ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཁྲིམས་སྐྱོང་སྤྱི་ཚོགས་སྐྲུན་དགོས།

སྤེལ་དུས 2018-03-16 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། ལྷ་དབང་གིས་བསྒྱུར།
——བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྗོངས་སྤྱི་ཚོགས་ཚན་རིག་ ཁང་གི་ཞིབ་འཇུག་པ་གཞོན་པ་སྤེན་པ་ལྷ་མོར་བཅར་འདྲི་ཞུས་པའི་སྐོར།

འདི་ནི་བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་གཞོན་པ་སྤེན་པ་ལྷ་མོ་ཡིན་པ།
          “སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་བརྒྱུད། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཕྱིན་པ་དང་རྒྱལ་ཁབ་བཅོས་སྐྱོང་གི་ནུས་པ་ཡང་ཉིན་རེ་ལས་ཉིན་རེ་མ་འདས་པར་ཆེ་རུ་འགྲོ་བཞིན་ཡོད། འོན་ཀྱང་སྤྱོད་གོ་ཆོད་པའི་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་དེ་རྩ་ཁྲིམས་ཀྱི་མཐོ་ཚད་དུ་སླེབས་པར་བྱེད་པ་དང་རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་ནས་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ལ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་ནི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་པ་ལག་ལེན་དངོས་ལས་ར་འཕྲོད་བྱས་ཡོད”རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཨེ་ཤེ་ཡ་ལྷོ་མའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ། ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་གཞོན་པ་སྤེན་པ་ལྷ་མོས་རྩ་ཁྲིམས་ལ་བསྐྱར་དུ་བཟོ་བཅོས་བརྒྱབ་པ་དེས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ལ་རྩ་ཁྲིམས་ཀྱིས་སྔར་བས་འགན་ལེན་བྱ་རྒྱུ་སྲ་བརྟན་དུ་བཏང་ཡོད་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དོན་དངོས་ཀྱི་དོན་སྙིང་གལ་ཆེན་ལྡན་ཁར་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་དོན་སྙིང་ཡང་ལྡན་ཡོད། དེ་དང་ཆབས་ཅིག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་དང་། ལམ་ལུགས། རིགས་པའི་གཞུང་ལུགས། རིག་གནས་བཅས་ཐད་ཀྱི་རང་རྒྱལ་གྱི་ཚད་མཐོའི་གདེང་ཚོད་མངོན་ཡོད་ཅེས་གསུངས་པ་རེད།
          སྤེན་པ་ལྷ་མོས་ད་ཐེངས་ཀྱི་རྩ་ཁྲིམས་བཟོ་བཅོས་ནང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འབད་འཐབ་དམིགས་ཚད་རྩ་ཁྲིམས་ནང་བཅུག་པ་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཁྲོད་རྒྱལ་ཁབ་སྟོབས་འབྱོར་དང་ཤེས་དཔལ་གྱི་བརྗིད་ཆེའི་འཆར་གཞི་རྩ་ཁྲིམས་ཀྱི་དབང་གྲགས་ཐོག་ནས་གསལ་པོ་སྟོན་པ་ཞིག་ཡིན་ལ། དེས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཡང་དོན་སྙིང་གལ་ཆེན་ལྡན་ཡོད། དེ་དང་ཆབས་ཅིག“ཞི་མཐུན”གྱི་མི་རིགས་འབྲེལ་བ་རྩ་ཁྲིམས་ནང་བཅུག་སྟེ་རང་རྒྱལ་གྱི་མི་རིགས་འབྲེལ་བའི་འཕེལ་རྒྱས་ཁ་ཕྱོགས་སྔར་བས་གསལ་པོ་སྟོན་ཡོད། ཞི་མཐུན་ནི་མི་རིགས་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པ་ལས་བྱུང་བའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཡིན་ལ། དེ་བས་རང་རྒྱལ་གྱི་མི་རིགས་འབྲེལ་བ་འཕེལ་རྒྱས་ཀྱི་དམིགས་ཚད་འདུན་པ་ཞིག་ཡིན་པའི་ངོས་འཛིན་གནང་བ་རེད།
          སྤེན་པ་ལྷ་མོས་ཟླ་12ཚེས་4ཉིན་དེ་རྒྱལ་ཡོངས་ཀྱི་རྩ་ཁྲིམས་དྲིལ་བསྒྲགས་ཉིན་མོར་གཏན་འཁེལ་བྱས་པ་ནས་བཟུང་། དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད། དེར་བརྟེན་ངས་རྩ་ཁྲིམས་བཟོ་བཅོས་དང་ཟུང་འབྲེལ་བྱས་ཏེ་སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་ཀྱི་ངོ་བ་དང་། གནས་བབ། ནང་དོན་བཅས་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་པ་དང་རྩ་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བའི་ཁྲིམས་སྐྱོང་རྣམ་པ་བསྐྲུན་ཏེ་མི་དམངས་མང་ཚོགས་ཀྱིས་དེ་བས་ལེགས་པའི་སྒོ་ནས་རྩ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་དང་རྩ་ཁྲིམས་ཀྱི་འོས་འགན་ལག་བསྟར་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།