ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཐོན་ལས་འཕེལ་རྒྱས་མངོན་གསལ་དོད། མང་ཚོགས་ངོ་གདོང་འཛུམ་གྱིས་ཁེངས།

སྤེལ་དུས 2024-04-22 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་ཁང་དམར་རྫོང་ཉིང་རུ་སྨད་ཤང་སྟག་པ་གྲོང་ཚོའི་ཁེ་སྤོགས་བགོ་བའི་མཛད་སྒོ་འཚོག་ཡུལ་ཡིན་པ།
འདི་ནི་ཁང་དམར་རྫོང་ཀ་ལ་ཤང་ཀ་ལ་ཤར་གྲོང་ཚོའི་ཁེ་སྤོགས་བགོ་བའི་མཛད་སྒོ་འཚོག་ཡུལ་ཡིན་པ།
        ཉེ་ཆར། ཁང་དམར་རྫོང་གི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཁག་གིས་ཁེ་སྤོགས་བགོ་བའི་མཛད་སྒོ་གཅིག་རྗེས་གཉིས་མཐུད་ངང་འཚོགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཁེ་སྤོགས་བགོ་བ་དང་འབྲེལ་བ་ཡོད་པའི་མཉམ་ལས་ཁང་ཁྱོན་60དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཁྱོན་44ཡོད་པར། ཁེ་སྤོགས་ཁྱོན་སྒོར་ཁྲི་1324.9བགོས་པ། ཁེ་སྤོགས་རག་པའི་མི་གྲངས་ཁྲི་1.6ལྷག་ཙམ་ཟིན་ཡོད། ཁེ་སྤོགས་བགོ་ཡུལ་དུ་རྣམ་པ་འཁྲུག་ཆ་དོད་ལ། གྲོང་མི་ཚོས་མིང་ཐོའི་ཐོག་མིང་རྟགས་བཀོད་ནས་ཁེ་སྤོགས་ཀྱི་དངུལ་ལེན་གྱི་ཡོད། མིག་མཐོང་ལག་ཟིན་ཐུབ་པའི་ཁེ་སྤོགས་ཀྱི་དངུལ་དང་རེ་བས་ཁེངས་པའི་ཕྱུག་འགྱུར་ལམ་བུ་ལས་གྲོང་མི་ཚོའི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་མཆིས།