ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྷ་སའི་ལོ10ཡི་རིང་གི་འགྱུར་ལྡོག་འདི་དག་མཐོང་ཐུབ།

སྤེལ་དུས 2024-06-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ས་མཐོའི་ལུང་གཞུང་དུ་གནས་པའི་ལོ་ངོ་སྟོང་གི་གནའ་གྲོང་ལྷ་སའི་པང་དུ། ལྷ་ས་སྐྱིད་ཆུ་དལ་གྱིས་རྒྱུག་བཞིན་ཡོད་ལ། སྐྱིད་ཆུའི་གཡས་གཡོན་གཉིས་ནི་ལྷོ་རི་དང་བྱང་རི་ཡིན།
             སྔོན་ཆད་རི་སྟེང་དུ་ལྗོན་ཤིང་ཧ་ཅང་མཐོང་དཀོན་ཞིང་། མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་སོགས་གཙོ་གནད་ལས་གྲྭ་ལག་ལེན་བསྟར་བས། ད་ཆ་ས་ཁོངས་འདིའི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།
             ཟླ6པའི་ཚེས17ཉིན་ནི་འཛམ་གླིང་གི་ཐང་རྒོད་ཅན་དང་ཐན་པ་འགོག་བཅོས་ཉིན་མོ་ཡིན་པས། ང་ཚོས་མཉམ་དུ་མཁའ་དབྱིངས་ནས་རྒྱང་ལྟ་བྱས་ཏེ་འཁོར་སྐར་མཐོང་སྣང་ཁྲོད་ཀྱི་ལྗང་མདོག་འགྱུར་ལྡོག་ལ་རྒྱུས་ལོན་ཞིག་བྱེད་པར་འགྲོ།

འཁོར་སྐར་མཐོང་སྣང་ཁྲོད་ཀྱི་ལྷ་སའི་ལྷོ་རིའི་སྤྱི་གླིང་གི་སྔོ་ཁེབས་འགྱུར་ལྡོག་གི་རི་མོ
             ལྷ་སའི་ལྷོ་རིའི་སྤྱི་གླིང་།
              སྤྱི་གླིང་འདི་ནི་ས་གནས་དེ་གའི་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པའི་བསྡུས་རིས་ཤིག་ཡིན་ཞིང་། 2012ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་རི་སྟེང་ནགས་བཟོའི་ཕན་པ་འཚོལ་ཞིབ་བྱས་ནས། དེ་སྔའི་རི་རྒོད་འདི་ཉིད་རིམ་བཞིན་ལྷོ་རིའི་སྤྱི་གླིང་དུ་འགྱུར་ཡོད། ལྷ་སའི་ལྷོ་རིའི་སྤྱི་གླིང་སོགས་དུས་འགོའི་རྣམ་གྲངས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་འདི་ཉིད2021ལོར་ལག་ལེན་བསྟར་འགོ་ཚུགས་ཡོད།

འཁོར་སྐར་མཐོང་སྣང་ཁྲོད་ཀྱི་ལྷ་ས་གྲོང་ཁྱེར་ཀྲུང་ཧྭ་རིག་གནས་སྤྱི་གླིང་གི་སྔོ་ཁེབས་འགྱུར་ལྡོག་གི་རི་མོ།
             ལྷ་ས་གྲོང་ཁྱེར་ཀྲུང་ཧྭ་རིག་གནས་སྤྱི་གླིང་།
             སྤྱི་གླིང་དེར་ས་ངོས་རྒྱ་ཁྱོན་མུའུ1057ཟིན་ལ། ལྷ་ས་སྐྱིད་ཆུའི་ཆུ་ཁོངས་མུའུ3000ཙམ་བསྐོར་ཞིང་། སྤྱི་གླིང་འདི2021ལོར་ཕྱི་ཕྱོགས་ལ་སྒོ་ཕྱེ་ཚུན། གནས་འདི་གྲོང་མི་ཚོའི་སྤྲོ་གསེང་བྱ་ཡུལ་གསར་པ་ཞིག་ཏུ་གྱུར་ནས། མི་དང་ལྡུམ་ར་ཕན་ཚུན་འཚམ་མཐུན་དང་། སྐྱེ་ཁམས་ཕན་ཚུན་གསབ་རེས། ཞབས་ཞུ་དེ་བས་སྟབས་བདེ་བཅས་ཀྱི་རྣམ་པ་ཞིག་གྲུབ་ཡོད།

འཁོར་སྐར་མཐོང་སྣང་ཁྲོད་ཀྱི་ལྷ་ས་གྲོང་ཁྱེར་གདོང་དཀར་སྡེ་ཁུལ་ཚོགས་ཆུང་གཉིས་པའི(ཤེལ་དཀར་རི་བོ)སྔོ་ཁེབས་འགྱུར་ལྡོག་གི་རི་མོ།
             གདོང་དཀར་སྡེ་ཁུལ་ཚོགས་ཆུང་གཉིས་པ།(ཤེལ་དཀར་རི་བོ)
             ལྷ་ས་གྲོང་ཁྱེར་གྱི་སྟོད་ལུང་བདེ་ཆེན་ཆུས་སུ་གནས་པའི་ཤེལ་དཀར་རི་བོ་ནི་སྔོན་ཆད་མིང་དོན་མཚུངས་པའི་རི་རྒོད་ཞིག་ཡིན་ཞིང་། ས་གནས་དེ་གའི་གྲོང་མི་ཚོས་རྒྱུན་བསྲིང་ལྷོད་མེད་ངང་ཤིང་འཛུགས་ནགས་སྐྲུན་བྱས་པ་བརྒྱུད། ད་ཆ་དཔྱིད་དྲོད་སླེབས་ནས་མེ་ཏོག་རྣམ་པར་བཞད་པའི་དུས་ཚིགས་འཆར་རིམ་བཞིན་འདི་གའི་རི་རྒོད་དག་གིས་ལྗང་མདོག་གོས་བཟང་བཀླུབས་ཀྱི་ཡོད།
ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་བོད་ལྗོངས་ཀྱི་ལུང་གཞུང་ས་ཁུལ་དུ་གཞི་ཁྱོན་ཅན་གྱི་སྐྱེ་ཁམས་འཛུགས་སྐྲུན་དང་སླར་གསོ་བྱེད་པའི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་ཐོག་མ་དེ་ཡིན་ཞིང་། མིག་སྔར་ནགས་བཟོ་ནགས་སྐྱོང་མུའུ་ཁྲི40ཙམ་བྱས་པ་དང་། སྡོང་ཕྲུག་སྣ་ཚོགས་ཁྲི8000ལྷག་ཙམ་བཏབ་ཡོད།

ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི2024ལོའི་དུས་ཐེངས་དང་པོའི་ལས་གྲྭའི་གོང་དཀར་རྫོང་གི་ནགས་བཟོའི་རྣམ་གྲངས་ཀྱི་གོང་དཀར་ཡུག་ཁུལ2པའི་ལས་གྲྭའི་ཁུལ་དུ་ས་གནས་དེ་གའི་གྲོང་མི་ཚོས་ཤིང་འཛུགས་ནགས་སྐྲུན་བྱེད་བཞིན་པ།
             ས་བབ་མཐོ་བ་དང་གནམ་གཤིས་སྐམ་ཤས་ཆེ་བ་སོགས་ཀྱི་རྐྱེན་པས། ཉེ་བའི་ལོ་ཤས་ཀྱི་རིང་ལ། འབྲེལ་ཡོད་སྡེ་ཁག་གིས་་ས་མཐོའི་ས་ཞིང་ལེགས་སྒྲིག་ལེགས་བཅོས་དང་། ཐན་འགོག་བརླན་སྲུང་། ནགས་བཟོ་ཆུ་འདྲེན་སོགས་ལག་རྩལ་གྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཡོད་ལ། ཤིང་རིགས་འདེམ་པའི་ཐད་ནས་ཀྱང་ཐན་འགོག་རང་བཞིན་ལ་དོ་སྣང་གིས་ཤིང་རིགས་དང་། མེ་ཏོག རྩྭ་རྩི་ཤིང་བཅས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་སྡོང་ཕྲུག་གསོན་ཚད་དང་ནགས་བཟོ་ཉར་ཚགས་བྱེད་ཚད་མཐོ་རུ་ཧུར་ཐག་བཏང་ཡོད།

ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ2024ལོའི་ལོ་འཁོར་གྱི(གོང་དཀར་གནམ་ཐང་ཉེ་འཁོར་གྱི་རི་བོ)བརྟན་པོའི་ངང་མཐོར་གཏོང་ལས་གྲྭའི་རྣམ་གྲངས་ཁྲོད་ཕྱོགས་གསུམ་པའི་ལྟ་སྐུལ་དོ་དམ་མི་སྣས་ཤིང་སྡོང་སྐྱེས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པ།
             2022ལོའི་ཚུན་ལ། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་སྔ་རྗེས་སུ་ཞིང་འབྲོག་པ་མི་ཐེངས་ཁྲི500ཙམ་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་ནས། རིམ་རྩིས་བྱས་ན་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར18.6ཙམ་ཡོང་བར་སྐུལ་ཁྲིད་བྱས་ཡོད།

ལྷ་ས་གྲོང་ཁྱེར་གདོང་དཀར་སྡེ་ཁུལ་གྱི་ཚོགས་ཆུང་གཉིས་པའི་གྲོང་མི་ཚོས་སྡོང་ཕྲུག་འཛུགས་བཞིན་པ།
             གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་རི་སྟོང་བཅས་སྲུང་སྐྱོང་ཡག་པོ་དང་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་གལ་འགངས་ཧ་ཅང་ཆེ་ལ། “དཔྱིད་དུས་མེ་ཏོག་མཐོང་ཐུབ་པ་དང་། དབྱར་དུས་བསིལ་གྲིབ་ཡོད་པ། སྟོན་དུས་ཚོན་མདངས་རྣམ་བར་བཀྲ་བ། དགུན་དུས་ལྗང་མདོག་མཐོང་ཐུབ་པ”བཅས་ཀྱི་རེ་འདོད་དག་རིམ་བཞིན་མངོན་འགྱུར་འབྱུང་བཞིན་ཡོད།
རྩོམ་སྒྲིག་པ། དཔལ་གཡང་།