ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

བོགས་གཏོང་ཁང་པ་ནས་རི་སྐྱེས་སྲོག་ཆགས་ཀྱི་ཀེང་རུས་རྙེད་འདུག

སྤེལ་དུས 2024-03-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤྱི་བདེ་ཅུས་ས་སྒག་སྒེས་མངགས་གཏོང་ཁང་གིས་ཁོངས་གཏོགས་ཁུལ་གྱི་དུད་ཚང་དུ་ཞིབ་བཤེར་ལས་དོན་སྤེལ་སྐབས།  བོགས་གཏོང་ཁང་པ་ཞིག་ནས་ཤྭ་རྭ8དང་དོམ་སུག4རྙེད་པ་རེད།

མི་དམངས་ཉེན་རྟོག་པས་དུད་ཚང་དུ་ཞིབ་བཤེར་བྱེད་སྐབས་ཤྭ་རྭ་དང་དོམ་སུག་རྙེད་པ།
            ཤེས་རྟོགས་བྱུང་བར་གཞིགས་ན། ཟླ3པའི་ཚེས12ཉིན་གྱི་དགོང་མོར་ཁ་རུབ་ཆུས་སྤྱི་བདེ་ཅུས་ས་སྒག་སྒེས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་སྐྱ་ཐང་ཁྲོམ་གཞུང་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཀྲེན་ཀྲང་གཞོན་པ། དུད་ཚང་དུ་སྐྱོད་མཁན་གྱི་མི་དམངས་ཉེན་རྟོག་པས་སྐྱ་ཐང་ཁྲོམ་གཞུང་ཚོགས་ཆུང་གསུམ་པའི་བོགས་གཏོང་ཁང་པར་ཞིབ་བཤེར་བྱེད་སྐབས་ཁང་པའི་ནང་དུ་དྲི་ངན་འཐུལ་ཞིང་། གྲལ་བཤེར་ཞིབ་ཚགས་བྱས་པ་བརྒྱུད་མི་དམངས་ཉེན་རྟོག་པས་ཁང་པ་དེའི་ཉལ་ཁང་གཅིག་གི་རྩིག་ཟུར་དུ་ཤྭ་རྭ8དང་དོམ་སུག4ཡོད་པ་མཐོང་། 
            དེ་འཕྲལ། མི་དམངས་ཉེན་རྟོག་པས་ཁང་པ་བོགས་མར་ལེན་མཁན་གྱི་གཡན་ཆེ་གེ་མོ་བཟུང་ནས་དེའི་ཡོང་ཁུངས་དྲིས་རྗེས་ཁ་རུབ་ཆུས་སྤྱི་བདེ་ཅུས་ལ་སྙན་སེང་ཞུས་ཏེ། ཁ་རུབ་ཆུས་སྤྱི་བདེ་ཅུས་ནགས་ཚལ་ཉེན་རྟོག་རུ་ཆེན་ལ་སྔར་བས་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད། 
            གྱོད་གཞི་སྒྲུབ་འགན་འཁུར་མཁན་གྱི་ཉེན་རྟོག་པས“རི་སྐྱེས་སྲོག་ཆགས་མང་པོའི་ཀེང་རུས་མཐོང་བ་ཙམ་གྱིས་ཧང་སངས་པ་ཡིན”ཞེས་དང་།  ཉེ་བའི་ལོ་ཤས་རིང་ཁ་རུབ་ཆུས་ཀྱི་ས་ཁོངས་སུ་ཁྲིམས་འགལ་ངང་རྔོན་རྒྱག་པའི་བྱ་སྤྱོད་མཐོང་དཀོན་པོ་རེད། དེས་ན་རི་སྐྱེས་སྲོག་ཆགས་ཀྱི་ཀེང་རུས་འདི་དག་གང་ནས་བྱུང་བ་ཡིན་ནམ་ཞེས་བཤད། དོགས་པ་འདི་སེལ་ཆེད། ནགས་ཚལ་ཉེན་རྟོག་པས་གཡན་ཆེ་གེ་མོ་ནས་འགོ་བརྩམས་ཏེ་ཉིན་མཚན་ཀུན་ཏུ་ཞིབ་བཤེར་བྱས། བརྟག་དཔྱད་བྱས་པ་ན། གཡན་ཆེ་གེ་མོས་སོ་སོས་སྒོར7000ལྷག་སྤྲད་ནས་རྒྱ་ཆེ་གེ་མོ་དང་པད་ཆེ་གེ་མོ་སོགས་བཞི་ཡི་ལག་ནས་རི་སྐྱེས་སྲོག་ཆགས་ཀྱི་ཀེང་རུས་འདི་དག་ཉོས་པ་ཡིན་ཞེས་བཤད།
            འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ནགས་ཚལ་ཉེན་རྟོག་པས་མཐར་ཁ་རུབ་ཆུས་ཡོར་པ་ཞང་གཡུ་སྐྱིད་གྲོང་ཚོ་ནས་ཉེས་གསོག་དོགས་ཅན་བཞི་པོ་འཛིན་བཟུང་བྱས་པ་རེད། 

མི་དམངས་ཉེན་རྟོག་པས་རྩད་ཆོད་པའི་ཤྭ་རྭ་བརྒྱད་དང་དོག་སུག་བཞི།
            བརྟག་དཔྱད་བྱས་པ་བརྒྱུད།  2023ལོའི་ཟླ8པར། རྒྱ་ཆེ་གེ་མོ་དང་པད་ཆེ་གེ་མོ་གཉིས་ཀྱིས་ཡོར་པ་ཞང་གི་མཚོ་མ་ལུང་དུ་ཕྱུགས་འཚོ་སྐབས་དོམ་ཞིག་གི་རོ་རྙེད་པ་དང་། དེ་རྗེས་དོམ་གྱི་སུག་ལག་འཁྱེར་བ་རེད། 2023ལོའི་ཟླ9པར། གཡན་ཆེ་གེ་མོ་ཡོར་པ་ཞང་དུ་ཁ་ལག་ཟ་དུས་རྒྱ་ཆེ་གེ་མོའི་ཁྱིམ་དུ་དོམ་སུག་ཡོད་པ་ཤེས། དེ་རྗེས་ཁོ་གསུམ་པོས་གྲོས་མོལ་བྱས་ཏེ་རིན་གོང་སྒོར6000བྱས་ནས་གཡན་ཆེ་གེ་མོར་བཙོངས་ཤིང་། དངུལ་དེ་དག་རྒྱ་ཆེ་གེ་མོ་དང་པད་ཆེ་གེ་མོ་གཉིས་བགོ་བཤའ་བརྒྱབ། 2023ལོའི་ཟླ12པར། གཡུ་ཆེ་གེ་མོ་དང་ཕུན་ཆེ་གེ་མོས་ཕྱུགས་འཚོ་སྐབས་དོམ་རོ་གཅིག་རྙེད་པ་དང་། དེ་རྗེས་དོམ་སུག་བཅད་དེ་ཁྱིམ་དུ་འཁྱེར། གཡན་ཆེ་གེ་མོས་གནས་ཚུལ་དེ་ཤེས་རྗེས། རྒྱ་མ་རེར་སྒོར100བྱིན་ནས་ཆབ་མདོ་གྲོང་ཁྱེར་དུ་འཁྱེར། 
            མིག་སྔར་གྱོད་གཞི་དེ་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད། 
            ཁ་རུབ་ཆུས་སྤྱི་བདེ་ཅུས་ཀྱི་དྲན་སྐུལ།
            རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱིས་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་ནས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་དེ་ཚོའི་ཀེང་རུས་རྔོན་རྒྱག་པ་དང་། གསོད་པ། ཉོ་ཚོང་། སྐྱེལ་འདྲེན་བཅས་རང་འགུལ་ངང་གཏན་འགོག་བྱེད་དགོས། དེ་དང་ཆབས་ཅིག་གཉེན་གྲོགས་ལ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་ཧུར་ཐག་གཏོང་དགོས་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་ཐོན་རྫས་ཉོ་བ་དེ་ཡང་ཉེས་གསོག་ཡིན་པས་མི་ཤེས་པའི་དབང་གིས་ལྡོག་ཐབས་བྲལ་བའི་མཇུག་འབྲས་མི་ཐོན་པ་བྱེད་དགོས། 
            ཉོས་པའི་སྲོག་ཆགས་ཀྱི་རིགས་ལ་དབྱེ་བ་འབྱེད་གསལ་པོ་བྱེད་དགོས་ཤིང་། སྲོག་ཆགས་ཡོད་ཚད་ཉོ་ཚོང་དང་གསོ་ཚགས་བྱས་ཆོག་པ་ཞིག་མིན། ཉོ་ཚོང་མ་བྱས་གོང་སྲོག་ཆགས་དེ་ནི་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་སྲོག་ཆགས(རིམ་པ་དང་པོ་དང་རིམ་པ་གཉིས་པ)དང་སུམ་ལྡན་སྲུང་སྐྱོབ་སྲོག་ཆགས(རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་པའི་སྐྱེ་ཁམས་དང་། ཚན་རིག སྤྱི་ཚོགས་བཅས་ཀྱི་རིན་ཐང་ལྡན་པའི་སྐམ་སའི་རི་སྐྱེས་སྲོག་ཆགས)ཡིན་མིན་ཞིབ་བཤེར་བྱེད་དགོས། 
            སྲོག་ཆགས་སྲུང་སྐྱོབ་ཀྱི་མིང་ཐོ་དུས་བཀག་ནང་གསར་པ་འདོན་གྱི་ཡོད་པས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་གཞུང་ཕྱོགས་དྲ་ཚིགས་ནས་ཤེས་རྟོགས་བྱ་ཆོག
            གཞན་ཡང་། རི་སྐྱེས་སྲོག་ཆགས་ལ་གནོད་སྐྱེལ་བའི་བྱེད་སྤྱོད་ལ་བཀག་འགོག་བསླབ་བྱ་དང་ཐེར་འདོན་གོང་ཞུ་བྱེད་དགོས། རྒྱ་ཆེའི་གྲོང་མི་དང་མང་ཚོགས་ཀྱིས་རང་ཉིད་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་དུས་ཐོག་ཏུ་རི་སྐྱེས་སྲོག་ཆགས་རྔོན་རྒྱག་པ་དང་ཉོ་ཚོང་བྱེད་པའི་བྱེད་སྤྱོད་ལ་ཁ་ཏ་བསླབ་བྱའམ་བཀག་འགོག་བྱེད་དགོས་པ་མ་ཟད། ས་གནས་དེ་གའི་འབྲེལ་ཡོད་གཙོ་གཉེར་ཚན་པར་སྙན་སེང་ཡང་ཞུ་དགོས། 

 
རྩོམ་སྒྲིག་པ། རིག་གྲོལ།