ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་། དམངས་ཀྱི་སེམས་ལ་དྲོ་སྐྱིད་སྦྱིན།

སྤེལ་དུས 2024-04-12 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
           ཉེ་ཆར། གསར་འགོད་པ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་བཟང་མོ་སྡེ་ཁུལ་དུ་སྐྱོད་སྐབས། གཞུང་ལམ་གཡས་གཡོན་དུ་LEDཉི་ནུས་གློག་སྒྲོན་གསར་རྐྱང་བསྒར་འདུག་ལ་དེ་སྔའི་ས་འོག་ཆུ་འགྲོའི་ཁེབས་གཅོད་རྙིང་པ་ཚང་མ་བརྗེས་པ་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བས་ཁོངས་གཏོགས་ཁུལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་འདུག
           བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཁག་གཉིས་པ་སྤེལ་ཚུན། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་བཟང་མོ་སྡེ་ཁུལ་གྱིས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ་མང་ཚོགས་ཀྱི་རེ་ཞུ་ཉན་པ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། ནུས་ཤུགས་ཡོད་རྒུས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། གློག་སྒྲོན་གསལ་དུ་གཏོང་བ་དང་ས་འོག་ཆུ་འགྲོའི་ཁེབས་གཅོད་བརྗེ་བ་སོགས་བྱས་ནས་དམངས་ལ་བྱ་བ་དངོས་སྒྲུབ་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ཀྱི་དཀའ་གནད་སེལ་བ་བཅས་བྱས་པ་མ་ཟད། བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་སྦྱོང་གི་གྲུབ་འབྲས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་དངོས་ལ་འགྱུར་བར་བྱས་ནས་དམངས་འཚོའི་རྒྱུཊ་ལན་ཡག་པོ་ཞིག་ཕུལ་ཡོད།
           གསར་འགོད་པར་ཤེས་རྟོགས་བྱུང་བར། བཟང་མོ་སྡེ་ཁུལ་གྱི་ཁྲོམ་གཞུང་དུ་འགྲོ་འོང་བྱེད་མཁན་མི་སྣ་དང་རླངས་འཁོར་མང་བ་དང་གཞུང་ལམ་གཡས་གཡོན་གྱི་གློག་སྒྲོན་དང་ས་འོག་ཆུ་འགྲོའི་ཁེབས་གཅོད་དུས་ཚོད་རིང་པོ་སོང་སྟབས་གཏོར་སྐྱོན་ཕོག་ནས་གྲོང་མིར་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཆེན་པོ་སྟབས་ མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་སྡེ་ཁུལ་བཀྲག་མདངས་འཚེར་བ་བྱ་ཆེད། བཟང་མོ་སྡེ་ཁུལ་གྱིས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་སྤྱོད་ཆེན་པོ་དང་ཟུང་འབྲེལ་བྱེད་པ་དང་གྲོང་སྡོད་ལས་དོན་རུ་ཁག་དང་མཉམ་དུ་མི་སྣ་སྒྲིག་འཛུགས་ཐེངས་མང་བྱས་ཏེ་ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་། བསམ་འཆར་བསྡུ་ལེན། ཞིབ་འཇུག་གྲོས་མོལ་བཅས་བྱས་ནས་ཁོངས་གཏོགས་ཁུལ་གྱི་ཁྲོམ་གཞུང་གློག་སྒྲོན་དང་ས་འོག་ཆུ་འགྲོའི་ཁེབས་གཅོད་ཚང་མ་བརྗེ་རྒྱུའི་གཏན་འཁེལ་བྱས། མིག་སྔར། ཉི་ནུས་LEDགློག་སྒྲོན་16བསྒར་ཟིན་པ་དང་ས་འོག་ཆུ་འགྲོའི་ཁེབས་གཅོད་གོག་ཏོ་44བརྗེས་པས་མང་ཚོགས་དུད་ཚང་8500ཡི་མི་ཐེངས་ཁྲི་1.3ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད། 

རྩོམ་སྒྲིག་པ། རིག་གྲོལ།