ཀྱི་ལམ་བར་དུ་ས་ཆ་མང་པོ་བརྒྱུད་མྱོང་བ་དང་ས་ཆ་ལ་ལར་ཁྱད་པར་ཅན་གྱི་མིང་རེ་ཡོད། དེ་རིང་ང་ཚོ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་པད་མ་རྫོང་ནས་ཡང་བསྐྱར་འོད་སྟོང་འབར་བའི་ལོ་རྒྱུས་དེ་ལ་ཕྱིར་དྲན་ཞིག་བྱས་ནས་དམར་དམག་རྒྱང་བསྐྱོད་བྱས་པའི་དཀའ་སྡུག་གི་འཚོ་བ་ལ་རོལ་མྱོང་ཞིག་བྱེད།
དམར་དམག་ལུང་བ་ནི་པད་མ་རྫོང་སྨར་ཁོག་ནགས་ཁུལ་གྱི་ལུང་བ་བཅོ་བརྒྱད་ནང་གི་གཅིག་ཡིན་པ་དང་། མིང་དངོས་བཙུན་མདའ་ལུང་བ་ཟེར་བ་དང། ཀྲུང་གོ་བཟོ་ཞིང་དམར་དམག་ལེ་བར་ཁྲི་གཉིས་ལྔ་སྟོང་ལྷག་བརྒྱུད་པའི་ལམ་བར་དུ་མཚོ་སྔོན་བརྒྱུད་མྱོང་བའི་ས་ཆ་གཅིག་པུ་ཡིན་པ་དང་། 1936ལོའི་ཟླ7པའི་ནང་དུ་ཀྲུང་གོ་བཟོ་ཞིང་དམར་དམག་ཕྱོགས་ཁག་གཉིས་པ་དམར་དམག་ལུང་བ་བརྒྱུད་པའི་སྐབས་བྲག་ངོས་སུ་བྱང་ཕྱོགས་ནས་རྒྱལ་ཡོངས་ཀྱི་རི་འགོག་བྱེད་པའི་བཀའ་བརྡ་བསྒྲགས་པ་དང་གོ་མིན་ཏང་ལ་ངོ་རྒོལ་བྱེད་པའི་དུས་སྐབས་ཡིན་པས་ཨན་ཆེན་ནས་བསྒྲགས་ཞེས་པའི་བཀའ་ཡིག་བྲག་ངོས་སུ་བཀོད་པ་དང། དུས་ད་ལྟ་ཡང་ཡི་གེ་དེ་དག་བྲག་ངོས་ནས་གསལ་བོར་མཐོང་འདུག རྗེས་ནས་མི་རྣམས་བྲག་རྡོ་དེའི་མགོ་རུ་ལྡིང་ཁང་ཆུང་ཆུང་གི་ཁང་བ་ཞིག་ལས་བ་དང་་བྲག་རྡོ་དེའི་ངོས་ཀྱིས་བྲིས་པའི་ཡི་གེ་དེ་དག་ལ་སྲུང་སྐྱོབ་བྱས་ཡོད་པ་རེད། དམར་དམག་ས་ཆ་འདི་རུ་ཡོང་བ་རྗེས་དྲན་བྱེད་པའི་ཆེད་དུ། ས་གནས་ཀྱི་མང་ཚོགས་ཀྱིས་མོའི་ཏྭ་ལུང་བའི་མིང་དེ་དམར་དམག་ལུང་བ་བསྒྱུར་བ་དང་། དྷི་མདའ་ཡུལ་ཚོ་རྒྱུད་སྡེ་དགོན་པའི་ཚོགས་ཆེན་ཁང་བའི་མདུན་དུ་དམར་དམག་བསྡད་ནས་སོ་ལྟ་བྱས་མྱོང་བའི་དེའི་མདུན་ཕྱོགས་ཀྱི་སོ་ལྟ་བྱེད་སའི་མིང་དེ་ལ་དམར་དམག་གི་སོ་ལྟ་བྱེད་སའི་གནས་ཞེས་མིང་དུ་བསྒྱུར། གནས་དེ་རུ་ཟམ་པ་ཆུང་ཆུང་ཞིག་ཡོད་པའི་དམར་དམག་དག་ཟམ་པའི་ཐོག་ཏུ་བསྐྱོད་མྱོང་བའི་ས་ཆ་དེའི་མིང་ལ་དམར་དམག་གི་ཟམ་པ་ཞེས་མིང་བཏགས་པ་ཡིན། རྒྱང་རིང་ནས་ས་ཆ་དེ་ལ་སོ་ལྟ་བྱས་ན་བྲག་ངོས་སུ་བྲིས་པའི་ཡི་གེ་དང་དམར་དམག་གི་ཟམ་པ་དང་ད་དུང་དེའི་སྐབས་སུ་ལས་བའི་འགེབས་སྲུང་འཐབ་རྭ་ཡང་མཐོང་འདུག ཡི་གེ་དང་ཟམ་པ་འདི་དག་མཐོང་ན་མིག་མདུན་དུ་རང་དབང་མེད་པར་དམར་དམག་ཁྲི་སྟོང་མང་པོ་བརྒྱུད་མྱོང་པའི་རྐང་རྗེས་དང་དམག་བརྡ་རྒྱག་པའི་མཆུ་ཏོ་སྒྲ་སོགས་སྐབས་དེའི་གནས་ཚུལ་སོགས་མིག་མདུན་དུ་འཆར་ཡོང་།
དམར་དམག་ལེ་བར་དྲུག་བརྒྱའི་དཀའ་ངལ་བརྒྱུད་ནས་པད་མ་ཡོང་ནས་ཉིན་ཉི་ཤུ་ལྷག་ལ་ངལ་གསོ་བྱས་པ་དང་། དུས་ཚོད་ཐུང་བའི་ནང་དུ་དམར་དམག་གི་གཏམ་གླེང་དང་བྱ་སྤྱོད་ཚང་མའི་ས་གནས་ཀྱིས་མང་ཚོགས་ཚང་མ་ཤུགས་རྐྱེན་ཟབ་མོ་བཞག་ཡོད། དམར་དམག་རྒྱང་བསྐྱོད་བྱེད་པའི་བླ་ན་མེད་པའི་གཤིས་རྒྱུད་དང་བྱ་སྤྱོད་དེ་དག་གིས་སྨར་ཁོག་གཙང་བོ་འགྲམ་རྒྱུད་ཀྱི་མང་ཚོགས་ཀྱིས་འཚོ་བ་དང་བྱ་སྤྱོད་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། སྨར་ཁོག་གཙང་བོ་དང་སི་ཁྲོན་ཞིང་ཆེན་བར་ལ་ཆུ་བོ་གཅིག་གིས་བཅད་ཡོད་པ་མ་ཟད་། ལོ་མང་པོའི་རིང་ལ་མི་ཚང་མའི་དམར་དམག་རྒྱང་བསྐྱོད་བྱེད་པའི་ལམ་བར་དུ་བཞག་པའི་དྲིལ་བསྒྲགས་ཡི་གེ་ནི་སི་ཁྲོན་ས་ཁོངས་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། རྗེས་ནས་འབྲེལ་ཡོད་ལས་ཁུངས་ཀྱི་མཐོང་ཆེན་དང་གསར་འགྱུར་སྡེ་ཁག་གིས་དྲིལ་བསྒྲགས་བྱས་པ་བརྒྱུད་ནས་མི་རྣམས་ཀྱིས་རིམ་བཞིན་དམར་དམག་རྒྱང་བསྐྱོད་བྱེད་པའི་ལམ་བར་དུ་མཚོ་སྔོན་བརྒྱུད་མྱོང་བ་ཤེས་འདུག་པ་དང་། ད་དུང་དམར་དམག་གི་བྲིས་པའི་ཡི་གེ་དང་དམར་དམག་གི་ཟམ་པ། དམར་དམག་གི་སོ་ལྟ་བྱེད་སོགས་དངོས་སུ་མཐོང་བ་མ་ཟད། སྨར་ཁོག་སྡོད་མིའི་ནགས་ཚལ་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཁོར་ཡུག་མཛེས་ལྗོངས་གྲགས་ཅན་དུ་ངོས་འཛིན་བྱས་པ་ཡིན། དམར་དམག་ལུང་བ་ཡང་མཚོ་སྔོན་ཞིང་ཆེན་གྱི་གསར་བརྗེའི་ཡུལ་སྐོར་ལྗོངས་རྒྱུ་བྱེད་ས་རུ་ངོས་འཛིན་བྱས་པ་རེད།
པད་མ་རྫོང་ནི་མཚོ་སྔོན་ནས་དམར་དམག་བརྒྱུད་མྱོང་བའི་ས་ཁུལ་ཞིག་ཡིན་པས། ཉེ་བའི་ལོ་འདི་དག་གི་རིང་ལ་ས་གནས་སྲིད་གཞུང་གིས་དམར་དམག་ལུང་བའི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་བྱས་ནས། དམར་དམག་གི་གསར་བརྗེ་གཞི་རྒྱུ་འཕེལ་རྒྱས་དང་གསར་བརྗེ་ཐོན་ཁུངས་ཀྱི་གཞི་རྒྱུ་ཕྲ་ཕུང་གཏིང་ཇེ་ཟབ་རུ་གཏོང་བ་དང། གསར་བརྗེ་ཁྲག་རྒྱུན་རྒྱུན་མཐུད་ངང་ནས་འཕེལ་རྒྱས་དང་རྒྱུད་འཛིན་བྱས་ནས་དམར་མདོག་གི་པད་མ་འཛུགས་བསྐྲུན་བྱས་པར་གྲུབ་འབྲས་མི་དམན་པ་བླངས་ཡོད།
པད་མ་རྫོང་གིས་བློ་རྩེ་གཅིག་སྒྲིམ་གྱིས་དམར་དམག་ལུང་བའི་དམར་གྲུ་རྟགས་ཅན་ལས་བཟོ་བྱས་པ་དང་། བཟོ་སྐྲུན་གྱི་སྤྱིའི་རིན་གོང་མ་དངུལ་སྒོར་ཁྲི་ཉི་ཤུ་རྩ་བརྒྱད་ལྷག་བཏང་ནས་ཧྲང་ཧེ་དམག་ཁུལ་གྱིས་རོགས་སྐྱོར་བྱས་པ་ཡིན། དམར་གྲུ་ནི་ཀྲེ་ཅིང་ཅྭ་ཞན་ནས་ཚོགས་པའི་ཀྲུང་གོ་གུང་ཁྲན་ཏང་ཐེངས་དང་པོའི་གྲོས་ཚོགས་དཔེ་དབྱིབས་ལྟར་དུ་བཟོ་སྐྲུན་བྱས་པ་ཡིན། དཔེ་དབྱིབས་བཟོ་སྐྲུན་གྱི་རྒྱུ་ཆ་ནི་ནང་འདྲེན་བྱས་པའི་ཤིང་ཡིན་པ་དང་གྲུ་ཡི་རིང་ཚད་ལ་རྨི་གྲུ་བཞི་མ་བཅུ་དྲུག་ཡོད་པ་དང་རིང་ཚད་ལ་སྨི3.2དང་མཐོ་ཚད་ལ3.2བཅས་ཡིན། སྤྱིའི་ལྗིད་ཚད་ལ་ཏུན་དྲུག་ཡིན། ཅང་སུའི་ཞིང་ཆེན་ཐེན་ཀྲུའུ་གྲོང་ཁྱེར་ཀྲུའི་ཧོན་གྲོང་རྡལ་ནས་བཟོ་སྐྲུན་བྱས་རྗེས་ལེ་བར་སུམ་སྟོང་ལྷག་གི་ལམ་ཐག་བརྒྱུད་ནས་མཚོ་སྔོན་ཞིང་མགོ་ལོག་ཁུལ་པད་མ་རྫོང་དུ་སྐྱེལ་འདྲེན་བྱས་ནས་ཡོང་བ་ཡིན།
ཉེ་བའི་ལོ་འདི་དག་གི་རིང་ལ་པད་མ་རྫོང་གི་དམར་དམག་ལུང་བ་ཕྱི་རོལ་གྱི་ལྗོངས་རྒྱུ་ལྟ་སྐོར་ལྟེ་གནས་དང་དམར་དམག་གིས་ཟ་མ་ཟ་བ་དང་དམར་དམག་གིས་གྱོན་པ་གོན་ནས་རྒྱང་བསྐྱོད་བྱེད་པ་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་མི་རྣམས་ལྟ་སྐོར་ཡོང་སའི་གནས་མཆོག་བཟང་བོ་ཞིག་རེད། གལ་ཏེ་ཁྱེད་རང་གིས་དུས་ཚོད་བཀོད་སྒྲིག་བྱས་ནས་དམར་དམག་ལུང་བར་ཡོང་ནས་ཁྱིམ་མི་དང་གྲོགས་པོ་མཉམ་དུ་དམར་དམག་གི་འཚོ་བ་ལ་རོལ་མྱོང་བྱས་ཆོག
རྒྱང་བསྐྱོད་ཀྱི་དམར་དམག་གི་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བ་རྒྱང་བསྐྱོད་ཀྱི་དཔེ་སྟོན་རྫོང་ཁུལ་འཛུགས་བསྐྲུན་བྱེད་ཆེད། ད་ལོའི་ལོ་འགོར་པད་མ་རྫོང་གི་མ་དངུལ་སྒོར་ཁྲི་བཞི་བརྒྱ་ལྷག་བཏང་ནས་པད་མ་རྫོང་གི་དམར་དམག་ལུང་བའི་སྔོན་གྱི་དྲན་གསོ་ཁང་སྒྱུར་བཀོད་ལེགས་གྲུབ་བྱུང་ཡོད་པ་མ་ཟད། ཕྱོགས་ཡོངས་ནས་དྲན་གསོ་ཁང་གི་ནང་གི་སྒྲིག་བཀོད་དང་དངོས་བོ་སོགས་དེང་རབས་ཀྱིས་རྩིས་འཁོར་འཕྲུལ་ཆས་ལ་བརྟེན་ནས་རྣམ་པ་གསར་བར་ཞིག་མིག་ལམ་དུ་མངོན་ཐུབ་པ་དང། དམར་དམག་གི་རྒྱང་བསྐྱོད་བྱེད་པའི་སྐབས་ཀྱི་གློག་འཕྲིན་དང་ཟིན་བྲིས། སྐབས་དེའི་དངོས་པོ་སོགས་ཀྱི་དམར་དམག་རྒྱང་བསྐྱོད་དངོས་པོ་དག་མི་རྣམས་མིག་མདུན་དུ་གསལ་ལེར་མངོན་ཐུབ། པད་མ་རྫོང་གི་དེང་རབས་ཀྱིས་སྨྱན་གཟུགས་གསར་བ་དང་ལག་རྩལ་འཕྲུལ་ཆས་སོགས་ནང་འདྲེན་བྱས་ནས་མཉམ་འགུལ་གྱི་ལག་རྩལ་སོགས་སྤྱད་དེ་“ཤེས་རིག”འགྲེམས་སྟོན་ཁང་སོགས་ཀྱི་ཕྱོགས་ཡོང་ནས་ལྟ་སྐོར་བ་དག་ལ་ལྟད་མོ་སྣ་ཚོགས་འབུལ་ཐུབ།
པད་མ་རྫོང་གི“དམར་དམག་ལུང་བ”2019ལོའི་ཟླ10པའི་ཚེས7ཉིན་རྒྱལ་ཡོངས་ཀྱིས་རིག་དངོས་སྲུང་སྐྱོབ་སྡེ་ཁག་རུ་བདམས་པ་དང་དམར་དམག་ལུང་བའི་འཛུགས་བསྐྲུན་དང་རྗེས་ཤུལ་ནི་ཉེ་རབས་དང་དེང་རབས་ཀྱི་ལོ་རྒྱུས་རྗེས་ཤུལ་མཚོན་བྱེད་གལ་ཆེན་ཞིག་ཡིན། 2019ལོའི་ཟླ1པའི་ཚེས12ཉིན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་སློབ་གསོ་རྟེན་གཞི་དྲུག་གི་ནང་དུ་བདམས་པ་ཁྱབ་བསྒྲགས་བྱས་པ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་དམར་དམག་ལུང་བ་དེའི་ནང་དུ་བདམས་པ་ཡིན།
གསར་བརྗེ་སྔོན་གཤེགས་དཔའ་བོ་རྗེས་དྲན་དྲན་གསོ་ཞུ་ས་དང་དམར་དམག་རྒྱང་བསྐྱོད་ཀྱིས་སྙིང་སྟོབས་དར་སྤེལ་དང་རྒྱུད་འཛིན་གཏོང་བའི་ཆེད་དུ་པད་མ་རྫོང་གི་སྤྱི་ཚོགས་ཡོངས་སུ་དམར་དམག་ལུང་བའི་ཤུགས་རྐྱེན་ཆེ་རུ་གཏོང་ཆེད་པད་མ་རྫོང་སྲིད་གཞུང་གིས་དམར་དམག་ལུང་བའི་གསར་བརྗེ་རིག་གནས་ཡིག་ཆ་རྩོམ་སྒྲིག་བྱས་ནས་འགྲེམས་སྤེལ་བྱས་ནས་གྲུབ་འབྲས་མི་མངོན་པ་བླངས་ཡོད། དེ་མ་ཟད་ད་དུང་དམར་དམག་རྗེས་དྲན་དང་རྒྱང་བསྐྱོད་ཀྱིས་བྱེད་སྒོ་རབ་དང་རིམ་པ་རྩ་འཛུགས་བྱས་ནས་དམར་དམག་རྒྱང་བསྐྱོད་ཀྱིས་སྙིང་སྟོབས་དར་སྤེལ་དུ་གཏོང་བ། པད་མའི་གསར་བརྗེ་རིག་གནས་སྙིང་སྟོབས་དང་སློབ་གསོ་སྔར་ལས་རྒྱུད་འཛིན་དར་སྤེལ་དུ་བཏང་བ་ཡིན། དེའི་ཕྱོགས་ཀྱིས་ཞིབ་འཇུག་དང་འབྲས་བུ་མང་པོ་བླངས་ནས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བཞིན་ཡོད།
དེང་གི་དུས་འདིར་པད་མ་རྫོང་གི་གསར་བརྗེ་སློབ་གསོ་ལྟེ་གནས་དེ་རྨ་འབྲི་རྫ་གསུམ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་སའི་རྟེན་གཞི་གཙོ་བོ་ཡིན་མ་ཟད། གསར་བརྗེ་ཡུལ་སྐོར་གྱི་ལྗོངས་རྒྱུ་དང་ཟུང་འབྲེལ་བྱས་ནས་པད་མ་རྫོང་གིས་གསར་བརྗེའི་སློབ་གསོ་ལ་རྟེན་ནས་སྔོན་གཤེགས་དཔའ་བོ་རྗེས་དྲན་བྱེད་པ་དང་ལྗང་མདོག་གི་སྐྱེ་ཁམས་ལ་རྟེན་ནས་རི་ཆུ་སྔོ་ལྗང་གིས་པད་མ་འཛུགས་བསྐྲུན་བྱེད་པ། གསེར་མདོག་གི་པད་མར་རྟེན་ནས་སྲོལ་རྒྱུན་གྱི་བཟོ་བཀོད་དང་འཛུགས་བསྐྲུན་སོགས་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་མདོག་གསུམ་པད་མའི་རྒྱལ་གཅེས་བསམ་བློ་ཡིས་སློབ་གསོ་རྟེན་གཞི་གཙོ་བོ་འཛུགས་བསྐྲུན་བྱས་པ་ཡིན།
སྔོ་ལྗང་རི་ཆུ་འཛུགས་བསྐྲུན་བྱས་པའི་མདོག་གསུམ་པད་མའི་ས་གཞི་འདིའི་སྟེང་དུ་ས་གནས་མང་ཚོགས་ཀྱིས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ནས་རང་སྟོབས་རང་སྤེལ་གྱི་དབུལ་བྲལ་འགག་སྒྲོལ་ཕྱུག་འགྱུར་གྱི་ལམ་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་མ་ཟད། འདི་ནི་དམར་དམག་རྒྱང་བསྐྱོད་ཀྱིས་བརྒྱུད་ལམ་པད་མའི་གསར་བརྗེ་ཡིས་སྙིང་སྟོབས་རྒྱུད་འཛིན་དར་སྤེལ་དུ་གཏོང་བའི་མཚོན་ཚུལ་ཞིག་ཀྱང་ཡིན།