ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

ནག་ཆུ་གྲོང་ཁྱེར་གྱིས་ཚོང་འགུགས་དངུལ་འདྲེན་དམ་འཛིན་བྱས་ནས་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བ།

སྤེལ་དུས 2024-03-27 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
            ཉེ་སྔོན། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན།  2023ལོར་ནག་ཆུ་གྲོང་ཁྱེར་གྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་གཏོད་པ་བཅས་བྱས་ནས། བྱེད་ཐབས་སྣ་མང་སྤྱད་དེ་ཚོང་འགུགས་དངུལ་འདྲེན་ལས་དོན་ལ་སྐུལ་འདེད་བཏང་།   བསྡོམས་རྩིས་བྱས་པར་གཞིགས་ན།  2023ལོར་ནག་ཆུ་གྲོང་ཁྱེར་དུ་ཚོང་འགུགས་དངུལ་འདྲེན་རྣམ་གྲངས51ཡོད་པ་དང་མ་དངུལ་སྒོར་དུང་ཕྱུར26.68དམིགས་སར་འབྱོར་ནས། ལོ་འཁོར་གྱི་དམིགས་ཚད་ལས་འགན་གྱི157%ཚད་བརྒལ་ངང་ལེགས་འགྲུབ་བྱུང་བ་དང་།  ལས་ཞུགས་མི་སྣ2237བསྡུ་ལེན་བྱས་པ།  གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར25.66བཏང་བ་དང་ངལ་ནུས་འབབ་འཕར་སྒོར་ཁྲི1531.9བྱུང་ཡོད།
            2023ལོར། ནག་ཆུ་གྲོང་ཁྱེར་གྱིས་རང་འགུལ་སྒོས་གནད་ཁེལ་ཚོང་འགུགས་བྱས་ནས་ཧྲེན་དབྱང་དུ་བོད་ལྗོངས་ནག་ཆུ་དང་ལིའོ་ཉིང་གི་ཚོང་འགུགས་དངུལ་འདྲེན་གྱི་འོས་སྦྱོར་འདུ་ཚོགས་རྒྱལ་ཁའི་ངང་གཉེར་བ་དང་། ཚོགས་འདུའི་ཐོག་རྣམ་གྲངས3ལ་གན་རྒྱ་བཞག་པ་དང་མ་དངུལ་སྒོར་དུང་ཕྱུར7ཙམ་བཏང་ཡོད་པའི་ནང་ནུས་ཁུངས་གཙང་མ་དང་ཚོང་ལས་ཕྱོགས་བསྡུས་སོགས་ཁྱབ་ཁོངས་ཚུད་ཡོད།  ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་ནག་ཆུ་གྲོང་ཁྱེར་གྱི་ཚོང་འགུགས་དངུལ་འདྲེན་གྱི་འོས་སྦྱོར་འདུ་ཚོགས་བདེ་བླག་ངང་གཉེར་བ་དང་།  ལས་སྟེགས་སྔར་བས་ཇེ་ལེགས་དང་ཐབས་ལམ་ལེགས་པོ་འདོན་པ། མཉམ་ལས་བར་སྟོང་སྔོག་འདོན།  རྣམ་གྲངས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པས། ཚོགས་འདུའི་ཐོག་རྣམ་གྲངས5རྒྱལ་ཁའི་ངང་གན་རྒྱ་བཞག་པ་དང་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར40.9ལ་སླེབས་ཡོད།
            དེ་དང་ཆབས་ཅིག ནག་ཆུ་གྲོང་ཁྱེར་གྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་ཤུགས་ཆེན་བྱས་ནས་དམངས་ཁྲོད་ཀྱི་མ་རྩ་ས་གནས་ཀྱི་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པར་རྒྱབ་སྐྱོར་བྱས་པ་དང་། དམངས་ཁྲོད་ཀྱི་མ་འཇོག་སྒོར་དུང་ཕྱུར5ཡན་ལེགས་པར་འགྲུབ་པ་རྒྱུན་འཁྱོངས་ཐུབ་པ།   ཚོང་འགུགས་བྱེད་ཐབས་གསར་གཏོད་དང་།  འགྲེམས་ཚོགས་ཀྱི་ཚོང་འགུགས་དང་བོད་སྐྱོར་ཚོང་འགུགས་ལ་ཤུགས་སྣོན།  ནག་ཆུའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པར་བྱས་ཏེ།   《ནག་ཆུ་གྲོང་ཁྱེར་གྱི་ཚོང་འགུགས་དངུལ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས》གང་མགྱོགས་སྒོས་གཏན་འཁེལ་བྱས་ནས།  གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་གསར་དར་ཐོན་ལས་ལ་དམིགས་ཏེ་སྐུལ་ཁྲིད་བྱེད་ནུས་ཆེ་བའི་ཁེ་ལས་རྣམ་གྲངས་སྐོར་གཅིག་ནང་འདྲེན་བྱས་པ། སྔོན་དཔག་བྱས་ན2024ལོར་ཚོང་འགུགས་དངུལ་འདྲེན་གྱི་གཞི་ཁྱོན་སྒོར་དུང་ཕྱུར23ཡན་དུ་ཟིན་རྒྱུ་རེད།

རྩོམ་སྒྲིག་པ། རིག་གྲོལ།