ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

གཞིས་རྩེ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭས་ནུས་པ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱས་པ།

སྤེལ་དུས 2024-04-22 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  འདི་ལོ་ཚུན་དུ། གཞིས་རྩེ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭས་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། “བྱེད་ཕོད་པ་བཞིའི”སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས། དགེ་རྒན་གྱི་ཀུན་སྤྱོད་ལེགས་སུ་གཏོང་བ་དང་། སློབ་གསོ་སློབ་ཁྲིད་ལེགས་སུ་གཏོང་བ། སློབ་མའི་དོ་དམ་ལ་ཤུགས་སྣོན་རྒྱག་པ། སློབ་གྲྭ་དང་ཁེ་ལས་མཉམ་ལས་དམ་ཟབ་བྱེད་པ་སོགས་ཀྱི་ཐད་ཤུགས་སྣོན་བརྒྱབ་སྟེ། ལས་རིགས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་བཏོད་ཡོད།
  སློབ་གྲྭས་ཐོག་མཐའ་བར་གསུམ་དུ་དགེ་རྒན་གྱི་ཀུན་སྤྱོད་དེ་སློབ་གྲྭའི་སྤྱོད་ཚུལ་འཛུགས་སྐྱོང་གི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས། དགེ་རྒན་ཡོངས་ཀྱི་ཁྲོད་སློབ་སྦྱོང་ལ་སྣང་ཆེན་དང་། ཆབ་སྲིད་ལ་སྣང་ཆེན། སྤྱོད་བཟང་ལ་སྣང་ཆེན། ཡར་རྒྱས་བརྩོན་ལེན་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་པ་མ་ཟད། ལས་རིགས་སློབ་གསོའི་དགེ་རྒན་གྱི་དཔུང་ཁག་ཅིག་ཀྱང་བཏོད་ཡོད། དཔེ་མཚོན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་པར་སྣང་ཆེན་བྱེད་པ་དང་སྔོན་ཐོན་དཔེ་མཚོན་འདེམས་འཛུགས་ཧུར་ཐག་བྱས་ནས། ལས་གཅེས་ལས་བཀུར་དང་། དཔེ་ཁྲིད་མི་སྐྱོང་། གཞན་ལ་མིག་དཔེ་སྟོན་པ། སྤྱོད་གཙང་སློབ་ཁྲིད་སོགས་ཐད་དམིགས་ཏེ། ཀུན་སྤྱོད་ལེགས་པའི་དགེ་རྒན་གྱི་མིག་དཔེ་གདན་དྲངས་ནས་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཏེ། རྒྱ་ཆེའི་དགེ་རྒན་ཚོའི་སྤྱོད་ཚུལ་སྒྱུར་བ་དང་། སྤྱོད་ཚུལ་སྲོང་བ། སྤྱོད་ཚུལ་ལ་ཤུགས་སྣོན་རྒྱག་པ། སྲོལ་གསར་གཏོད་པ་བཅས་ལ་སྐུལ་འདེད་བཏང་ཡོད་པ་རེད།
  རྐང་འཛིན་དགེ་རྒན་དང་གྲགས་ཅན་དགེ་རྒན་གྱི་མཛུབ་ཁྲིད་དང་། ཤུགས་རྐྱེན་བཟང་པོ། སྐྱོང་སྤེལ་བཅས་ཀྱི་ནུས་པ་བཏོན་ནས། ཡོངས་བསྒྲགས་སློབ་ཚན་དང་། དཔེ་སྟོན་སློབ་ཚན། ལྟ་སྦྱོང་སློབ་ཚན་བཅས་དང་“རྐང་འཛིན་དགེ་རྒན་གྱི་གླེང་སྟེགས”སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། དགེ་རྒན་གསར་པ་དང་དགེ་རྒན་གཞོན་ནུ་ཁག་གཅིག་མགྱོགས་མྱུར་འཚར་ལོངས་ཡོང་བར་སྐུལ་ཁྲིད་དང་ཁྲིད་སྟོན་གྱིས། དགེ་རྒན་ཤེས་ལྡན་པའི་དཔུང་ཁག་གི་སློབ་གསོ་སློབ་ཁྲིད་ཀྱི་འཇོན་ཐང་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་དགེ་སློབ་ཆ་15ཆ་བསྒྲིགས་ཡོད། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་བཀོད་སྒྲིག་ལ་མཛུབ་ཁྲིད་བྱས་ཏེ། སློབ་ཁྲིད་འགྲན་བསྡུར་དང་། ཆེད་དོན་བགྲོ་གླེང་། དགེ་རྒན་གསོ་སྦྱོང་སོགས་བྱེད་སྟངས་བརྒྱུད། 《མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ》དང《སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ》སོགས་ཀྱི་གཞིས་རྩེའི་ལས་རིགས་སློབ་གྲྭའི་ཁྱད་ཆོས་ལྡན་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ནུས་ཤུགས་ཡོད་རྒུས་བཏོད་ཡོད།
  སློབ་གྲྭས་ལས་ཀ་དང་སློབ་སྦྱོང་ཟུང་འབྲེལ་བྱ་རྒྱུ་དེ་ལས་རིགས་སློབ་གསོའི་ཤེས་ལྡན་པ་གསོ་སྐྱོང་གི་གཞི་རྩའི་བྱེད་སྟངས་སུ་བརྩིས་ནས། ལས་རིགས་སློབ་གསོས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བས་ལེགས་པའི་ཞབས་འདེགས་ཞུ་བར་སྐུལ་འདེད་བཏང་ཡོད། 2023ལོའི་བོད་ལུགས་གསོ་རིག་འཛིན་གྲྭའི་སློབ་མ་གསར་པའི་ཁྲོད་སློབ་མ་8དུས་ཐེངས་དང་པོའི་སློབ་མར་གཏན་འཁེལ་བྱས་པ་དང་། དཔྱད་ཞིབ་ཚད་གཞི་ལོན་མཁན་ཐད་ཀར་ལས་གནས་ཐོག་སྐྱོད་ཆོག་གི་ཡོད། དེ་དང་ཆབས་ཅིག་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་ཚན་པ་ཧུར་ཐག་གཏོད་དེ། ད་ཡོད་ཀྱི་མཉམ་ལས་ཁེ་ལས་56དང་མུ་མཐུད་ལས་དོན་ཡག་པོ་བསྒྲུབས་པའི་རྨང་གཞིའི་ཐོག ཤིར་ཏུན་གསོལ་མགྲོན་ཁང་དང་། ཐུང་ཧོ་སྨན་ཁང་། འཛམ་ནོར་སྨན་རྫས་སོགས་ཁེ་ལས་8དང་སློབ་གྲྭ་དང་ཁེ་ལས་དབར་མཉམ་ལས་གྲོས་མཐུན་བཞག་སྟེ། ཡུལ་དེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་སྔར་བས་ཆེ་རུ་བཏང་ཡོད།