ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་གྱི་གྲོང་གསེབ་དར་སྤེལ་སློབ་གླིང་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ།

སྤེལ་དུས 2024-03-27 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
            ཟླ3པའི་ཚེས25ཉིན་མཚོ་སྔོན་གྱི་གྲོང་གསེབ་དར་སྤེལ་སློབ་གླིང་མཚོ་སྔོན་སློབ་ཆེན་དུ་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ་དང་། དེས་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་གཏོང་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་མ་ལག་སྔར་ལས་འཐུས་ཚང་དང་རིམ་སྤོར་བྱུང་བ་མཚོན་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་འཛུགས་སྐྱོང་གི་གོམ་སྟབས་ཁྱོན་ཡོངས་ནས་ཇེ་མགྱོགས་སུ་གཏོང་བ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བ་བཅས་ལ་སྐུལ་འདེད་བྱེད་པར་དོན་སྙིང་གལ་ཆེན་ལྡན།
            མཚོ་སྔོན་གྲོང་གསེབ་དར་སྤེལ་སློབ་གླིང་གིས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ངེས་གནས་གཏན་འཁེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་ཤེས་ལྡན་མི་སྣ་གསོ་སྦྱོང་བྱ་རྒྱུར་གཞི་འཛིན་སར་བྱས་ཏེ། གྲོང་གསེབ་ཀྱི་ཐོན་ལས་དང་ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས་བཅས་དང་རྩ་འཛུགས་དར་སྤེལ་སོགས་ལ་ཁ་ཕྱོགས་ནས། གྲོང་གསེབ་འཕེལ་རྒྱས་ཀྱི་ལམ་སྣེ་འཁྲིད་མཁན་དང་། ཐོན་ལས་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ། ཡུལ་སྲོལ་ཡ་རབས་ཀྱི་རྒྱུན་འཛིན་པ། ཞིང་ལས་ཚན་རྩལ་ཁྱབ་གདལ་གཏོང་མཁན། སྲིད་ཇུས་གསལ་པོ་ཤེས་མཁན་སོགས་གསོ་སྐྱོང་བྱས་པ་བརྒྱུད། གྲོང་གསེབ་ལ་དགའ་བ་དང་ཞིང་པར་དགའ་བ་བཅས་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་ལས་དོན་གྱི་དཔུང་ཁག་སྐོར་ཞིག་ཧུར་ཐག་སྒོས་སྐྱེད་སྲིང་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི“བློ་འདོན་ཚོགས་པ”དང་། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་ཀྱི“ཚོད་ལྟ་ཁང”ཞིང་གསུམ་ལས་བྱེད་པའི“སློབ་ཁང་ཆེན་པོ”དང་གྲོང་གསེབ་ཀྱི་ཤེས་ལྡན་པའི“གསོ་སྐྱོང་འཕྲུལ་ཆས”བཅས་སུ་གྱུར་ནས་དུས་རབས་གསར་པའི“ཞིང་གསུམ”ལས་དོན་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་སྲ་ཞིང་བརྟན་པའི་ཤེས་ལྡན་མི་སྣའི་རོགས་འདེགས་སྐྱོར་དང་ནུས་པ་འགན་སྲུང་བྱ་རྒྱུ་རེད།

རྩོམ་སྒྲིག་པ། རིག་གྲོལ།