ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ལི་ཁེ་ཆང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁི་དང་གྲོས་མོལ་མཛད།

སྤེལ་དུས 2018-05-09 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

             ས་དེའི་ཚེས་བདུན་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མའོ་ཝུའུ་ཙུང་ཐུང་བཞུགས་ཤག་ནས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁི་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་གྱི་སྔོན་ལ། ཙོ་ཁི་ཡིས་ཙུང་ཐུང་བཞུགས་ཤག་ནས་ལི་ཁེ་ཆང་ལ་གཟབ་རྒྱས་ཆེ་བའི་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།
             ས་དེའི་ཚེས་བདུན་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མའོ་ཝུའུ་ཙུང་ཐུང་བཞུགས་ཤག་ནས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁི་དང་གྲོས་མོལ་མཛད།
             ལི་ཁེ་ཆང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཙོ་ཁི་ལ་བརྩེ་བའི་འཚམས་འདྲི་མཛད་པ་བརྒྱུད་སྒྲོག་གནང་། ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ནི་ཁྱིམ་མཚེས་ཡིན་ལ། ཐུན་མོང་ཁེ་ཕན་རྒྱ་ཆེན་ལྡན་པའི་མཉམ་ལས་གྲོགས་པོ་ཡིན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཐེངས་མ་པོར་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་དང་དངོས་གཉེར་མཉམ་ལས་ཆུ་ཚད་གསར་བ་ཞིག་ཏུ་གོང་འཕེལ་ལ་བཏང་ཡོད། ད་ལོ་ནི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ལྔ་ལོན་པའི་ལོ་ཡིན་ལ། ཀྲུང་གོས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་འབད་བརྩོན་བྱས་ཏེ། བབ་བསྟུན་མདུན་སྐྱོད་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལ་གོང་འཕེལ་སྔར་ལས་ཆེན་པོ་འབྱུང་བར་བྱེད་འདོད་ཡོད་ཟེར།
             ལི་ཁེ་ཆང་གིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་གི་ཆབ་སྲིད་དཔལ་འབྱོར་གནས་བབ་འོག་ཏུ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ཀ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་གཉིས་ཀ་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཡིན་པས། ལག་རྡང་མཉམ་སྦྲེལ་དང་འཕེལ་རྒྱས་མཉམ་གཉེར་བྱས་ན་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པར་མ་ཟད། ས་ཁུལ་དང་ཐ་ན་འཛམ་གླིང་ལ་ཡང་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཟེར།
             ལི་ཁེ་ཆང་གིས་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་པ་དང་འཐབ་ཇུས་འབྲེལ་འདྲིས་གོང་འཕེལ་དུ་གཏོང་བར་གྲོས་གཞི་ཞིབ་མོ་བཏོན། གཅིག རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་སྒྲོམ་གཞིའི་འོག་ཏུ་ཕྱོགས་གཉིས་ཀ་དང་ས་ཁུལ། རྒྱལ་སྤྱིའི་རིམ་པ་བཅས་ཕྱོགས་ཡོངས་ཀྱི་མཉམ་ལས་བསྐྲུན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་གཏོང་བར་གཞོགས་འདེགས་སྔར་ལས་བཟང་པོ་བྱེད་དགོས། གཉིས། ཕྱོགས་གཉིས་ཀྱི་འཆར་གཞི་སྦྲེལ་མཐུད་ཟབ་མོ་བྱས་ནས། ཐོན་ནུས་མཉམ་ལས་ལ་ཤུགས་སྣོན་པ་དང་། ཚབ་མཚོན་རང་བཞིན་གྱི་ལས་གཞིའི་མཉམ་ལས་སྤེལ་ཏེ། དཔལ་འབྱོར་སྤྱི་ཚོགས་ཀྱི་ཕན་འབྲས་སྔ་མོ་ནས་མངོན་པར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་སུ་ཕན་འདོགས་དགོས་ལ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་སྔར་ལས་བཟང་པོ་བྱེད་དགོས། གསུམ། ཉོ་འཚོང་དངུལ་གཏོང་མཉམ་ལས་ཟབ་སྤེལ་བྱས་ཏེ། ཧིན་རྡུ་ཉི་ཞི་ཡའི་སྤུས་ལེགས་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་རྒྱ་བསྐྱེད་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ཧིན་རྡུ་ཉི་ཞི་ཡ་ནས་མ་དངུལ་གཏོང་ཚད་རྒྱ་བསྐྱེད་པར་སྐུལ་མ་གཏོང་དགོས། བཞི། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམངས་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། མི་སྣའི་འགྲོ་འོང་དང་མཉམ་འབྲེལ་མཉམ་གཏོང་ཇེ་ཟབ་ཏུ་གཏོང་བ། རིག་གཞུང་དང་ན་གཞོན་གྱི་འགྲོ་འོང་ལ་ཤུགས་སྣོན་པ་བཅས་བྱས་ཏེ། རིག་གནས་བརྗེ་རེས་སློབ་སྦྱོང་ལ་ཡར་སྐུལ་བྱེད་དགོས་ཟེར། 
             ཙོ་ཁི་ཡིས་ཙུང་ལི་ལི་ཁེ་ཆང་ཧིན་རྡུ་ཉི་ཞི་ཡར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཁོས་བཤད་རྒྱུར། ཀྲུང་གོ་ནི་ཧིན་རྡུ་ཉི་ཞི་ཡའི་འཐབ་ཇུས་གྲོགས་པོ་ཡིན་ལ། ཕྱོགས་གཉིས་ཀྱིས་དཔལ་འབྱོར་དང་ཉོ་འཚོང་། དངུལ་གཏོང་། རིག་གནས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་ཟབ་སྤེལ་བྱས་ཏེ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ཡོད། ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་མཉམ་ལས་དེ་རྒྱལ་སྤྱིའི་སྒྲིག་སྲོལ་བརྩི་སྲུང་བྱེད་པའི་རྨང་གཞིའི་སྟེང་བཙུགས་པ་ཡིན་ལ། དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་ལ་མཐུན་པར་མ་ཟད། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ཡང་དོན་སྙིང་གལ་ཆེན་ལྡན། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོའི་བར་གྱི་རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།
             ཕྱོགས་གཉིས་ཀྱིས་ད་དུང་མཉམ་དུ་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།
             གྲོས་མོལ་གྱི་སྔོན་ལ། ཙོ་ཁོ་ཡིས་ཙུང་ཐུང་བཞུགས་ཤག་གི་ཐང་ཆེན་ནས་ལི་ཁེ་ཆང་ལ་གཟབ་རྒྱས་ཆེ་བའི་དགའ་བསུའི་མཛད་སྒོ་བསྡུས།
             གྲོས་མོལ་གྱི་རྗེས་སུ། ལི་ཁེ་ཆང་དང་ཙོ་ཁི་གཉིས་ཀྱིས་ཕྱོགས་གཉིས་ཀྱིས་འབྲེལ་ཡོད་མཉམ་ལས་ཡིག་ཆ་བཀོད་པར་བདེན་དཔང་བྱས།
             དེའི་རྗེས་སུ། ལི་ཁེ་ཆང་དང་ཙོ་ཁི་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།
             ལི་ཁེ་ཆང་གིས་གྲོས་མོལ་གྱི་གྲུབ་འབྲས་ལ་གདེང་འཇོག་ལེགས་པོ་མཛད། ཁོང་གིས་བསྟན་དོན། འཛམ་གླིང་གི་དཔལ་འབྱོར་ཚོགས་པ་གཙོ་བོ་ཡིན་པའི་ཆ་ནས། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡིས་འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་གྱི་འཕེལ་རིམ་ལ་མཉམ་དུ་འབད་བརྩོན་ཆེན་པོས་སྐུལ་འདེད་བཏང་བ་དང་། ཉོ་འཚོང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་ལ་སྐུལ་སྤེལ་བྱེད་བཞིན་ཡོད་ཟེར།
             ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོས་ཧིན་རྡུ་ཉི་ཞི་ཡར་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱེད་པའི་རོགས་རམ་བྱེད་འདོད་ཡོད་ཟེར།
             ཙོ་ཁི་ཡིས་ཙུང་ལི་ལི་ཁེ་ཆང་དང་ངེད་གཉིས་ཀྱིས་ཕན་འབྲས་ཕུན་སུམ་ཚོགས་པའི་གྲོས་མོལ་བྱས་ཡོད། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་འཚོང་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།