ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

དམངས་ལ་ཁ་ཞེ་གཉིས་མེད་བྱེད་མཁན་གྱི་གྲོང་སྡོད་ལས་དོན་རུ་ཁག

སྤེལ་དུས 2017-12-22 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། བསོད་ནམས་སྟོབས་ལགས།
          “ལས་དོན་རུ་ཁག་ང་ཚོའི་གྲོང་ཚོར་སླེབས་ཚུན། ལོ་ལྟར་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་པ་གཅིག་པ་མིན་ཡང་ཁོང་ཚོས་དངོས་གནས་དྲང་གནས་མི་སེར་ལ་བྱ་བ་མི་ཉུང་བ་ཞིག་བསྒྲུབས་ཡོད། དེར་བརྟེན་རང་ཉིད་ཀྱིས་སེམས་གཏིང་ནས་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”གྲོང་སྡོད་ལས་དོན་རུ་ཁག་གི་སྐོར་གླེང་སྐབས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་དར་དམར་གྲོང་ཚོའི་གྲོང་མི་ཟླ་བ་བསམ་གྲུབ་ཀྱིས་ལོ་དེ་དག་རིང་རང་ཉིད་ཀྱིས་ཚོང་ཁང་ཆུང་ཆུང་ཞིག་འཛུགས་རྩིས་བྱས་པ་ཡིན། ལས་དོན་རུ་ཁག་གིས་མ་དངུལ་གྲབས་གསོག་བྱེད་པ་ནས་འབྲེལ་ཡོད་འགྲོ་ལུགས་དང་ལག་ཁྱེར་གཉེར་བའི་བར་རོགས་པ་མང་པོ་གནང་བྱུང་ཞེས་བཤད།
          རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་དར་དམར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག(ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་མངགས་གཏོང་བྱས་པ)གི་འགན་འཁུར་བས་ན་ནིང་དར་དམར་གྲོང་ཚོ་ཨུ་ཡོན་ལྷན་ཁང་དུ་བཅའ་སྡོད་བྱས་ཚུན་ལས་དོན་རུ་ཁག་གིས་གཙོ་གནད་ལས་དོན་ཁག་བདུན་བསྒྲུབ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་འགན་འཁྲིར་བརྩིས་ནས་གཞི་རིམ་དུ་སྐྱོད་པ་དང་། མང་ཚོགས་དང་ཉེ་བཅར་བྱེད་པ། གྲོང་ཚོའི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་ཤེས་རྟོགས་བྱེད་པ། མང་ཚོགས་ཚོས་རྒྱ་ཁྱབ་ངང་དོ་ཁུར་བྱེད་པའི་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱས་ཏེ་གྲོང་སྡོད་ལས་དོན་གྱི་རྨང་གཞི་བརྟན་དུ་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
          ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ནི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་ཐོབ་པའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་གི་སྐར་ཁུང་ཞིག་དང་མིང་བྱང་ཞིག་ཡིན་པ་ཚང་མས་ཤེས་གསལ་རེད། “དར་དམར་གྲོང་ཚོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་མི་དམངས་བདེ་སྡོད་ལས་བརྩོན་དང་། སྒྱུར་བཅོས་འཕེལ་རྒྱས་ཀྱི་ཕན་པ་ལོངས་སུ་སྤྱོད་མཁན་གྱི་དཔེ་མཚོན་ཞིག་རེད། གྲོང་ཚོའི་བཀོད་པའི་གལ་ཆེའི་རང་བཞིན་ནི་སྨོས་མི་དགོས་པ་ཞིག་རེད”ཅེས་དར་དམར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་དཀར་གྱིས་བཤད།
          དར་དམར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིར་ཁོངས་གཏོགས་ཁུལ་གྱི་དར་དམར་འབྱོར་འབྲིང་དཔེ་སྟོན་ཁུལ་ཆུང་གི་རྒྱལ་སྒོ་དང་བྱང་ངོས་ཀྱི་སྒོ་ར་ཡོད་པའི་ཁང་པར་དེ་སྔ་བསྒར་བའི་ལམ་སྒྲོན་ཚང་མ་འཕྲོ་བརླག་ཏུ་ཕྱིན་ནས་དགོང་མོ་གྲོང་མི་ཕྱིར་སྐྱོད་ལ་སྟབས་བདེ་མི་འདུག་ཅེས་དར་དམར་གྲོང་ཚོ་རགས་ཆུ་ཚོགས་ཆུང་གི་མང་ཚོགས་ཀྱིས་ཞུས་པའི་གནས་ཚུལ་ཞིག་འབྱོར། ལས་དོན་རུ་ཁག་དང་རགས་ཆུ་ཚོགས་ཆུང་གི་འགན་འཁུར་བས་ས་གནས་ས་ཐོག་ཏུ་ཞིབ་བཤེར་དང་གྲོས་མོལ་བྱས་པ་བརྒྱུད་ཁུལ་ཆུང་གི་རྒྱལ་སྒོར(LED)གྱང་བཞུ་4དང་། གྲོང་མིའི་ཁུལ་གྱི་སྒོ་ར་ཡོད་པའི་ཁང་པའི་མ་ལམ་གཉིས་ལ(LED)ལམ་སྒྲོན་8བསྒར་རྒྱུའི་འཆར་གཞི་བཏིང་པ་རེད།
          ལས་དོན་རུ་ཁག་དང་གྲོང་ཚོ་ཨུ་ལྷན་གྱི་འབད་བརྩོན་དང་རྒྱ་ཆེའི་གྲོང་མི་ཚོའི་གཞོགས་འདེགས་དང་རྒྱབ་སྐྱོར་འོག་དུས་ཡུན་ཟླ་གཅིག་རིང་གི་བྲེལ་བརྩོན་ཆེ་བའི་ཨར་ལས་བྱས་པ་བརྒྱུད་ལམ་སྒྲོན་བསྒར་བའི་ལས་གྲྭ་ལས་མཇུག་འགྲིལ་ནས་ཁུལ་ཆུང་དུ་གྱང་བཞུ་4དང་སྡོད་ཁུལ་དུལམ་སྒྲོན་8བེད་སྤྱོད་གཏོང་འགོ་ཚུགས་པར་ཁུལ་ཆུང་ནང་སྡོད་མཁན་ཚོའི་གདེང་འཇོག་ཡག་པོ་མགྲིན་གཅིག་ཏུ་ཐོབ་ཡོད་པ་རེད།
          དར་དམར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་འགན་འཁུར་བས་སླད་ཕྱིན་གྱི་གྲོང་སྡོད་ལས་དོན་ཁྲོད་ང་ཚོས་ལས་ཀའི་བྱེད་ཐབས་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ་ལས་ཀ་བྱེད་སེམས་ཆེན་པོ་དང་། བདེན་འཚོལ་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ། མཐུན་སྒྲིལ་རོགས་ལས་ཀྱི་ལས་ཀའི་སྣང་ཚུལ་བཅས་ལ་བརྟེན་ནས་གྲོང་སྡོད་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད།