ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཨ་དབང་ལུག་ལ་བརྟེན་ནས་བདེ་སྐྱིད་ཀྱི་ལམ་བུར་བསྐྱོད་པ།

སྤེལ་དུས 2017-12-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། བསོད་ནམས་སྟོབས་ལགས།
གོ་འཇོ་རྫོང་གིས་ཨ་དབང་ལུག་ཚན་རིག་ཅན་གྱི་གསོ་སྤེལ་ལ་སྐུལ་འདེད་བཏང་བའི་ཟུར་བཀོད།
          ཨ་དབང་ལུག་ནི་རང་ལྗོངས་ཀྱི་རྒྱུད་བཟང་ཡུལ་ལུག་གི་གྲས་ཤིག་ཡིན། དེའི་གཟུགས་བོངས་ཆེ་ལ་ཤའི་བྲོ་བ་ཞིམ་པ་དང་། ཁོར་ཡུག་བཙོག་སྐྱོན་མེད་པར་གསོ་ཚགས་བཅས་ཡིན་པས་རང་ལྗོངས་སུ་སྐད་གྲགས་ཆེན་པོ་ཡོད། གཙོ་བོ་ཆབ་མདོ་གྲོང་ཁྱེར་གྱི་གོ་འཇོ་རྫོང་དང་ཉེ་འཁོར་གྱི་སྨར་ཁམས་དང་བྲག་གཡབ་སོགས་རྫོང་གི་ཤང(གྲོང་རྡལ)9ལ་ཁྱབ་ཡོད།
          མིང་དེ་ཙམ་མེད་པ་ནས་ལྗོངས་ཡོངས་སུ་མཚན་སྙན་ཆེ་བའི་བར་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གི་ཨ་དབང་ལུག་ཐོན་ལས་འཕེལ་རྒྱས་ཇི་ལྟར་བྱུང་བའི་བརྒྱུད་རིམ་ནང“དྲག་ཆར་རླུང་འཚུབ”ཆེན་པོ་འཕྲད་མྱོང་། ཨ་དབང་ལུག་གི་སྐད་གྲགས་ཇེ་ཆེར་སོང་བ་དང་ཆབས་ཅིག་ཕྱིར་འཚོང་རྒྱུ་མང་དུ་སོང་ནས་རྒྱུད་པའི་གྲངས་འབོར་ཧོབ་སྟེ་ཆག་པའི་ཁར་འཕེལ་རྒྱས་གཏོང་སྟངས་རགས་ལས་རྣམ་པར་ཡུན་རིང་གནས་པའི་དབང་གིས་ཨ་དབང་ལུག་གི་རྒྱུད་པ་ཉམས་པ་སོགས་བྱུང་ཡོད།
          “ང་ཚོས་རང་ཡུལ་གྱི་ལེགས་ལྡན་ཐོན་ཁུངས་རང་དགར་ཉམས་སུ་བཅུག་མེད”ཆབ་མདོ་གྲོང་ཁྱེར་དང་གོ་འཇོ་རྫོང་གིས་གནད་དོན་ཚབས་ལྕི་བར་མཐོང་ནས“ཁྲོམ་རར་གཏོར་སྐྱོན་མི་ཐེབས་པ་དང་ལུག་གི་རྒྱུད་པའང་སྲུང་སྐྱོབ་ཐུབ་པ་བྱ་རྒྱུའི”རྩ་དོན་ལ་གཞིགས་པ་དང་ཨ་དབང་ལུག་གི་རྒྱུད་པའི་ལེགས་ལྡན་ཐོན་ཁུངས་ལ་དམིགས་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་འདེགས་སྐྱོར་ཤུགས་ཆེན་བྱས་ཏེ། གསོ་ཚགས་དུད་ཚང་ཁེར་རྐྱང་གིས་གཙོ་བོར་བྱེད་པའི་ཐོན་སྐྱེད་གཉེར་སྐྱོང་གི་རྣམ་པའི་འཆིང་རྒྱ་ལས་རིམ་བཞིན་སྒྲོལ་བར་བྱས་པས། ཨ་དབང་ལུག་ཐོན་སྐྱེད་བྱེད་སྟངས་དེ་ས་ཁོངས་རྣམ་པའི་བཀོད་ཇུས་དང་ཆེད་ལས་ཅན་གྱི་ཐོན་སྐྱེད་དང་ཐོན་ལས་ཅན་གྱི་གཉེར་སྐྱོང་ལ་རིམ་བཞིན་མངོན་འགྱུར་བྱུང་ཡོད།
          2015ལོར་གོ་འཇོ་རྫོང་གིས་མ་དངུལ་བསྡུ་སྒྲིལ་བྱས་ནས་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ལག་ལེན་བསྟར་བ་དང“ཀུང་སིའི་རྟེན་གཞི་+མཉམ་ལས་ཁང་+ཞིང་དུད”བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་ལ་བརྟེན་ནས་འབོ་ལོ་གྲོང་རྡལ་བདེ་སྐྱིད་གྲོང་ཚོའི་གྲམ་ཐང་མུའུ་151ཐོག་མ་དངུལ་སྒོར་ཁྲི་4200ལྷག་བཏང་ནས་ཨ་དབང་ལུག་རྒྱགས་གསོའི་རྟེན་གཞི་བརྒྱབ་པ་མ་ཟད་ཨ་དབང་ལུག་དེ་ས་ཁམས་ཀྱི་མཚོན་རྟགས་སུ་འདུན་ཞུའང་བྱས་པ་རེད།
          ད་ཆ་ཨ་དབང་ལུག་ཐོན་ལས་འཕེལ་རྒྱས་ཀྱི་གནས་སྟངས་ཅི་འདྲ་ཡིན་པ་དང་ཕྱིས་འབྱུང་གང་ཞིག་བྱེད་རྩིས་ཡོད་དམ་ཞེ་ན།
          “ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད། ས་མཐོའི་གསར་འགོད་པ་ལེ་དབར་ཁྲིར་སྐྱོད་པའི”བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོའི་ཆབ་མདོའི་ཚོགས་ཆུང་གིས་གནད་དོན་དེར་དམིགས་ནས་བོད་ཀྱི་ཤར་རྒྱུད་གོ་འཇོ་རྫོང་དུ་ལས་དོན་དེ་དོན་འཁྱོལ་ཇི་ལྟར་བྱུང་མིན་ལ་ལྟ་བར་བསྐྱོད་པ་ཡིན།
          གསར་འགོད་པ་གོ་འཇོ་རྫོང་གི་ལས་དོན་པ་དང་མཉམ་དུ་ཨ་དབང་ཤང་བཅིངས་འགྲོལ་གྲོང་ཚོའི་རྩྭ་རར་འབྱོར་བ་དང་རྒྱང་རིང་ལ་ལྟ་བའི་ཚེ་ཨ་དབང་ལུག་སྟོང་ཕྲག་འགའ་བག་ཕེབས་ངང་རྩྭ་སྔོན་མོ་ལོངས་སུ་སྤྱོད་བཞིན་པ་མཐོང་བྱུང་། ངོ་སྤྲོད་བྱས་པར་གཞིགས་ན། གོ་འཇོ་རྫོང་འབོ་ལོ་གྲོང་རྡལ་གྱི་འུ་སྡེ་གྲོང་ཚོ་དང་ལྷ་རྒྱལ་ཤང་གི་ལྷ་རྒྱལ་གྲོང་ཚོ་སོགས་ལའང་ཨ་དབང་ལུག་ཆེད་ལས་གསོ་ཚགས་གྲོང་ཚོ་དང་དེ་བཞིན་ཨ་དབང་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་4ཡོད།
          ལུག་མང་དུ་སོང་བ་དང་ཁྲོམ་ར་བརྟན་དུ་ཕྱིན་ནས་ཨ་དབང་ལུག་གི་ཐོན་ལས་རིམ་བཞིན་ཡང་དག་པའི་སྲོལ་ལམ་དུ་སླེབས་ནའང་ལྷོད་པོར་མི་དགའ་བའི་གོ་འཇོ་བས་དེ་ཙམ་ལ་བློ་ཁ་ཚིམས་ནས་བསྡད་མེད།
          ལྷོད་པོར་མི་དགའ་བ་དེ་དང་ཐོག་གསོ་སྤེལ་གྱི་སྒྲིག་ཆས་ལས་མངོན་གྱི་ཡོད། གོ་འཇོ་རྫོང་བོད་ཤར་སྐྱེ་དངོས་ཚན་རྩལ་གསར་སྤེལ་འགན་འཁྲི་ཚད་ཡོད་ཀུང་སིར་ཆ་ཚང་བའི་དོ་དམ་ཁུལ་དང་། གསོ་སྤེལ་ཁུལ། ཕྱུགས་ནད་སྨན་བཅོས་ཁང་། ནད་ཡམས་ལོགས་དབྱེ་ཁང་བཅས་ཡོད་པ་དང་། དེང་རབས་ཅན་གྱི་རྒྱགས་གསོའི་ཡུག་སྦྲེལ་ལྷས་ར་20ཙམ་ཡོད་པ། རྒྱང་རིང་དུ་ཐོག་ཁེབས་དམར་ཞིང་གྱང་རྩི་དཀར་བའི་བདེ་སྐྱིད་གྲོང་ཚོ་ཡོད་པ་བཅས་ཕན་ཚུན་འགྲན་པ་ལྟར་དུ་སྣང་།
གཞུང་དོན་ཐོག་ཁང་གི་གློག་རྡུལ་ཆ་འཕྲིན་ཅན་ལས་སྟེགས་མདུན་གྱི་ལས་དོན་པས་བརྙན་ཤེལ་ཆེ་མོར་ལྡིར་ནས་རྒྱགས་གསོའི་ལྷས་རའི་ནང་གི་ཨ་དབང་ལུག་གི་གནས་ཚུལ་ལ་ལྟ་ཞོར་ལྷས་རའི་དྲོད་ཚད་དང་རླན་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་པ་མཐོང་བྱུང་།
          ལྷོད་པོར་མི་དགའ་བ་དེ་ཞིང་འབྲོག་པའི་བསམ་བློའི་འདུ་ཤེས་གྱུར་པ་ལས་མངོན་གྱི་ཡོད། རྒྱགས་གསོའི་རྟེན་གཞིར་ལས་ཀ་བྱེད་པའི་ཨ་སྐྱབས་ལ་ཆ་བཞག་ན་དཔེ་མཚོན་ཡག་པོ་ཞིག་རེད། ན་ནིང“མ་ཤེས་ཚེ་འཕྲལ་མར་འགྲོ་འདོད”ཀྱི་སྐད་ཅོར་རྒྱག་པའི་ཕོ་གཞོན་དེས་གཟན་ཆག་བླུགས་པའི་འཁོར་ལོ་ཞིག་བཏང་ནས་ངར་ཤུགས་ཆེན་པོས་རྒྱགས་གསོའི་ལྷས་རའི་བར་རྒྱུག་བཞིན་པ་གསར་འགོད་པས་མཐོང་བྱུང་།
          ཨ་སྐྱབས་ཁྱིམ་བདེ་སྐྱིད་གྲོང་ཚོར་ཡོད་པ་དང་ཁྱིམ་ལ་ཁོང་དང་ཕ་གཉིས་ལས་མེད། ཕ་ཡང་ནད་གཞི་ལྕི་བའི་རྐྱེན་གྱིས་ཁྱིམ་གྱི་ལས་ཀ་ཚང་མ་ཨ་སྐྱབས་ཀྱིས་བྱེད་དགོས་པ་དང་འཚོ་བ་འཕྱིད་ཐབས་ཆེད་ཨ་སྐྱབས་རྒྱགས་གསོ་རྟེན་གཞིའི་“ལས་མི”ཁག་དང་པོའི་གྲས་ཤིག་བྱས།
          སྔོན་གྲོང་ཚོ་གཅིག་པའི་ན་གཞོན་མང་པོ་ཞིག་ཨ་སྐྱབས་དང་འདྲ་བར་ལག་རྩལ་སྣེ་གཅིག་སྦྱངས་ནས་བྱེད་སྟངས་གཅིག་རང་དང་ཆོ་མེད་ཀྱི་ལུག་གསོས་ནས་སྡོད་པ་ལས་ཕྱིར་འགྲོ་ཐུབ་ན་ཡག་ཤོས་ཡིན་པའི་བསམ་བློ་འཆང་གི་ཡོད།“སྤྱིར་གྲོང་ཚོར་རྒས་འཁོགས་ཀྱིས་ལུག་འཚོས་ནས་སྡོད་པ་དང་རྟེན་གཞིར་ལུག་འཚོ་བའང་དེ་ལས་ལྷག་པ་ཞིག་མེད”ཅེས་སྔོན་མ་ཨ་སྐྱབས་ཀྱིས་ལུག་འཚོ་བ་དེ་ཆོ་མེད་པ་དང་ཡོང་འབབ་ཀྱང་དེ་ཙམ་མང་པོ་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད།
“དེ་སྔོན་རྒྱགས་གསོའི་ལྷས་ར་འགན་གཙང་ལེན་པའི་གསོ་ཚགས་མཁན་དང་ལྷས་རའི་ཕན་འབྲས་ཟུང་འབྲེལ་བྱས་སྟབས་དུད་ཚང་སོ་སོས་གསོ་ཚགས་ཀྱི་ལག་རྩལ་ཤེས་ནའང་མི་སོ་སོར་འཁྲི་བའི་སྐབས་ཕན་འབྲས་དེ་ཙམ་མངོན་གསལ་དོད་པོ་མེད”ཅེས་བོད་ཤར་སྐྱེ་དངོས་ཚན་རྩལ་གསར་སྤེལ་འགན་འཁྲི་ཚད་ཡོད་ཀུང་སིའི་ལས་འཛིན་པ་གསལ་སྒྲོན་གྱིས་དེ་ལྟར་བཤད་ཅིང་། ཁོང་གིས“ང་ཚོས་བྱེད་པ་ནི་ཚང་མ‘ངལ་རྩོལ་ནུས་ཤུགས་འདོན་མཁན’ཞིག་ནས་དངོས་གནས་ཀྱི་གསོ་ཚགས་པ་ཞིག་ཏུ་འགྱུར་བ་བྱ་རྒྱུ་དེ་རེད”ཅེས་བཤད།
          དེར་བརྟེན་འདི་ལོ་ནས་བཟུང་ཀུང་སིས་ལམ་ལུགས་སྒྱུར་བཅོས་ཀྱི་ལས་ཀ་དང་པོ་བྱས་པ་སྟེ། “འཇོན་པས་ལས་པ་དང་མི་འཇོན་པས་ལས་གནས་ནས་བྲལ་བའི”བྱེད་སྟངས་སྤྱད་དེ་འཇོན་ཐང་ཡོད་པ་དང་ཤེས་འདོད་ཡོད་པའི་ཞིང་འབྲོག་པ་བསྡུས་ནས་ཁོང་ཚོ་ཐོན་ལས་ཀྱི་བཟོ་པ་ངོ་མར་འགྱུར་བར་བྱ་རྒྱུ་དེ་རེད།
          ཨ་སྐྱབས་ལའང་ད་རེས་ཀྱི་ལམ་ལུགས་སྒྱུར་བཅོས་ནས་ཕན་པ་ཐོབ་ཡོད། ཁོང་གིས་གསོ་ཚགས་ཀྱི་ཤེས་བྱ་ཆ་ཚང་པོ་སྦྱངས་པ་མ་ཟད། འཕྲུལ་འཁོར་གཏོང་ཤེས་པ་དང་Bསྒྲ་རླབས་ཡོ་ཆས་སྤྱོད་ཤེས་པ་སོགས་ཀྱི་རྩལ་ནུས་ཁོང་དུ་ཆུད་ལ་ཀུང་སིས་ཁོང་ཐེན་ཅིང་ལ་སློབ་སྦྱོང་བྱེད་པར་བཏང་བ་དེས“ཐོབ་ཚོར”མི་ཉུང་བ་ཞིག་ཀྱང་བྱུང་ཡོད།
          “འཚོལ་ཞིབ་ཡུན་རིང་བྱས་པ་དང་ལྷག་དོན་དུ་ཉེ་བའི་ལོ་གཅིག་རིང་ཚན་རྩལ་དང་ལམ་ལུགས་འཚོལ་ཞིབ་བྱས་པ་བརྒྱུད་ང་ཚོ་ཨ་དབང་ལུག་ཐོན་ལས་ལ་གྲུབ་འབྲས་མི་དམན་པ་ཐོབ་བྱུང་། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་སྲོལ་རྒྱུན་གྱི་ཐོན་ལས་བཟང་སྒྲིག་རིམ་སྤོར་ལ་རྒྱབ་སྐྱོར་བྱས་ནས་ཤེས་བྱ་དང་། རྩལ་ནུས། གསར་གཏོད་བཅས་རྣམ་པའི་ངལ་རྩོལ་པའི་དཔུང་ཁག་ཆེན་པོ་འཛུགས་པ་སོགས་ཀྱི་ལས་དོན་ལ་བླང་བྱ་ཞིབ་ཕྲ་བཏོན་ཡོད་པ་དེས་ང་ཚོའི་སྙིང་སྟོབས་ལྡབ་བསྒྱུར་འཕེལ་སོང”ཞེས་ཀྲང་ལིན་ཅུན་གྱིས་བཤད་པ་དང་། ཁོང་གིས“རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་ཚང་མའི་འབད་བརྩོན་འོག་ཨ་དབང་ལུག་གི་ཐོན་ལས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་བཏང་ནས་མི་སེར་སྔར་ལས་མང་བས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ཏེ་རྒྱུ་ནོར་ལོངས་སྤྱོད་གསོག་རྒྱུར་སྣེ་ཁྲིད་བྱས་ནས་རང་གིས་རང་འཕེལ་རྒྱས་གཏོང་བའི་འཇོན་ཐང་ཇེ་ཆེར་གཏོང་ཐུབ་རྒྱུར་ཡིད་ཆེས་ཡོད”ཅེས་བཤད།