ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

ཞབས་ཞུའི་འགན་ལེན་ལ་བརྟེན་ནས་ལས་ཕྱོད་ཆེ་རུ་བཏང་བ།

བོད་ལྗོངསཀྱིས་གནམ་གཤིས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

སྤེལ་དུས 2024-04-12 ཡོང་ཁུངས། རྩོམ་པ་པོ།

             2023ལོར་བོད་ལྗོངསཀྱི་གནམ་གཤིས་སྡེ་ཚན་ཁག་གིས་ཐོན་མང་བའི་གནམ་གཤིས་ཀྱི་དོན་རྐྱེན་ལ་ཁ་གཏད་ནུས་ལྡན་བཅག་ཅིང་། བོད་ལྗོངསཀྱི་གནམ་གཤིས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་སྟེ། མི་དམངས་ལ་ཞབས་འདེགས་ཞུ་བར་གྲུབ་འབྲས་གསར་པ་ཐོབ་པ་དང་། ལོ་འཁོར་གྱི་ལས་འགན་ཁག་ལེགས་གྲུབ་ཡག་པོ་བྱུང་བ་རེད།

             རྨང་གཞིའི་ནུས་པ་མུ་མཐུད་ཆེ་རུ་བཏང་བ།

             རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཏང་ཙུའི་ཧྲུའུ་ཅི་ཤང་ཡུས་དབྱི་ཡིས་ངོ་སྤྲོད་བྱས་པར། བོད་ལྗོངས་ཀྱིས་ལྗོངས་ཕྱི་ནང་གི་ཚན་པ་10དང་མཉམ་ལས་གྲོས་མཐུན་བཞག་པ་མ་ཟད། རྒྱལ་ཡོངས་ཀྱི་གནམ་གཤིས་སྡེ་ཚན་གྱི་སྤུན་ཟླའི་ཚན་པ་36དང་བོད་སྐྱོར་འབྲེལ་མཐུད་བྱས་ཤིང་། ས་གནས་ཀྱི་ཞིབ་མཆན་ཐོག་མར་ཐོབ་ནས“ལོ་ལྔ་ཚན་བཅུ་བཞི་པའི”བོད་ལྗོངས་ཀྱི་ཆེད་དོན་མ་དངུལ་རག་པ་དང་སྒོར་དུང་ཕྱུར་2བརྩོན་ལེན་བྱས་ནས་རྒྱལ་བུན་རྣམ་གྲངས་མང་དུ་བཏང་བ་རེད། 2024ལོར་ས་གནས་ནོར་སྲིད་རྣམ་གྲངས་ཀྱི་སྔོན་རྩིས་2023ལོ་ལས་60%འཕར་བ་དང་། གནམ་གཤིས་ཚན་རྩལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་བཀྲམ་ནས་གནམ་གཤིས་ཚན་རྩལ་ཐོན་ལས་ཀྱི་ཡོང་འབབ་ལོ་གོང་མ་ལས་50%འཕར་བ་རེད།

             2023ལོར་བོད་ལྗོངསཀྱིས་གནམ་གཤིས་ཚན་རྩལ་གྱི་གྲུབ་འབྲས་ལ་གདེང་འཇོག་བྱེད་པའི་ལག་བསྟར་ཞིབ་སྲོལ་བཏོན་ཞིང་། འགག་རྩའི་ལྟེ་བའི་ཚན་ཞིབ་གནད་དོན་ཁག་65ལ་ཞིབ་འཇུག་བྱས་ནས་ཚན་ཞིབ་འགྲོ་གྲོན་སྒོར་ཁྲི་1183.6དོན་འཁྱོལ་བྱས་པ་དེ་ལོ་གོང་མ་ལས་14%འཕར་བ་དང་། ཚན་རྩལ་ཐིང་དང་མཉམ་འབྲེལ་གྱིས་གནམ་གཤིས་ཁྱབ་ཁོངས་སུ་སྒོར་ཁྲི་150ཟིན་པའི་རྣམ་གྲངས་ཀྱི་ཐེབས་རྩ་བཙུགས་པ་རེད། “ཁས་ལེན་གཙོ་འགན”རྣམ་གྲངས་ནང་ཐོག་མར་ཞུགས་པ་དང་། ཆེད་རྩོམ་5དཔེ་སྐྲུན་བྱས་ཤིང་། དཔྱད་རྩོམ་111སྤེལ་ལ། མེ་ཏོག་རྫོང་གི་ཕྱི་རོལ་ཚན་རིག་ཚོད་ལྟའི་རྟེན་གཞི་དེ་བོད་ལྗོངས་ཀྱི་ཕྱི་རོལ་ཚན་རིག་ལྟ་ཞིབ་ཚད་འཇལ་ས་ཚིགས་ཁག་དང་པོར་བདམས་པ་དང་། རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བའི་གསར་གཏོད་ལས་དོན་ཁང་1མང་དུ་བཏང་བ་རེད།

             གནམ་གཤིས་ཀྱི་འགན་ལེན་ཆུ་ཚད་མཐོ་རུ་བཏང་བ།

             2023ལོར་བོད་ལྗོངསཀྱི་གནམ་གཤིས་སྡེ་ཚན་གྱིས་ཞིང་ལས་དང་གྲོང་གསེབ་སྡེ་ཚན་དང་མཉམ་ལས་བྱས་ཏེ་ནས་ཀྱི་གནམ་གཤིས་ཞབས་ཞུའི་ལྟེ་གནས་བཙུགས་པ་དང་། ཞིང་ལས་ཀྱི་གནམ་གཤིས་གནོད་འཚེའི་ཉེན་ཟོན་སྔོན་བརྡ་ཐེངས་11བཏང་བ་དང་མི་ཐབས་ཀྱིས་གནམ་གཤིས་སྒྱུར་བའི་ལས་དོན་ཐེངས་1348སྤེལ་ཡོད། སྤྱི་བདེ་དང་འགྲིམ་འགྲུལ་སྡེ་ཚན་དང་མཉམ་དུ་རྒྱལ་ལམ་318ཀྱི་གསེར་སྐྱེམས་ལའི་དུམ་བུ་སོགས་ལམ་དུམ་3དུ་དམར་ཕྱིའི་ཚ་ནུས་ཀྱི་ས་བཀྲ་སྒྲིག་བཟོ་བྱས་ནས་གནམ་གཤིས་ངན་པའི་སྐབས་སུ་ལམ་བུ་ཤར་བགྲོད་ཐུབ་པར་བྱས་ཤིང་། ནུས་རྒྱུ་དང་གློག་ཤུགས་སྡེ་ཚན་དང་མཉམ་དུ་ལྟེ་བའི་གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་དང་ནུས་རྒྱུ་མཁོ་སྤྲོད་འགན་ལེན་གྱི་གནམ་གཤིས་ཞབས་ཞུའི་ལས་དོན་སྤེལ་བ་རེད། བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པ་དང་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པ་སོགས་ཀྱི་བྱེད་སྒོ་གལ་ཆེན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱས་པ་དང་། སྡོད་ཁང་འཛུགས་སྐྲུན་དང་འཕྲལ་སྡོམ་སོགས་སྡེ་ཚན་དང་མཉམ་དུ་ཐོག་འགོག་བདེ་འཇཌ་ཀྱི་སྤྱི་ཚོགས་ལྟ་འདོམས་འགན་འཁྲི་དོན་འཁྱོལ་བྱས་པ་རེད།

             “2023ལོར་བོད་ལྗོངསཀྱིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སོགས་ལ་དམིགས་ནས་སྐྱེ་ཁམས་སླར་གསོ་རྣམ་པའི་མི་ཐབས་ལ་བརྟེན་ནས་ཆར་ཆུ(གངས)མང་གཏོང་གི་ལས་སྒོ་ཐེངས་24སྤེལ་ཞིང་། ‘གནམ་གཤིས﹢’ཡི་ལས་དོན་ཧུར་ཐག་སྤེལ་ནས་གཙང་པོ་དང་མཚོའི་ཆུ་འགོ་17དང་འཁྱགས་རོམ་11ལ་ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་བྱས་པ་རེད། 2023ལོར་བོད་ལྗོངས་ཀྱི་སྐྱེ་ཁམས་རྒྱང་ཚོར་གྱི་ལོའི་སྙན་ཞུ་ཕུལ་བྱུང་ལ་བདམས་པ་དང་ནག་ཆུའི་དབྱར་རྩྭ་དགུན་འབུར‘གནམ་གཤིས་ཀྱི་སྐྱེ་ཁམས་ཐོན་ཟོག་རྩེ་གྲའི’མཚན་སྙན་ཐོབ་ཡོད”ཅེས་ཤང་ཡུས་དབྱི་ཡིས་ངོ་སྤྲོད་བྱས་པ་རེད།

             ལོ་འཁོར་གྱི་ལས་འགན་ཕན་འབྲས་མཐོན་པོས་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་པ།

             2024ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་འཆར་འགོད་ལག་ལེན་བསྟར་བའི་འགག་རྩའི་ལོ་ཞིག་དང་གནམ་གཤིས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལོ་ལྔ་པ་རེད། ཤང་ཡུས་དབྱི་ཡིས་ལྗོངས་ཡོངས་ཀྱི་གནམ་གཤིས་སྡེ་ཚན་གྱིས་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་ཉུང་གཏོང་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་གནམ་གཤིས་ཚན་རྩལ་གྱི་ནུས་པ་དེང་རབས་ཅན་དང་སྤྱི་ཚོགས་ཞབས་ཞུ་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ་སྔར་བས་དངོས་སྒྲུབ་ཀྱི་བྱ་ཐབས་སྤྱད་ནས་ལོ་འཁོར་གྱི་ལས་འགན་དུས་ཐོག་དང་སྤུས་ཚད་འགན་ལེན་གྱིས་ལེགས་སྒྲུབ་བྱེད་ཀྱི་ཡིན་ཞེས་བཤད།

             གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་ཉུང་གཏོང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ལྗོངས་ཡོངས་ཀྱི་གནམ་གཤིས་སྡེ་ཚན་གྱིས་གནམ་གཤིས་གནོད་འཚེའི་འཕྲལ་སྡོམ་བརྡ་ལན་དང་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཁར། ད་ལྟ་ལག་ལེན་བསྟར་བཞིན་པའི་གནམ་གཤིས་ཞབས་ཞུའི་ཐོན་རྫས་ལེགས་སུ་གཏོང་རྒྱུ་ཡིན་ཞིང་། རྨང་གཞིའི་ལས་སྒོའི་ནུས་པ་ཆེ་རུ་གཏོང་བའི་ཐད་རང་ཡུལ་གྱི་གནམ་གཤིས་དྲ་བའི་སྔོན་དཔག་མ་ལག་གསར་སྤེལ་བྱས་ནས་2024ལོར་སྔོན་དཔག་དབྱེ་འབྱེད་བྱེད་ཚད་སྤྱི་ལེ་30ཟིན་པའི་བརྩོན་ལེན་བྱ་རྒྱུ་རེད།

             “ལོ་གསར་པར། ལྗོངས་ཡོངས་ཀྱི་གནམ་གཤིས་སྡེ་ཚན་གྱིས་དམངས་འཚོའི་བདེ་སྐྱིད་ཀྱི་དགོས་མཁོར་མུ་མཐུད་དམིགས་ཏེ་ཞིང་ལས་ཀྱི་གནམ་གཤིས་གནོད་འཚེའི་ཉེན་ཁའི་སྔོན་བརྡའི་ནུས་པ་ཆེ་རུ་བཏང་ནས་ཞིང་འབྲོག་ལས་ཀྱི་སེར་འགོག་གེགས་སེལ་དང་ཐན་འགོག་ཆར་སྣོན་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། སྤྱི་བདེ་དང་། འགྲིམ་འགྲུལ་སྐྱེལ་འདྲེན། དམངས་སྤྱོད་མཁའ་འགྲུལ་སོགས་སྡེ་ཚན་ཁག་དབར་མཉམ་ལས་མཉམ་འགུལ་དང་ཆ་འཕྲིན་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་རྒྱུ་གཙང་མའི་ཆེད་ལས་ཀྱི་གནམ་གཤིས་ཞབས་ཞུའི་ཕན་འབྲས་ཆེ་རུ་གཏོང་བ། སྨུག་ཕྱིའི་འོད་ཟེར་དང་། གསོ་རླུང་འདུས་ཚད། མི་ལུས་བདེ་ཚད་སོགས་ཞིབ་ཚགས་ཅན་གྱི་རིག་གནས་ཡུལ་སྐོར་དང་ལུས་གསོའི་ཞབས་ཞུའི་ཐོན་རྫས་མཁོ་འདོན་བཅས་བྱེད་ཀྱི་ཡིན”ཞེས་ཤང་ཡུས་དབྱི་ཡིས་བཤད། 


རྩོམ་སྒྲིག་པ།  རིག་གྲོལ།