ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

འཕྲོད་བསྟེན་བོད་སྐྱོར་གྱིས་ས་མཐོའི་མང་ཚོགས་ལ་བདེ་ཐང་བདེ་སྐྱིད་བསྐྲུན་པ།

སྤེལ་དུས 2024-04-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།   ཉེ་དུས“བདེ་སྐྱིད་ལྡན་པའི་བོད་ལྗོངས་ཀྱི་འཕོ་འགྱུར་ཆེན་པོ”ཞེས་བརྗོད་བྱ་གཙོ་བོར་བྱེད་པའི་བོད་ལྗོངས་ལ་དམངས་གཙོ་བཅོས་བསྒྱུར་བྱས་ནས་ལོ་ངོ65འཁོར་བའི་གསར་བསྒྱུར་འགྲེམས་སྤེལ་ཚོགས་འདུ་འཚོག་པ།  བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་བོད་ལྗོངས་ལ་དམངས་གཙོ་བཅོས་བསྒྱུར་བྱས་ནས་ལོ་ངོ65འཁོར་བའི་རིང་འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་འཕེལ་རྒྱས་ཐད་བྱུང་བའི་གྲུབ་འབྲས་ངོ་སྤྲོད་གནང་ཡོད་པ་རེད།
        དམངས་གཙོ་བཅོས་བསྒྱུར་མ་བྱས་སྔོན་ལ་བོད་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་ཧ་ཅང་རྗེས་ལུས་ཡིན་པ།  སྨན་པ་དང་སྨན་རྫས་དཀོན་པ་ཚབས་ཆེན་ཡོད་པ།  བོད་སྨན་ལས་ཁུངས་ཉུང་ཤས་ཡོད་པ་དང་མང་ཆེ་བ་ནི་མི་འབོར་བསྡོམས་འབོར་གི་བརྒྱ་ཆ5ཟིན་པའི“མངའ་བདག་ཆེན་པོ་གསུམ”ལ་ཞབས་འདེགས་ཞུ་མཁན་དག་རེད།  རྒྱ་ཆེའི་ཞིན་བྲན་རྣམ་ལ་ནད་འགོག་བྱེད་པའི་སྨན་བཅོས་ཆ་རྐྱེན་མེད་པ་དང་ནད་པར་དུས་ཐོག་སྨན་བཅོས་བྱེད་མི་ཐུབ་པ།  འགོས་ནད་རྟག་པར་ལངས་བ།  མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་ཡོད། 
        དམངས་གཙོ་བཅོས་བསྒྱུར་བྱས་ནས་ལོ་ངོ65འཁོར་བའི་རིང་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་བོད་ལྗོངས་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད།  ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོགས་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་ལ་སེམས་ཁུར་བྱེད་བཞིན་ཡོད།  འཕྲོད་བསྟེན་བདེ་ཐང་གི་མ་དངུལ་དང་ཤེས་ལྡན་མི་སྣ། ལག་རྩལ་སོགས་ཀྱི་ཐད་ལ་དམིགས་བསལ་གྱི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད།  བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིས་གཞུང་གིས་ཀྲུང་དབྱང་གི་བླང་ཆ་འདོན་པ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད།  འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པ་བྱེད་པ།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་པ་དང་ཡང་དག་པ།  ཕྱོགས་ཡོངས་བཅས་ནས་ལག་ལེན་མཐར་ཕྱིན་བསྟར་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་ཏེ་བོད་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས།
        “བོད་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་ད་ལྟའི་གྲུབ་འབྲས་ཐོབ་རྒྱུ་དེ་རྒྱལ་ཡོངས་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཀྱིས་དུས་ཡུན་རིང་པོའི་ནང་ཁ་གཏད་བོད་སྐྱོར་གྱི་རྒྱབ་སྐྱོར་དང་འབྲལ་ཐབས་མེད”ཅེས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཁ་གཏད་རོགས་སྐྱོར་གཞུང་དོན་ཁང་གི་རིམ་པ་དང་པོའི་བརྟག་ཞིབ་པ་ཅ་ཏན་ཏན་གྱིས་བཤད།  
        སྐབས་དེར་སྨན་བཅོས་མི་སྣ་དམག་སྡེ་བཅོ་བརྒྱད་པ་དང་མཉམ་དུ་བོད་ལྗོངས་སུ་བསྐྱོད་དེ་བོད་རིགས་སྤུན་ཟླ་ཚོར་རིན་མི་དགོས་པར་ནད་གཞི་སྨན་བཅོས་དང་སྨན་རྫས་སྤྲད་ཡོད། དེ་རྗེས་ཀྲུང་དབྱང་གིས་ལོ་རེར་སྨན་བཅོས་མི་སྣ་འབོར་ཆེན་བོད་ལྗོངས་སུ་མངགས་ཤིང་།  1979ལོར་ཞིང་ཆེན་དབྱེ་ནས་ས་ཁུལ་གཏན་འཁེལ་དང་འགན་གཙང་ལེན་གྱིས་རོགས་སྐྱོར་བྱས་པ།  སྒྲིག་འཛུགས་ཡོད་པ་དང་གཞི་ཁྱོན་ཆེ་བ།  སྒྲིག་གཞི་འཛུགས་པའི་འཕྲོད་བསྟེན་བོད་སྐྱོར་ལག་བསྟར་བྱས། 1994ལོར་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པར“ཁག་དབྱེ་ནས་འགན་འཁུར་བ་དང་ཁ་གཏད་རོགས་སྐྱོར་བྱེད་པ། དུས་བཀག་ལྟར་བརྗེ་བ”བཅས་ཀྱི་ཁ་གཏད་རོགས་སྐྱོར་བྱེད་ཕྱོགས་ཁ་གསལ་བཏོན་ཡོད།  ལོ30ཡི་རིང་བྱ་ཐབས་དེ་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ལ་ཀྲུང་ཧྭ་མི་རིགས་ཀྱིས་སོ་སྲུང་རོགས་རེས་དང་སྤུན་ཟླ་བརྩེ་དུང་མཚོན་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཀྱང་གྱུར་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོགས་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་ལ་སེམས་ཁུར་བྱེད་བཞིན་ཡོད།  ཁ་གཏད་བོད་སྐྱོར་གྱི་རྩེ་རིམ་ཇུས་འགོད་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་འཐུས་ཚང་དུ་གཏོང་དགོས། 2015ལོར་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གསར་གཏོད་རང་བཞིན་གྱི་སྨན་བཅོས་ཤེས་ལྡན་མི་སྣར་“ཚོགས་པ་འཛུགས་པའི”བོད་སྐྱོར་བྱ་རྒྱུའི་གཏན་འཁེལ་བྱས་ཏེ“ཁྲག་བླུག་པ”གཙོ་བོར་བྱེད་པའི་རོགས་སྐྱོར་བྱེད་སྟངས་དེ“ཁྲག་བཟོ་བ”གཙོ་བོར་བྱེད་པའི་རོགས་སྐྱོར་བྱེད་སྟངས་སུ་བསྒྱུར་ནས་ཚོགས་པ་ཁག་སྒྲིག་འཛུགས་བྱས་ཏེ་སྨན་བཅོས་རྐང་འཛིན་པ་འདེམས་མངགས་བྱས་ཏེ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ས་ཁུལ་དང་གྲོང་ཁྱེར7གྱི་མི་དམངས་སྨན་ཁང་གི་ཚན་ཁག་འཛུགས་སྐྱོང་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། 2021ལོར་སླར་ཡང་གཙོ་གནད་རྫོང་གི་མི་དམངས་སྨན་ཁང13རོགས་སྐྱོར་བྱ་ཡུལ་གྱི་ཁོངས་སུ་བཅུག་ཡོད། ད་བར་སྨན་ཁང་གིས“1+7+13”རོགས་སྐྱོར་དང་ལེན་ཁྱབ་ཁོངས་རྒྱ་ཆེན་པོ་ཆགས་ནས་དེ་གཞི་གནས་སུ་འཛིན་ནས་བོད་ལྗོངས་ས་ཁུལ་གྱི་སྨན་བཅོས་ལག་རྩལ་ཧྲིལ་པོ་འཕེལ་རྒྱས་དང་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།
        ཉེ་བའི་ལོ10ཡི་རིང་ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཐོ་རིམ་སྐུལ་འདེད་དང་ཞིང་ཆེན་དང་གྲོང་ཁྱེར་དང་འབྲེལ་ཡོད་ཚན་པའི་ཁ་གཏད་རོགས་སྐྱོར་གྱི་རྒྱབ་སྐྱོར་ནུས་ལྡན་འོག་སྨན་བཅོས་ཤེས་ལྡན་མི་སྣའི་“ཚོགས་པ་འཛུགས་པའི”བོད་སྐྱོར་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དང་ཐོག་སྨན་ཁང་གི་དོ་དམ་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས“1+7+13”སྨན་ཁང་གི་ཡོན་ཀྲང་ཚང་མ་སྣེ་ཁྲིད་སྨན་ཁང་གིས་བདམས་མངགས་དོ་དམ་ཉམས་མྱོང་ཕུན་སུམ་ཚོགས་ཤིང་སྨན་བཅོས་ལག་རྩལ་བྱང་ཆུབ་པའི་རིགས་གཅིག་མཁས་ཅན་གྱིས་འགན་འཁུར་རྒྱུ་དང་ཚན་ཁག་གི་ཀྲུའུ་རེན་ནམ་ཀྲུའུ་རེན་གཞོན་པ་མང་ཆེ་བ་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་འགན་འཁུར་རྒྱུ།  རོགས་སྐྱོར་དང་ལེན་སྨན་ཁང་ལ་ལམ་ལུགས8000ལྷག་ཙམ་འཛུགས་རོགས་བྱས་ནས་འཐུས་ཚང་དུ་བཏང་བས་སྨན་བཅོས་བརྒྱུད་རིམ་སྔར་བས་ཚད་ལྡན་དུ་ཕྱིན་པ་དང་ནད་པའི་བློ་ཡིད་ཚིམ་ཚད་མུ་མཐུད་ལེགས་སུ་ཕྱིན་ཡོད། དེ་ནས་བོད་ཀྱི་ལྗོངས་ཀྱི་ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་མི་སྣའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ནས་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར17གྱི་རོགས་སྐྱོར་སྨན་ཁང184དང་རོགས་སྐྱོར་དང་ལེན་སྨན་ཁང་དང“དགེ་རྒན་གྱིས་སློབ་མ་ཁྲིད་པའི”རོགས་སྐྱོར་གྲོས་མཐུན་བཞག་ནས་རིམ་རྩིས་བྱས་ན་སྨན་བཅོས་ཚོགས་པ1500ལྷག་ཙམ་ལ་རོགས་སྐྱོར་དང་སློབ་མ5000ཙམ་གསོ་སྐྱོང་བྱས་པས་དགེ་རྒན་གྱིས་སློབ་ཁྲིད་ཧུར་ཐག་བྱེད་པ་དང་དགེ་ཕྲུག་རྣམས་སློབ་སྦྱོང་ཧུར་ཐག་བྱེད་པའི་རྣམ་པ་ཞིག་ཆགས་ཡོད།  
        དེ་དང་ཆབས་ཅིག་སྨན་བཅོས་ཤེས་ལྡན་མི་སྣས་“ཚོགས་པ་སྒྲིག་པའི”བོད་སྐྱོར་ལས་དོན་སྤེལ་ནས་བོད་ལྗོངས་ཀྱི་སྨན་བཅོས་ལག་རྩལ་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་རོགས་སྐྱོར་བྱ་ཡུལ་སྨན་ཁང་གི་དོན་དངོས་ལ་གཞིགས་ཏེ་ཁོང་ནད་ཚན་ཁག་དང་ཕྱི་ནད་ཚན་ཁག  བུད་མེད་ན་ཚ་དང་བུ་སྐྱེ་ཚན་ཁག   བྱིད་ནད་ཚན་ཁག་དང་མྱུར་སྐྱོབ་ཆེད་ལས་ཚན་ཁག་དང་དེ་བཞིན་ཞིབ་བཤེར་ཚན་ཁག་དང་སྦྲིད་སྨན་ཚན་ཁག་སོགས་གཙོ་གནད་དུ་བསྐྲུན་ནས་ད་བར་རྣམ་གྲངས་གསར་པ་དང་ལག་རྩལ་གསར་པ4000ལྷག་ཙམ་སྤེལ་བ།  སྔོན་ཐོན་ཉམས་མྱོང1800ལྷག་ཙམ་ཐུམ་བརྒྱབ་སྟེ་བོད་ལྗོངས་ཀྱི་སྨན་བཅོས་ལག་རྩལ་སྟོང་ཆ2500ལྷག་ཙམ་ཁ་སྐོང་བྱས་ཡོད། “1+7”སྨན་ཁང་གིས་བྲང་ན་བ་དང་གཟའ་ཕོག་པ།  དོད་དྲག་རྨས་སྐྱོན།  ཉེན་ཁ་ཆེ་བའི་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ལྟེ་གནས་སོགས་ལྟེ་གནས་ཆེན་པོ་ལྔ”ཤུགས་ཆེན་བསྐྲུན་ནས་བོད་ལྗོངས་ཀྱི་ཉེན་ཁ་ཆེ་བའི་ནད་གཞི་ཚབས་ཆེན་མྱུར་སྐྱོབ་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ས་མཐོའི་དབང་རྩའི་ཕྱི་ནད་ཚན་ཁག་གི་ཉེན་ཁ་ཆེ་བའི་ནད་གཞི་ནན་པོ་ནི་ཐོ་རེངས་སམ་ཡང་ན་ནམ་གུང་དུ་གཅིག་སྡུད་བྱས་པས་སྨན་བཅོས་བྱེད་དཀའ་བ་དང་དུས་ཚོད་ཧ་ཅང་དཀོན་པོ་ཡོད།  ཆབ་མོ་གྲོང་ཁྱེར་མི་དམངས་སྨན་ཁང་གི“གཟའ་གྲིབ་ལྟེ་གནས”ལ་དཔེ་བཞག་ན།  2022ལོའིཟླ7པའི་ལོ་གཅིག་ནང་ཀླད་ཁྱིམ་གཤགས་བཅོས139བྱས་ནས་ཀླད་ཁྲག་ཐོན་པའི་མྱུར་སྐྱོབ་ལེགས་གྲུབ་བྱུང་བའི་ངོ་མཚར་མང་པོ་བཏོད་དེ་ཚེ་སྲོག་ལ་ཉེན་ཁ་ཡོད་པའི་ནད་པར་ཡང་བསྐྱར་ཚེ་སྲོག་གསར་པ་བྱུང་བ།  བོད་སྐྱོར་སྨན་ཁང་གི་མཛུབ་ཁྲིད་འོག་རྫོང་སྨན་ཁང་ཁག་གཅིག་གིས་མགོ་འབྱེད་དང་དཔྱི་ཚིགས་བརྗེ་རེས་སོགས་དཀའ་ཚེགས་ཆེ་ཙམ་དང་ཉེན་ཁ་ཆེ་ཙམ་ཡོད་པའི་གཤགས་བཅོས་བྱེད་ཆོག་གི་ཡོད་པ་རེད།
        ཅ་ཏན་ཏན་གྱིས་སྨན་བཅོས་ཤེས་ལྡན་མི་སྣས་“ཚོགས་པ་འཛུགས་པའི”བོད་སྐྱོར་གྱི་གཞི་རྩའི་ཉམས་མྱོང་ཕྱོགས་སྡོམ་བྱས་ན“ལྔ་བྱས་པ་གཅིག”ལ་ཕྱོགས་བསྡུས་བྱས་ཆོག་པ་སྟེ།  དམིགས་ཚད་ཁ་གསལ་ཞིག་ཡོད་པ་སྟེ“ཆག་པ་གཉིས་དང་འཕར་བ་གཅིག  མི་ཐོན་གསུམ”བཅས་མངོན་འགྱུར་ཧུར་ཐག་བྱེད་པའི་རྨང་གཞིའི་ཐོག་ཕྱོགས་བསྡུས་སྟོབས་ཤུགས་དང་སྨན་བཅོས་ཆུ་ཚད།  ཁྱབ་འགྱེད་སྐུལ་འདེད།  སྤྱི་ཡོངས་ཀྱི་བྱང་ཚད།  བདེ་ཐང་ཆུ་ཚད་བཅས་ཀྱི“སྤུས་ཚད་མཐོ་རུ་གཏོང་བའི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཐོན་པ་ལྔ”མངོན་འགྱུར་ཧུར་ཐག་བྱ་རྒྱུ་དེ་རེད། དཔུང་ཁག་སྟོབས་ལྡན་ཞིག་ཡོད་པ་ནི་གོ་རྟོགས་མཐོ་བ་དང་ལག་རྩལ་ལེགས་པ།  སྤྱོད་ཚུལ་བརྟན་པོ་བཅས་ཀྱི་ཕུལ་བྱུང་སྨན་བཅོས་མི་སྣ་འདེམས་མངགས་བྱས་ཏེ་སྨན་ཁང་གི་ལག་རྩལ་དང་ལམ་ལུགས།   བརྒྱུད་རིམ།  སྤྱོད་ཚུལ་བཅས་འདམ་འཁྱེར་ནས་སྤོས་འཛུགས་བ་ལྟ་བུའི་རོགས་སྐྱོར་བྱ་ཡུལ་སྨན་ཁང་དུ་རོགས་སྐྱོར་བྱ་རྒྱུ་དེ་རེད། ལམ་སྲོལ་བཟང་པོ་ཞིག་ཡོད་པ་ནི་རྒྱལ་ཁབ་རིམ་པའི་མཛུབ་ཁྲིད་མཐུན་སྦྱོར་དང་རང་སྐྱོང་ལྗོངས་དང་ས་ཁུལ་གྲོང་ཁྱེར་རིམ་པའི་སྒྲིག་འཛུགས་དོན་འཁྱོལ་དང་རོགས་སྐྱོར་བྱ་ཡུལ་ཕྱོགས་གཉིས་པོས་ཞིབ་ཕྲའི་ལག་བསྟར་བྱེད་པའི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་དང་འཐུས་ཚང་དུ་གཏོང་རྒྱུ་དེ་རེད། འགག་རྩའི་ཚད་བརྒལ་ཞིག་ཡོད་པ་ནི་གནད་ལ་འཁེལ་བའི་སྒོ་ནས་ནུས་ཤུགས་བཏོན་ནས་ས་གནས་དེ་གའི་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་དང་སྨན་ཁང་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པའི་ཚན་ཁག་གཙོ་གནད་གཏོད་དེ་འགག་རྩའི་རང་བཞིན་གྱི་ལག་རྩལ་གྱི་འཇུར་མིག་ལས་བརྒལ་གང་ཐུབ་བྱ་རྒྱུ་དེ་རེད། འགན་འཁྲི་ཞིག་ཡོད་པ་ནི་བླ་ན་མེད་པའི་ལས་རིགས་སྙིང་སྟོབས་དང་བོད་སྐྱོད་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་གངས་ལྗོངས་མཐོའི་མི་རིགས་ཁག་གི་མི་དམངས་ལ་སྤུས་ལེགས་དང་སྙིང་ཉེ་བའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དེ་རེད།  
        “གོམ་སྟབས་རྗེས་མར་ང་ཚོས་ཁ་གཏད་བོད་སྐྱོར་བྱས་ནས་ལོ30འཁོར་བ་གོ་སྐབས་སུ་བྱས་ཏེ་ཉམས་མྱོང་ཕྱོགས་སྡོམ་དང་ཤུགས་སྣོན་བརྒྱབ་སྟེ་སྨན་བཅོས་ཤེས་ལྡན་མི་སྣའི་‘ཚོགས་པ་འཛུགས་པསི་རྣམ་པ’བོད་སྐྱོར་གྱི་དམངས་འཚོའི་ལས་གྲྭ་དང་དམངས་སེམས་ལས་གྲྭ  སྤྱོད་བཟང་སྲིད་སྐྱོང་ལས་གྲྭ་གཏིང་ཟབ་དང་ཏན་ཏིག་ཏུ་མུ་མཐུད་སྐུལ་འདེད་བཏང་ནས་ས་མཐོའི་མང་ཚོགས་ལ་བདེ་ཐང་དང་བདེ་སྐྱིད་དེ་བས་མང་བ་གཏོད་རྒྱུ་ཡིན”ཞེས་ཅ་ཏན་ཏན་གྱིས་བཤད།