ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

[ཚོགས་འདུ་གཉིས་ཀྱི་ཡུལ་དངོས] སྲིད་གྲོས་ཨུ་ཡོན་ཚོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དག་བཅོས་འཆར་ཟིན》གྱི་སྐོར་ལ་ཅི་ཟེར་རམ།

སྤེལ་དུས 2018-03-13 ཡོང་ཁུངས། ཀྲུང་གོ་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
            ཀྲུང་གོ་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས11ཉིན་གྱི་ཕྱི་དྲོར།  སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོས་མི་དམངས་ཚོགས་ཁང་ཆེན་མོར་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དག་བཅོས་འཆར་ཟིན》 བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། ཟླ3པའི་ཚེས12 ཉིན་གྱི་སྔ་དྲོར། 《ཀྲུང་གོའི་བོད་ལྗོངས》 དུས་དེབ་ཁང་དང་། ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པས་ཨུ་ཡོན་མང་པོ་ཞིག་ལ་བཅར་འདྲི་ཞུས་ཤིང་། དེར་ཨུ་ཡོན་ཚོས་གཅིག་རྗེས་གཉིས་མཐུད་ངང་ད་ཐེངས་ཀྱི་རྩ་ཁྲིམས་ལ་དག་བཅོས་བྱས་པ་དེས་ཏང་གི་བཞེད་དགོངས་དང་མི་དམངས་ཀྱི་འདོད་བློ་གཅིག་གྱུར་དམ་ཚགས་ཡིན་པ་མཚོན་པ་དང་། དུས་རབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་འགན་སྲུང་ནུས་ལྡན་མཁོ་འདོན་བྱས་པར་ཡིད་མཐུན་དང་བརྩི་བཀུར་ཡོངས་སུ་བྱས་པར་མ་ཟད། སླད་ཕྱིན་གྱི་ལས་ཀའི་ནང་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཚོགས་ཡོངས་སུ་ཁྲིམས་བཀུར་དང་། ཁྲིམས་སྦྱོང་དང་། ཁྲིམས་བརྩི།  བཅའ་ཁྲིམས་སྲུང་སྐྱོང་བྱ་བ་དང་བཅའ་ཁྲིམས་བེད་སྤྱོད་པ་བཅས་ཀྱི་སྣང་ཚུལ་བཟང་པོ་ཞིག་བསྐྲུན་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན། 
རི་མོ་འདི་ནི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚན་ཧྲི་དང་། བོད་ལྗོངས་སློབ་ཆེན་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར་འབུམ་རམས་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཆེན་མོ་ཐུབ་བསྟན་མཁས་གྲུབ་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་ཚོ་ཆུང་གི་ཚོགས་འདུའི་ཐོག་གཏམ་བཤད་གནང་བའི་རྣམ་པ་རེད། པར་རིས་ནི་དགེ་རྒན་ཆེན་མོ་ཐུབ་བསྟན་མཁས་གྲུབ་རང་གིས་མཁོ་འདོན་བྱས།
            རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་།  བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚན་ཧྲི་དང་། བོད་ལྗོངས་སློབ་ཆེན་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར་འབུམ་རམས་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཆེན་མོ་ཐུབ་བསྟན་མཁས་གྲུབ་ཀྱིས་བསྟན་དོན།  རྩ་ཁྲིམས་ཀྱིས་མི་རིགས་ཁག་གི་འདྲ་མཉམ་མཐུན་སྒྲིལ་དང་། རོགས་རེས་འཆམ་མཐུན་གྱི་འབྲེལ་བ་སྲུང་སྐྱོང་དང་འཕེལ་རྒྱས་སུ་གཏོང་བར་ནན་བཤད་བྱས་ཤིང་།  མང་ཚོགས་ཀྱི་བསམ་འདུན་རྩ་ཁྲིམས་སུ་བཀོད་པ་དེས་དུས་རབས་གསར་པའི་མི་རིགས་ཀྱི་འབྲེལ་བའི་ཁྲིམས་གཞི་མཚོན་པར་མ་ཟད། རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་རྒྱལ་ཁབ་ཁྱིམ་གཞིའི་བརྩེ་སེམས་མཚོན་པར་བྱས་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བཏོན་པའི“ བོད་སྐྱོང་ཇུས་ཆེན”ལ་སྔར་ལས་སྟོབས་ལྡན་གྱི་ཁྲིམས་སྐྱོང་གི་འགན་སྲུང་ཡོད་པས། དེར་མོས་མཐུན་རྦད་དེ་ཡོད་ཅིང་མཐའ་གཅིག་ཏུ་བརྩི་བཀུར་ཞུ་རྒྱུ་ཡིན་ཞེས་གསུངས།
རི་མོ་འདི་ནི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྟག་ཚ་དགོན་པའི་སྟག་ཚ་སྤྲུལ་སྐུ• སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོས་སྲིད་གྲོས་ཀྱི་ཚོགས་རར་དྲན་རྟེན་གྱི་འདྲ་པར་རྒྱག་པའི་རྣམ་པ་རེད། པར་འདི་ནི་སྟག་ཚ་སྤྲུལ་སྐུ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོས་མཁོ་འདོན་བྱས།
            རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་།  སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྟག་ཚ་དགོན་པའི་སྟག་ཚ་སྤྲུལ་སྐུ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོས་རྩ་ཁྲིམས་དག་བཅོས་གནང་བར་མོས་མཐུན་ཡོད་པ་དང་། ཁོང་གིས་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཡིན་ལ། རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་ཀྱང་ཡིན། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་ཆེད་དང་། ཁྱོན་ཡོངས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱ་ཆེད་དང་། དུས་བབ་གསར་པའི་རྩ་ཁྲིམས་གསར་པར་བཟོ་བཅོས་བྱ་བ་ནི་དུས་བསྟུན་མདུན་སྐྱོད་དང་འོས་འཚམས་དགོས་ངེས་ཀྱི་བཟོ་བཅོས་རྒྱག་པ་ཞིག་རེད་ཅེས་བསྟན་པར་མ་ཟད།  སྟག་ཚ་སྤྲུལ་སྐུས་བཤད་དོན། “ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་འགན་འཛིན་ཀྱི་ཐད་ནས་དག་བཅོས་བྱས་པར་ ངའང་མོས་མཐུན་ཡོད། དེར་མ་ཟད།  ངས་བསམ་པར་ད་རེས་རྩ་ཁྲིམས་བཟོ་བཅོས་ཁྲོད་གསར་དུ་བསྣན་པའི་འཆམ་མཐུན་དང་། སྐྱེ་ཁམས་དཔལ་ཡོན་སོགས་ཀྱི་ནང་དོན་འདི་དག་ནི་དངོས་ཡོད་དང་ཧ་ཅང་མཐུན་པས་དེར་མོས་མཐུན་དང་བརྩི་བཀུར་བྱེད་ཀྱི་ཡོད། གྲངས་ཉུང་མི་རིགས་ལས་རིགས་ཀྱི་ཨུ་ཡོན་དང་ཆོས་དོན་བགྱི་མཁན་གྱི་མི་སྣ་ཞིག་ཡིན་པའི་ཆ་ནས།  ངས་བསམ་ན་ང་ཚོ་ཆོས་ལུགས་ལས་རིགས་ཁག་གི་ལས་དོན་མི་སྣས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་ཚང་མས་སྣེ་ཁྲིད་དེ་བཅའ་ཁྲིམས་ལ་སློབ་སྦྱོང་དང་། ཁྲིམས་སྲུང་བ། ཁྲིམས་སྐྱོང་བ། བཅའ་ཁྲིམས་ལྟར་རང་ཉིད་ཀྱི་ཁྲིམས་མཐུན་གྱི་ཁེ་དབང་ལ་སྲུང་སྐྱོབ་བྱ་དགོས”ཞེས་བསྟན། 
རི་མོ་འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཨེ་ཤེ་ཡ་ལྷོ་མའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་སྤེན་པ་ལྷ་མོས་བོད་ཀྱི་དོན་གཅོད་ཁང་དུ་དྲན་རྟེན་འདྲ་པར་རྒྱག་པའི་རྣམ་པ་རེད། བསྟན་འཛིན་ཤེར་བསྟན་གྱིས་པར་བླངས།
            རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་།  བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཨེ་ཤེ་ཡ་ལྷོ་མའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་སྤེན་པ་ལྷ་མོས་བཤད་རྒྱུར། “ ང་རང་རྩ་ཁྲིམས་བཟོ་བཅོས་བྱ་རྒྱུར་ཧ་ཅང་མོས་མཐུན་ཡོད་ཅིང་། རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུ་ནི་ང་ཚོའི་ཀྲུང་གོའི་འཕེལ་རྒྱས་དང་འཚམ་པའི་འཐབ་ཇུས་རང་བཞིན་དང་། རྩ་བའི་རང་བཞིན་གྱི་བསམ་འཆར་བཟང་པོ་རྣམས་རྩ་ཁྲིམས་ནང་དུ་བཞག་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་ལུགས་འཛུགས་སྐྲུན་བྱ་བར་མཚོན་ཐབས་གསལ་བོ་ཞིག་ཡིན”ཞེས་བཤད་པ་དང་།  ཨུ་ཡོན་སྤེན་པ་ལྷ་མོས་ད་རེས་ཀྱི་རྩ་ཁྲིམས་བཟོ་བཅོས་རྒྱག་པ་དེ་ཀྲུང་གོའི་གནས་ཚུལ་དངོས་དང་མཐུན་པ་དང་། དེར་ཀྲུང་གོའི་ཁྱད་ཆོས་ལྡན་པས་མིང་དོན་མཚུངས་པའི“ཁྲིམས་ལྟར་རྒྱལ་སྐྱོང”ཞིག་ཡིན་པ་དང་།  “རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པ་ནི་རང་རེའི་རྒྱལ་ཁབ་ཀྱི་གཞིར་འཛིན་དང་འགན་སྲུང་ཡག་པོ་ཞིག་ཡིན་ལ། དེ་ནི་བཅའ་ཁྲིམས་དང་སྲིད་ཇུས་ལག་ལེན་དུ་བསྟར་བའི་གཞི་འཛིན་ས་དང་། བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་བྱ་བར་ཕན་པའི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་ཡིན”ཞེས་བཤད།
རི་མོ་འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཀྲུང་ལུན་ཁྲིམས་རྩོད་པའི་ལས་གཉེར་ཁང་གི་ཁྲིམས་རྩོད་པ་རྒན་གྲས་ཁྲེན་ཆིང་ཞས་ཚོགས་འདུའི་སྡོད་ཁང་དུ་པར་ལེན་པའི་རྣམ་པ་རེད། ཝང་དབྱི་ལིན་གྱིས་པར་བླངས།
            ཤང་ཀང་ནས་སླེབས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཀྲུང་ལུན་ཁྲིམས་རྩོད་པའི་ལས་གཉེར་ཁང་གི་ཁྲིམས་རྩོད་པ་རྒན་གྲས་ཁྲེན་ཆིང་ཞས་བསྟན་དོན།  རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་པར་བསྐྱོད་པའི་ངེས་མཁོ་ཞིག་ཡིན་ཞིང་། དེ་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱི་དམིགས་འབེན་གསར་པ་མངོན་འགྱུར་ཡོང་བའི་བླང་བྱ་ཡིན་པས་ཀྲུང་གོའི་སྤྱི་ཚོགས་ཀྱི་རྩ་བའི་ཁེ་ཕན་གྱི་གནས་ས་མཚོན་པར་བྱས།  ཁྲེན་ཆིང་ཞས་བཤད་དོན། “ ད་ཐེངས་ཀྱི་《རྩ་ཁྲིམས་དག་བཅོས་འཆར་ཟིན( མ་ཟིན་) 》 ཀྱི་དོན་ཚན་གྱིས་དོན་དག་གལ་ཆེན་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་མཐའ་གཅིག་ཏུ་བྱ་རྒྱུ་མཚོན་ཞིང་།  དེ་ནི་ལག་ལེན་གྱིས་ར་སྤྲོད་ཡང་ཡང་བྱས་པའི་ཀྲུང་གོའི་སྤྱི་ཚོགས་ཀྱི་གཞི་རྩའི་ཁེ་ཕན་གྱི་གནས་ས་ཡིན། འཆར་ཟིན་གྱིས་རྩ་ཁྲིམས་ཀྱི་ལེའུ་གསུམ་པའི་དོན་ཚན་དོན་དགུ་པའི་ནང་གསེས་ཀྱི་དོན་ཚན་གསུམ་པའི་ནང་གི་‘བསྟུད་མར་འགན་འཛིན་བྱེད་པའི་ཡུན་ཚད་སྐབས་གཉིས་ལས་བརྒལ་མི་ཆོག’ཅེས་པ་གསུབ་རྒྱུ་ཡིན་པ་དང་། དེའི་རྗེས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི།དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་གཏན་འབེབས་དང་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་དང་། ང་ཚོས་བལྟས་ན་བརྟན་ལྷིང་དང་སྟོབས་ལྡན་གྱི་འགོ་ཁྲིད་རིམ་པས་ཏང་གི་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པར་རྒྱུན་འཁྱོངས་དང་ཤུགས་སྣོན་ཡོང་བར་ཕན་པར་མ་ཟད། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་སྲུང་སྐྱོང་བྱེད་པར་ཕན་ཞིང་། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་དང་ལམ་ལུགས་ཀྱི་ཁྱད་ཡོན་མཚོན་བྱེད་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་ཆབ་སྲིད་ཀྱི་རྨང་གཞི་དང་། ‘རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས’བརྟན་པོའི་ངང་ནས་ཡུན་རིང་འཕེལ་རྒྱས་ཡོང་བར་ཕན་ཐོགས་ལྡན་པས། ངས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱི་ཡོད”ཅེས་བཤད་དོ། །