ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

གཞན་ཕན་ལྷག་བསམ་དཀར། མང་ཚོགས་བློ་ཡིད་ཚིམས།

སྤེལ་དུས 2017-12-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཉི་ཆོས།
—— ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཆང་ཁྱིམ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་འཆི་མེད་ཀྱི་སྐོར་བཀོད་པ།
          འཆི་མེད་ནི། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་དང་འཕྱོངས་རྒྱས་རྫོང་ཆང་ཁྱིམ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་ལས་དོན་རུ་ཁག་གི་རུ་དཔོན་ཡིན། 2016ལོའི་ཟླ་11པར་གྲོང་སྡོད་ལས་དོན་རུ་ཁག་ཁག་ལྔ་པ་དང་དྲུག་པ་བརྗེ་བའི་མཚམས་སུ། ཆང་ཁྱིམ་གྲོང་ཚོའི་ཡུལ་མིས་མཉམ་དུ་མིང་བཀོད་ནས་རྫོང་ཨུད་དང་རྫོང་སྲིད་གཞུང་ལ་ཡི་གེ་བཏང་སྟེ་སེམས་རྩ་འཁོལ་པོའི་ངང་འཆི་མེད་མུ་མཐུད་ལོ་གཅིག་ལས་ཀ་བྱེད་དུ་འཇུག་རྒྱུའི་རེ་འདུན་ཞུས། རྩ་འཛུགས་ཀྱིས་རེ་བ་ནན་པོ་བཅོལ་པ་དང་ཡུལ་མིས་རེ་བ་ཞུས་སྟབས་འཆི་མེད་ཀྱིས་ཁོང་གི་བཟའ་ཟླ་དགོན་སྡེར་བཅའ་སྡོད་བྱེད་པ་དང་། ཕྲུ་གུར་ལྟ་རྟོག་བྱེད་མཁན་མེད་པ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་དེ་གྲོང་སྡོད་ལས་དོན་ནང་ལོ་གཅིག་བསྐྱར་དུ་ཞུགས་ཤིང་། ལོ་གཉིས་རིང་གྲོང་ཚོར་སྡོད་པ་དང་། བརྩེ་སེམས་འཆང་བ། སེམས་ནུས་འདོན་པ། གཅེས་སྐྱོང་བྱེད་པ་བཅས་ལ་བརྟེན་ནས་མང་ཚོགས་བློ་ཡིད་ཚིམས་པའི་གྲུབ་འབྲས་ཐོབ་ཡོད།
          ལོ་གཉིས་རིང་། འཆི་མེད་དང་ལས་དོན་རུ་མི་གཞན་གྱིས་མང་ཚོགས་ཀྱི་དོན་དངོས་ཀྱི་དཀའ་ངལ་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། མང་ཚོགས་ལ་གང་མཁོ་བ་དང་གང་ལ་སེམས་ཁྲལ་བྱེད་པ། བསམ་བློ་གང་ཞིག་གཏོང་བ། རེ་བ་གང་དག་བཅོལ་བ་བཅས་ལ་དབྱེ་ཞིབ་གསེད་དཀྲོལ་བྱས་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དཀའ་གནད་དང་གླེང་མང་བའི་གནད་དོན་ལ་ངང་རྒྱུད་རིང་པོས་ལན་རྒྱག་པ་དང་། བསམ་བློའི་ཐད་མང་ཚོགས་ལ་བརྩི་བཀུར་ཞུ་རྒྱུ་དང་། བརྩེ་སེམས་ཐད་མང་ཚོགས་དང་ཉེ་བཅར་བྱེད་པ། ལས་དོན་ཐད་མང་ཚོགས་ལ་བརྟེན་པ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འགན་ལེན་ལྔའི་དུད་ཚང་དང་མ་མཐའི་འཚོ་བ་འགན་ལེན་དུད་ཚང་10ལ་ཁང་པ་གསར་པ་རྒྱག་རོགས་བྱས་ཡོད།
          ཆང་ཁྱིམ་གྲོང་ཚོའི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ལོ་གཉིས་རིང་། རུ་མི་ཚོས་འཚམས་འདྲི་དང་བརྟག་དཔྱད་བྱས་ཏེ་ཆང་ཁྱིམ་གྲོང་ཚོར“དེ་གའི་རང་བྱུང་མཛེས་ལྗོངས་དང་ཆང་ཁྱིམ་གཞིས་ཀའི་ལོ་རྒྱུས་རིག་གནས་ཀྱི་ལེགས་ཆར་བརྟེན་ནས‘ཆང་ཁྱིམ་ནས་ཆང་རིག་གནས་དུས་ཆེན’གྱི་སྤུས་རྟགས་གཏོད་རྒྱུ་དམ་འཛིན་བྱ་གཞི་དང་། གྲོང་གསེབ་ལ་མྱོང་རོལ་བྱ་རྒྱུ་གཞི་རྟེན། ཡུལ་མི་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བཅས་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་རྒྱུ་དམིགས་ཡུལ་དུ་བྱེད་པའི”འཕེལ་རྒྱས་ཀྱི་བསམ་ཕྱོགས་བཟོ་རོགས་བྱས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་ཡོང་བ་བྱས་ཡོད།
          “ཆང་ཁྱིམ་ནས་ཆང་རིག་གནས་དུས་ཆེན”སྐབས་གཉིས་སྔ་རྗེས་སུ་གཉེར་བ་དང་། གྲུབ་འབྲས་ལྡན་པའི་ངང“ཆང་ཁྱིམ་ནས་ཆང”ཚོང་རྟགས་ཐོ་འགོད་བྱས་པ། “ཆང་ཁྱིམ་ནས་ཆང”མཉམ་ལས་ཁང་བཙུགས་ནས་སྒོ་ཕྱེ་བ། ཁྱིམ་ཚང་མགྲོན་ཁང་12བཙུགས་པ། ཁྱིམ་ཚང་མགྲོན་ཁང་གི་ཚད་གཞི་གཅིག་གྱུར་བཟོས་པ་མ་ཟད། སྣོད་བཅུད་ཡུལ་སྐོར་གྲོང་ཚོ་དང་། དམངས་སྲོལ་མྱོང་རོལ་སྤུས་རྟགས་བཏོད་པ་བཅས་བརྒྱུད་ཁྱིམ་ཚང་ཚང་མར་འབབ་འཕར་ཕྱུག་འགྱུར་བྱུང་ཡོད།
          “ཆང་ཁྱིམ་རིག་གནས”ལ་དམིགས་ནས་རིགས་གཅིག་མཁས་པས་སྒོར་གཞས《བདེ་སྐྱིད་ལྡན་པའི་ཆང་ཁྱིམ》ཞེས་པ་གསར་རྩོམ་རྩོམ་འབྲི་བྱས་པ་མ་ཟད། སྒོར་གཞས་དེ་འཕྱོངས་རྒྱས་རྫོང་པུར་རྒྱལ་རིག་གནས་ཡུལ་སྐོར་དུས་ཆེན་ཐོག་འཁྲབ་སྟོན་བྱས་ནས་སྔར་བས་ཕན་འབྲས་དང་། འགན་ལེན། རྒྱུན་སྲིང་བཅས་ལྡན་པའི་གྲོང་གསེབ་དར་རྒྱས་གོང་འཕེལ་གཏོང་བའི་ལམ་བུ་ཞིག་འཚོལ་ཞིབ་ཐུབ་སྟེ་རིག་གནས་ཡུལ་སྐོར་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བའི་རྣམ་པ་གསར་པ་ཞིག་བཏོད་ཡོད།
          དེ་དང་ཆབས་ཅིག་གྲོང་སྡོད་ལས་དོན་རུ་ཁག་གིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་900ལྷག་ཙམ་བརྩོན་ལེན་བྱས་ཏེ་གནད་སྨིན་དབུལ་སྐྱོར་དང་རྨང་གཞིའི་སྒྲིག་བཀོད་སོགས་རྣམ་གྲངས་13ལག་ལེན་བསྟར་བར་གྲོང་ཚོ་ཡོངས་ཀྱི་འགྲོ་ལམ་དང་ཆུ་བེད་སོགས་སྒྲིག་བཀོད་ལེགས་སུ་ཆེས་ཆེར་ཕྱིན་པ་དང་གནད་སྨིན་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད།
          འཆི་མེད་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིའི་སྣེ་ཁྲིད་འོག་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུ་དེ་གྲོང་ཚོ་དེ་ཡོངས་ཀྱི་མང་ཚོགས་ཀྱི་བསམ་པའི་ཐུན་མོང་ངོས་འཛིན་དང་རང་རྟོགས་བྱ་སྤྱོད་དུ་གྱུར་ཡོད།
          ད་ཆ་ཆང་ཁྱིམ་གྲོང་ཚོར་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི་རྣམ་པ་ཞིག་ངང་གིས་མངོན་པ་དང“ཆང་ཁྱིམ”རིག་གནས་ཀྱི་སྤུས་རྟགས་ཀྱི་གྲགས་པ་རིང་གིས་ཆོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་སྣེ་ཁྲིད་འོག་ཡུལ་མི་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་ངེས་རེད།