ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་ནས་བོད་ལྗོངས་བར་གྱི་ཐད་རྒྱུག་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གཞིར་ཆོག་མཆན་ཐོབ་པ།

སྤེལ་དུས 2024-04-09 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། ཀླུ་མོ་མཚོ་ཡིས་བསྒྱུར།
              ཉེ་སྔོན། གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་ནས་ཤེས་གསལ་ལྟར་ན། མཚོ་སྔོན་ནས་བོད་ལྗོངས་བར་གྱི་ཐད་རྒྱུག་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གཞིའི་ལག་བསྟར་བྱེད་ཐུབ་མིན་གྱི་ཞིབ་འཇུག་སྙན་ཞུར་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱི་མཆན་འགོད་བཀའ་ལན་ཐོབ་ཅིང་། དེས་ལས་གཞི་དངོས་སུ་སྐྲུན་མགོ་ཚུགས་པའི་དུས་སུ་སླེབས་པ་མཚོན་ཡོད་ལ། སྔོན་དཔག་བྱས་པ་ལྟར་ན2025ལོར་སྐྲུན་ཚར་ནས་འཁོར་རྒྱུག་བྱེད་མགོ་ཚུགས་རྒྱུ་རེད།
              ཤེས་གསལ་ལྟར་ན། མཚོ་སྔོན་ནས་བོད་ལྗོངས་བར་གྱི་ཐད་རྒྱུག་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གཞིར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར26.03གཏོང་རྩིས་ཡོད་ཅིང་། དེའི་ཁྲོད་ཀྲུང་དབྱང་སྔོན་རྩིས་ནང་མ་འཇོག་སྒོར་དུང་ཕྱུར13.01བྱས་ཡོད་པ་དང་དེས་ལས་གཞི་སྤྱིའི་མ་འཇོག་གི50%ཙམ་ཟིན་ཡོད། དེའི་ནང་མཚོ་སྔོན་ན་གོར་མོའི་བརྗེ་སྒྱུར་ས་ཚིགས་དང་བོད་ལྗོངས་ལྷ་སའི་བརྗེ་སྒྱུར་ས་ཚིགས་རྒྱས་སྐྲུན་དང་། བོད་དབུས་རྒྱུད་ཀྱི་ཀྲའོ200ཡི་པར་ཆས་སྒྲིག་སྦྱོར་ལས་གཞི་བསྐྲུན་པ། ལྷུ་ལག་ཆ་ཚང་སྒྲིག་པའི་ཆན་ཧྥུ220ཡི་ཕྱིར་སྐྱེལ་ལམ་ཐིག་གསར་དུ་སྐྲུན་པ་སོགས་འདུས་ཡོད། 
              ལས་གཞི་སྐྲུན་ནས་ཐོན་སྐྱེད་བྱེད་མགོ་ཚུགས་རྗེས། མཚོ་སྔོན་ནས་བོད་ལྗོངས་བར་གྱི་ཐད་རྒྱུག་གློག་གཏོང་ནུས་པ་སྟོང་ཝ་ཁྲི60ནས་སྟོང་ཝ་ཁྲི120བར་ཇེ་མཐོར་ཕྱིན་པ་རེད། དེས་མཚོ་སྔོན་དང་བོད་ལྗོངས་བར་གྱི་གློག་དྲའི་གློག་ཤུགས་ཆད་ལྷག་དང་རོགས་རེས་ནུས་པ་མངོན་གསལ་མཐོར་འདེགས་སུ་བཏང་ནས། བོད་ལྗོངས་གློག་དྲའི་གློག་ཤུགས་ཐེག་ཚད་འཕར་བའི་དགོས་མཁོ་སྔར་ལས་ལྷག་པའི་སྒོ་ནས་སྐོང་ཐུབ་པ་དང་། བོད་དབུས་གློག་དྲའི་གློག་ཤུགས་ཀྱི་འདོན་སྤྲོད་དང་དགོས་མཁོའི་འགལ་བ་ཞི་ལྷོད་དུ་གཏོང་བ་མ་ཟད། ད་དུང་བོད་ལྗོངས་སུ་གློག་ཤུགས་འབེལ་བའི་དུས་སུ་ལྷག་འཕྲོའའི་གློག་ཤུགས་ཕྱིར་སྐྱེལ་བར་ཆ་རྐྱེན་བསྐྲུན་པ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ས་ཁུལ་ཁ་ཤས་ཀྱི་པར་ཆས་སྒྲིག་སྦྱོར་ལས་གཞི་ལག་བསྟར་བྱས་པ་བརྒྱུད། བོད་དབུས་གློག་དྲར་འགུལ་རྣམ་འདེགས་སྐྱོར་དང་མ་ལག་ལམ་ཐུང་གི་ཤོང་ཚད་མཁོ་འདོན་བྱེད་ཐུབ་པ་དང་། བོད་དབུས་གློག་དྲ་བདེ་འཇགས་དང་བརྟན་པོའི་ཆུ་ཚད་ཇེ་མཐོར་གཏོང་བ། བོད་དབུས་གློག་དྲའི་ཐད་རྒྱུག་སྤྱིའི་གློག་སྤྱོད་ནུས་པ་མཐོར་འདེགས་སུ་ཕྱིན་པ། དེ་དང་ཆབས་ཅིག་བོད་དབུས་ས་ཁུལ་གྱི་ནུས་ཁུངས་གཙང་མའི་ས་ཚིགས་མང་པོའི་ལམ་ཐུང་བསྡུར་ཚད་ཇེ་མཐོར་གཏོང་བ་དང་ནུས་ཁུངས་གསར་བའི་དང་ལེན་ནུས་པ་ཇེ་མཐོར་གཏོང་བའི་འགན་གཅིག་ལྕོག་ཏུ་བཞེས་ཐུབ།

རྩོམ་སྒྲིག་པ། རིག་གྲོལ།