ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་200ལས་བརྒལ་བ།

སྤེལ་དུས 2024-04-22 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  འདི་ལོ་ཚུན། ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གིས་དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར་གྱི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་ཀྱིས་གཙོ་འགན་གཙོ་ལས་ལ་དམིགས་ནས། ཟླ་3པའི་ཟླ་མཇུག་བར། དངུལ་བུན་ཁག་གི་སྐབས་སྟོན་ལྷག་གྲངས་སྒོར་དུང་ཕྱུར་200ཡི་འགག་སྒོ་ཆེ་མོ་ལས་བརྒལ་ཏེ་སྒོར་དུང་ཕྱུར་200.07ཟིན་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར་25.79དངོས་སུ་འཕར་ནས་དངོས་ཚན་དཔལ་འབྱོར་དང་མཉམ་དུ་འཕེལ་རྒྱས་འགྲོ་བའི་འཁོར་རྒྱུག་བཟང་པོ་ཞིག་གྲུབ་ཡོད།
  ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གིས་དངུལ་རྩའི་ཞབས་ཞུའི་འཐབ་ཇུས་གལ་ཆེན་དང་གཙོ་གནད་རྣམ་གྲངས་མཐའ་འཁྱོངས་ཀྱིས་སྐྱེ་དངོས་སྨན་རྫས་དང་། སྔོན་ཐོན་བཟོ་སྐྲུན། ཆུ་བེད་ཆུ་གློག་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཡོད། ཟླ་3པའི་ཟླ་མཇུག་བར། དངུལ་ཁང་གིས་གཞུང་ཕྱོགས་ལ་དངུལ་བུན་བཏང་བའི་ལྷག་གྲངས་སྒོར་དུང་ཕྱུར་100ལས་བརྒལ་ཡོད།
  དམངས་འཚོའི་ཁྱབ་ཁོངས་སུ་ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གིས་སྡོད་ཁང་དང་། འཛད་སྤྱོད། ཐོན་སྐྱེད་གཉེར་སྐྱོང་བཅས་ལ་དམིགས་ནས“དྲ་ཐོག་དང་དྲ་མིན”ཕྱོགས་གཉིས་ཀར་ཤུགས་སྣོན་རྒྱག་པའི་མི་སྒེར་གྱི་ཡིད་རྟོན་དངུལ་བུན་ཞབས་ཞུའི་རྣམ་པ་གཏོད་པ་དང་། རང་སོ་སོའི་ཁྱད་ཆོས་ལྡན་པའི་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱས་ཏེ་དམངས་འཚོའི་ཁྱབ་ཁོངས་ཀྱི་དངུལ་རྩའི་མ་དངུལ་འགན་ལེན་ནུས་ལྡན་བྱས་ཡོད། ཟླ་3པའི་ཟླ་མཇུག་བར། དངུལ་ཁང་གི་མི་སྒེར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་98.16ཟིན་པ་དེ་ལོ་སྟོད་ལས་སྒོར་དུང་ཕྱུར་10.15འཕར་ཡོད།
  “ཞིང་གསུམ”ལས་དོན་ལ་དམིགས་ནས། ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གིས“བྱང་བུ་བཞིའི་ཡིད་རྟོན་དངུལ་བུན་མང་དུ་གཏོང་བ”དང“གྲོང་གསེབ་དར་རྒྱས། མཐའ་བརྟན་དངུལ་བུན”སོགས་ད་ཡོད་ཀྱི་ཐོན་རྫས་མུ་མཐུད་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་བ་དང་། “ཞིང་ཕན་eདངུལ་བུན”གྱི་ཐོན་རྫས་རབ་དང་རིམ་པ་ཁྱབ་གདལ་ཤུགས་ཆེན་གཏོང་བ། ཤུགས་ཚད་དེ་བས་ཆེ་བར་བརྟེན་ནས་གྲོང་གསེབ་དར་རྒྱས་ཁྱབ་ཁོངས་ཀྱི་དངུལ་རྩ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་དངུལ་རྩའི་ཞབས་འདེགས་གཏིང་ཟབ་ཞུས་ཡོད། ཟླ་3པའི་ཟླ་མཇུག་བར། དངུལ་ཁང་གི་ཞིང་འབྲེལ་དངུལ་བུན་སྒོར་དུང་ཕྱུར་100ཡི་འགག་སྒོ་ཆེ་མོ་ལས་བསྒྲལ་ནས། དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་101.77ཟིན་པ་དེ་ལོ་སྟོད་ལས་སྒོར་དུང་ཕྱུར་18.24དངོས་སུ་འཕར་བ་དང་། མཐའ་མཚམས་རྫོང་4ཡི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་49.08ཟིན་ནས་མང་ཚོགས་ཁྲི་2.02ལ་ཕན་པ་ཐོབ་ཡོད།