ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ནེ་པ་ལའི་ཇ་ལོ་སྐྱིད་གྲོང་འགག་སྒོ་བརྒྱུད་བོད་དུ་ནང་འདྲེན་ཐོག་མར་བྱས་པ།

སྤེལ་དུས 2024-03-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་ལྷ་ས་གྲོང་ཁྱེར་འགག་སྒོ་ལས་ཁུངས་ཁོངས་གཏོགས་ཀྱི་སྐྱིད་གྲོང་འགག་སྒོས་ནེ་པ་ལ་ནས་ནང་འདྲེན་བྱས་པའི་ཇ་ལོར་ལྟ་འདོམས་དང་ཞིབ་བཤེར་རྩིས་ལེན་བྱེད་པའི་གནས་ཚུལ་ཡིན་པ།
        ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ཆ་འཕྲིན་ལ་གཞིགས་ན། ཉེ་ཆར། ནེ་པ་ལའི་ཇ་ལོ་སེར་པོ་ཁག་དང་པོ་ཉོ་ཚོང་ཚོང་རའི་ཐབས་ལམ་བརྒྱུད། སྐྱིད་གྲོང་འགག་སྒོ་ནས་བདེ་བླག་ངང་ནང་འདྲེན་བྱས་ཤིང་། དེ་ནི་རང་ལྗོངས་ཀྱི་སྐྱིད་གྲོང་འགག་སྒོ་བརྒྱུད་ནེ་པ་ལར་ནང་འདྲེན་བྱས་པའི་ཇ་ལོ་ཐོག་མ་དེ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ནེ་པ་ལའི་ཇ་ལོ་ནང་འདྲེན་བདེ་བླག་ཐུབ་རྒྱུར་འགན་ལེན་བྱ་ཆེད། ལྷ་སའི་འགག་སྒོ་ལས་ཁུངས་ཁོངས་གཏོགས་ཀྱི་སྐྱིད་གྲོང་འགག་སྒོས་ཆེད་མངགས་ལས་དོན་མི་སྣ་མངགས་ཏེ་མང་ཚོགས་ལ་སྲིད་ཇུས་དྲིལ་བསྒྲགས་དང་ལས་སྒོ་གསོ་སྦྱོང་བྱས་ནས་ཇ་ལོ་ཀྲུང་གོར་ནང་འདྲེན་བྱེད་སྐབས་ཀྱི་ནད་ཡམས་བརྟག་དཔྱད་ཀྱི་དགོས་མཁོ་དང་ནང་འདྲེན་གྱི་བརྒྱུད་རིམ་གསལ་བཤད་བརྒྱབ་པ་དང་འབྲེལ། བརྟག་དཔྱད་ཚད་ལེན་སྒྲིག་གཞི་དང་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་སྔོན་ཚུད་ནས་བྱས་ཏེ་ཐོགས་མེད་བགྲོད་ལམ་བཏོད་པས“འཕྲལ་ཞུ་འཕྲལ་བཤེར”ཐུབ་པ་བྱུང་ནས་བརྟག་དཔྱད་དུས་ཚོད་དེ་སྔོན་གྱི་བཟའ་བཅའི་རིགས་ཀྱི་མ་དཔེར་བརྟག་དཔྱད་བྱེད་པར་སྐྱེལ་བ་ལས་50%ཡིས་ཐུང་དུ་ཕྱིན་ཡོད།