ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

ཡུལ་ཤུལ་འབྲི་སྟོད་རྫོང་དུ་ས་འགུལ་བྱུང་།

སྤེལ་དུས 2024-03-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ཀྲུང་གོའི་ས་འགུལ་ལས་ཁུངས་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན།  ཟླ3པའི་ཚེས26ཉིན་གྱི་ཆུ་ཚོད2དང་སྐར་མ33གྱི་སྟེང་དུ།  མཚོ་སྔོན་ཡུལ་ཤུལ་ཁུལ་འབྲི་སྟོད་རྫོང་དུ་ས་འགུལ་རིམ་པ4.5ཅན་བྱུང་བ་དང་།  ཡོམ་ཁུངས་ཟབ་ཚད་སྤྱི་ལེ8དང་།  ས་འགུལ་གྱི་ལྟེ་བ་བྱང་གི་འཕྲེད་ཐིག་ཏུའུ36.05དང་།  ཤར་གྱི་གཞུང་ཐིག་ཏུའུ91.55བཅས་རེད།
   


              ཉེ་འགྲམ་གྱི་གྲོང་ཚོ་དང་གྲོང་རྡལ། ས་འགུལ་ཐེངས་འདིའི་སྤྱི་ལེ20ཡི་ནང་ཚུན་དུ་གྲོང་ཚོ་མེད་པ་དང་སྤྱི་ལེ100ཡི་ནང་དུ་ཞང་དང་གྲོང་རྡལ་གང་ཡང་མེད།   
            ཉེ་འཁོར་རྫོང་གྲོང་། འགུལ་ལྟེ་ནས་མང་ནས་གྲོང་ཁྱེར་བར་དུ་སྤྱི་ལེ252ཡོད་པ་དང་།  བོད་ལྗོངས་ནག་ཆུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ511ཡོད་ལ།  ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ714ཡོད།   
            འགུལ་ལྟེའི་ས་དབྱིབས།  འགུལ་ལྟེ་ནས་སྤྱི་ལེ5ཡི་ཁྱབ་ཁོངས་སུ་ས་བབ་མཐོ་ཚད་ཆ་སྙོམས་སྨི4998རེད།   



            དེ་སྔོན་གྱི་ས་ཡོམ། ཀྲུང་གོ་ས་འགུལ་ལས་ཁུངས་དྲ་བའི་ས་འགུལ་དཀར་ཆག་ལྟར་ན།  འགུལ་ལྟེའི་ཉེ་འཁོར་གྱི་སྤྱི་ལེ200ཡི་ནང་ཚུན་དུ་ལོ5ཡི་ནང་རིམ་པ3ཡན་གྱི་ས་འགུལ་ཁྱོན19བྱུང་ཞིང་།  དེའི་ཁྲོད་ས་འགུལ་ཆེ་ཤོས་ནི2022ལོའི་ཟླ10པའི་ཚེས19ཉིན་མཚོ་སྔོན་མཚོ་ནུབ་ཁུལ་མང་ནས་གྲོང་ཁྱེར་དུ་བྱུང་པའི་ས་འགུལ་རིམ་པ5.5ཅན་དེ་(ད་ཐེངས་ཀྱི་ས་འགུལ་ལྟེ་བ་དང་བར་ཐག་སྤྱི་ལེ194)ཡིན་པ་དང་།  དེ་སྔོན་གྱི་ས་འགུལ་ཁྱབ་ཚུལ་གཤམ་གྱི་དཔེ་རིས་ལྟར་རོ། །

རྩོམ་སྒྲིག་པ། རིག་གྲོལ།