ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

རབ་མཛེས་མཚོ་སྔོན། ངོ་མཚར་སྟོང་གི་རྨ་ལྷོ།

སྤེལ་དུས 2024-08-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། སྣང་མཛོད་རྡོ་རྗེ།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ8པའི་ཚེས9ཉིན2024ལོའི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཉམས་ལེན་རྣམ་གྲངས་མཚོ་སྔོན་ཉམས་ལེན་རྣམ་གྲངས་རྨ་ལྷོ་ཁུལ་ཡི་རེས་འཁོར་འགྲེམས་སྟོན་བྱེད་སྒོ་དེ་པེ་ཅིང་གྲོང་ཁྱེར་ནུབ་ཁྲེང་ཆུས་ཀྱི་དེ་སྔའི་སོག་བོད་སློབ་གྲྭའི་གནས་ཡུལ་རྙིང་པར་གཉེར་བ་རེད།

སྟོད་གྲུབ་ཐང་ག
        རྒྱུས་ལོན་བྱུངབར་གཞིགས་ན། རེས་འཁོར་འགྲེམས་སྟོན་བྱེད་སྒོར་གཙོ་བོ་བརྗོད་དོན་གཙོ་བོའི་འགྲེམས་སྟོན་དང་། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་འགྲེམས་སྟོན་དང་ཉམས་ལེན། ཆེད་དོན་བྱེད་སྒོ་བཅས་ཁག་གསུམ་ཚུད་ཡོད་པ་དང་། ཀྲུང་ཧྭའི་རྒྱན་གོས་དང་། ཀྲུང་ཧྭའི་མཛེས་རྩལ། ཀྲུང་ཧྭའི་རྩོམ་རིག ཀྲུང་ཧྭའི་གསོ་བ་རིག་པ། ཀྲུང་ཧྭའི་མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་རྣམ་པ། ཀྲུང་ཧྭའི་རོལ་དབྱངས། ཀྲུང་ཧྭའི་ཞབས་བྲོ་བཅས་རྣམ་གྲངས7ཡོད་པ་དེ་དག་གཙོ་བོ་འགྲེམས་སྟོན་དང་། གྲངས་གཞི་ཅན་གྱི་འགྲེམས་སྟོན། ཉམས་ལེན་མྱོང་ཚོར་སོགས་ཀྱི་ཐོག་ནས་མངོན་པར་བྱས་པ་རེད།

རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྨ་ལྷོའི་ལྷ་མོ《སྨོན་འདུན》ཞེས་པ།

མི་རིགས་ཁག་གི་རྒྱན་གོས།
        “གཟའ་མཇུག་གི་དུས་ཚོད་སྤྱད་དེ་ཕྲུ་གུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་དུ་འཁྲིད་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་སྤུས་དག་ཐང་གའི་འབྲི་རྩལ་དང་མདའ་འཕེན་སྟངས་ཉམས་ལེན་བྱས་པ་མ་ཟད། མཚོ་སྔོན་གྱི་པི་ལ་སིལ་ཁུ་དང་ཚགས་ཤའི་བྲོ་བ་མྱངས་པ་མ་ཟད། ད་དུང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཡིན་པའི་རྨ་ལྷོའི་ལྷ་མོའང་ལྟ་རྒྱུ་བྱུང་བས་ཧ་ཅང་དགའ་པོ་བྱུང་ལ་སྐྱིད་པོ་བྱུང”ཞེས་མཁྱེན་ལྡན་མ་ཧོང་ལགས་ཀྱིས་གསར་འགོད་པར་དེ་ལྟར་བཤད།

བལ་དང་ཁུ་ལུས་བཟོས་པའི་རིག་གནས་བསམ་བཀོད་ཀྱི་ཐོན་རྫས།

འཁྱག་སྒམ་སྟེང་དུ་སྦྱར་བྱེད་བཀྲ་ཤིས་རྟགས་བརྒྱད།
        ད་ཐེངས་ཀྱི་རེས་འཁོར་འགྲེམས་སྟོན་བྱེད་སྒོ་དེ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་དང་ཀྲེ་ཅང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་གྱིས་གཉེར་འགན་འཁུར་བ་རེད། བྱེད་སྒོའི་དམིགས་ཡུལ་ནི་རྨ་ལྷོ་ཁུལ་གྱི་ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་སྔོག་འདོན་དང་འགྲེམས་སྟོན་གང་ལེགས་བྱས་ཏེ་མཐོང་རུང་དང་། མཉམ་འགུལ་ཅན་གྱི་ཁྱབ་སྤེལ། དབྱིངས་ཞུགས་ཉམས་ལེན་སོགས་ཀྱི་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་ཀྲུང་ཧྭ་མི་རིགས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་ཉམས་ལེན་གྱི་བར་མཐོངས་ཚང་མར་ཁྱབ་པ་བྱས་ཏེ་རྒྱལ་ཡོངས་མི་དམངས་ལ་རྨ་ལྷོ་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་ཞིབ་ཕྲའི་ལག་ལེན་དང་དགེ་མཚན་ལྡན་པའི་ཕན་འབྲས་ཁྱོན་ཡོངས་ནས་འགྲེམས་སྟོན་དང་དྲིལ་བསྒྲགས་བྱེད་པ་དང་། རྨ་ལྷོ་ཁུལ་གྱི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་གཏམ་རྒྱུད་ཡག་པོ་ཤོད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མཐོང་རྒྱུ་ཡོད་ལ་ཚོར་རྒྱུའང་ཡོད་པའི་སྒོ་ནས་འཛུགས་པ་བཅས་ཀྱི་ཆེད་དུ་རེད།

ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་གྲོ་མའི་་གོ་རེ།

ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་འབྲི་གཡག་གི་སུག་ཤ།
        པེ་ཅིང་གི་གྲོང་མི་ཞིག་གིས“ངས་དྲ་ཐོག་ནས་བྱེད་སྒོ་འདི་འདྲ་ཞིག་ཡོད་པ་མཐོང་སྐབས་པར་རིས་འགྲེམས་སྟོན་སྟབས་བདེ་ཞིག་རེད་སྙམ་བྱུང་། ཡིན་ནའང་ཡུལ་དངོས་སུ་སླེབས་སྐབས་བསམ་ཡུལ་ལས་འདས་སོང་། གྱོན་ཆས་འགྲེམས་སྟོན་འདུག་ལ་ཞིམ་ཟས་འགྲེམས་སྟོན་ཡང་ཡོད་པ་དང་དུས་མཚུངས་དངོས་སུ་ཉམས་ལེན་ཐུབ་པས་ནང་དོན་ཕུན་སུམ་ཚོགས་པོ་འདུག ད་གིན་དགེ་རྒན་གྱིས་ཡུལ་དངོས་སུ་སློབ་ཁྲིད་བྱས་པ་བརྒྱུད་དེ་ཐང་གའི་འབྲི་རྩལ་ཉམས་ལེན་བྱས་པ་ཡིན། དངོས་སུ་སྨྱུག་ཁ་རེ་རེ་བྱས་ནས་བྲིས་ཚེ་གཞི་ནས་ཐང་གའི་རིག་གནས་ཀྱི་ནང་དོན་ཟབ་མོ་དང་མཚོ་སྔོན་གྱི་སྒྱུ་རྩལ་གྱི་མཛེས་པ་ཚོར་ཐུབ”ཅེས་བཤད།