ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

བོད་ལྗོངས་ཀྱིས་སྣོད་བཅུད་སྐྱིན་གསབ་ཀྱི་དབུལ་སྒྲོལ་ལས་གནས་ཁྲི་62དོན་འཁྱོལ་བྱས་པ།

སྤེལ་དུས 2017-12-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། སྙིང་ལྕགས།
            མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་བོད་ཀྱིས་སྣོད་བཅུད་སྐྱིན་གསབ་ཀྱི་དབུལ་སྒྲོལ་ལས་གནས་ཁྲི་70བར་མང་དུ་གཏོང་རྩིས་ཡོད་ཅིང་། མིག་སྔའི་བར། གཅིག་གྱུར་འཆར་འགོད་དང་བསྡུ་སྒྲིལ་བྱས་པའི་མ་དངུལ་ནས་སྒོར་དུང་ཕྱུར་18.6བཀོད་སྒྲིག་བྱས་པ་དེ་དག་ནགས་སྲུང་དང་། རྩྭ་སྲུང་། ཆུ་སྲུང་སོགས་སྣོད་བཅུད་སྐྱིན་གསབ་ཀྱི་དབུལ་སྒྲོལ་ཆེད་བསྐོས་(གཅིག་ལྕོགས)ལས་གནས་ཆེན་པོ་བརྒྱད་ལ་སྤྱད་པ་རེད།
            ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་3པར། བོད་ཀྱིས་ད་དུང་སྣོད་བཅུད་སྐྱིན་གསབ་ཀྱི་དབུལ་སྒྲོལ་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། ལས་གནས་དང་མི་སྣ་གཏན་འཁེལ་དང་། འགན་འཁྲི་དང་ཐོབ་ཆ་གཏན་འཁེལ། ལག་ཁྱེར་སྤྲད་དེ་ལས་གནས་ཐོག་སྐྱོད་པ་སོགས་ཀྱི་ལས་དོན་ཁག་དོན་འཁྱོལ་ཡག་པོ་བྱེད་པ་དང་། སྔར་ཡོད་ཀྱི་སྣོད་བཅུད་སྐྱིན་གསབ་ཀྱི་དབུལ་སྒྲོལ་ལས་གནས་ཀྱི་གྲངས་འབོར་ལ་འགྱུར་ལྡོག་མི་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སྣོད་བཅུད་སྐྱིན་གསབ་ཀྱི་དབུལ་སྒྲོལ་ལས་གནས་ཀྱི་ཁ་གསབ་ཚད་གཞི་མཐོ་རུ་འོས་འཚམ་བཏང་ཡོད་པ་རེད། སྣོད་བཅུད་སྐྱིན་གསབ་ཀྱི་དབུལ་སྒྲོལ་འདུ་འགོད་དོན་འཁྱོལ་བྱེད་པའི་ཐད། བོད་ཀྱིས་ད་དུང་བྱ་ཐབས་རབ་དང་རིམ་པ་སྤྱད་པའི་ནང་། སྣོད་བཅུད་སྲུང་སྐྱོང་སྲིད་ཇུས་དབར་གྱི་སྦྲེལ་མཐུད་ལ་ཤུགས་སྣོན་དང་། གཙོ་གནད་ས་ཁོངས་དང་གཙོ་གནད་ཁྱབ་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད། ཉེ་དུས་དང་། དུས་དཀྱིལ། ཡུན་རིང་བཅས་ཀྱི་འཕེལ་རྒྱས་འཆར་འགོད་དང་ལས་ཀའི་བྱེད་ཐབས་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་བ་བཅས་བྱས་ཏེ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་ཀྱི་འདེགས་སྐྱོར་ཤུགས་ཆེན་བྱེད་པ་དང་དུད་ཚང་ལ་རོགས་སྐྱོར་བྱེད་པའི་བྱེད་ཐབས་ཤུགས་ཆེར་བཏང་ནས་ཆ་རྐྱེན་འཚམ་པའི་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་མི་འབོར་ཚང་མ་སྣོད་བཅུད་སྐྱིན་གསབ་ཀྱི་དབུལ་སྒྲོལ་ལས་གནས་ཀྱི་རྒྱབ་སྐྱོར་ཁྱབ་ཁོངས་ནང་འཇུག་པ། སྣོད་བཅུད་སྐྱིན་གསབ་ཀྱི་དབུལ་སྒྲོལ་ལས་གནས་སྤྲོད་ཡུལ་གནད་སྨིན་ངང་གཏན་འཁེལ་བྱས་ཏེ་ལོ་གསུམ་གྱི་བར་བརྒལ་དུས་ཚོད་ཀྱི་རྗེས་སུ་ལས་གནས་སྟོང་པ་བཟོས་ནས་ཆ་རྐྱེན་དང་འཚམ་པའི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་གཞན་དག་ལ་བཀོད་སྒྲིག་བྱེད་ཆོག་པ་བཅས་ཚུད་ཡོད་པ་རེད།