གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྩ་ཁྲིམས་ཀྱི་མདུན་དུ་དམ་བཅའ་བཞག་གནང་བ།
སྤེལ་དུས 2018-03-17
ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
རྩོམ་པ་པོ། མི་གསལ།
སྤྱི་ཟླ་༣པའི་ཚེས་༡༧ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་ཤིང་། ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་། འདི་ནི་ཞི་ཅིན་ཕིང་གིས་རྩ་ཁྲིམས་ཀྱི་མདུན་དུ་དམ་བཅའ་བཞག་པའི་འདྲ་པར་རེད།