ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ལི་ཁེ་ཆང་ཀྲུང་གོ་དང་འཇར་པན་གྱི་ཧྲིན་ཀྲང་དང་ཀྲི་ཧྲིའི་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

སྤེལ་དུས 2018-05-14 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ས་དེའི་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་འཇར་པན་པེ་ཧེ་ཏའོ་ཡི་ཀྲ་ཧོང་གྲོང་ཁྱེར་གྱི་ཁོངས་བཞུགས་སའི་མགྲོན་ཁང་ནས་ཀྲུང་གོ་དང་འཇར་པན་གྱི་ཧྲིན་ཀྲང་དང་ཀྲི་ཧྲིའི་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་མཛད་སྒོར་ཞུགས།
           ས་དེའི་ཚེས་བཅུ་ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཧེ་ཏའོ་ཡི་ཀྲ་ཧོང་གྲོང་ཁྱེར་གྱི་ཁོང་བཞུགས་སའི་མགྲོན་ཁང་ནས་འཇར་པན་པེ་ཧེ་ཏའོ་ཡི་ཀྲི་ཧྲི་ཀའོ་ཆའོ་ཁྲུན་མཱེ་ལ་མཇལ་འཕྲད་གནང་།
           ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་འཇར་པན་པེ་ཧེ་ཏའོ་ཡི་ཀྲ་ཧོང་གྲོང་ཁྱེར་གྱི་ཁོངས་བཞུགས་སའི་མགྲོན་ཁང་ནས་ཀྲུང་གོ་དང་འཇར་པན་གྱི་ཧྲིན་ཀྲང་དང་ཀྲི་ཧྲིའི་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་མཛད་སྒོར་ཞུགས།
           ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་གལ་ཆེན་ཡིན་ལ། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་གོང་འཕེལ་དུ་གཏོང་བ་ནི། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཞིང་། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་གཏན་འཇགས་དང་དར་རྒྱས་ལ་ཕན་པས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞིའི་རྩ་དོན་གཞིར་བཟུང་ནས། ཞི་བདེ་མཛའ་མཐུན་ཆིངས་ཡིག་གི་ཁ་ཕྱོགས་ཆེན་པོ་དམ་འཛིན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་གོང་འཕེལ་དུ་གཏོང་དགོས། ད་ལོ་ནི་ཀྲུང་གོ་དང་འཇར་པན་གྱིས་ཞི་བདེའི་མཛའ་མཐན་ཆིངས་ཡིག་བཀོད་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན་ལ། ཕྱོགས་གཉིས་ཀྱིས་ཆིངས་ཡིག་གི་དགོངས་དོན་བསྐྱར་དྲན་བྱེད་པ་དང་། ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་བ། མཛའ་མཐུན་མཉམ་ལས་རྒྱ་བསྐྱེད་པ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་བསྐྱར་རྒྱུན་ལྡན་གྱི་བགྲོད་ལམ་དུ་སྐྱོད་པར་སྐུལ་འདེད་བཏང་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་ལེན་དགོས་པར་མ་ཟད་ཡུན་རིང་བརྟན་བརླིང་ངང་གོང་འཕེལ་དུ་གཏོང་དགོས།
           ལི་ཁེ་ཆང་གིས་བསྟན་དོན། ས་གནས་ཀྱི་བརྗེ་རས་མཉམ་ལས་ནི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བའི་ཐབས་ལམ་གལ་ཆེན་ཡང་ཡིན། ཐེངས་འདིའི་འཚམས་འདྲིའི་སྐབས་སུ། ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་དུ་མཉམ་ལས་ཀྱི་གྲོས་མཐུན་མང་པོ་བཀོད་དེ། རྒྱལ་ཁབ་གཉིས་ཀྱི་ས་གནས་དང་ཁེ་ལས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་ཆ་རྐྱེན་དང་བར་སྟོང་མང་པོ་བསྐྲུན་ཡོད། ཕྱོགས་གཉིས་ཀ་གསར་གཏོད་འཕེལ་རྒྱས་ཀྱི་མཉམ་ལས་སྤེལ་བ་དང་། གསར་གཏོད་གྲོས་མོལ་གྱི་རྐྱེན་སྲོལ་འཛུགས་པ། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་ལག་རྩལ་དང་མི་གྲངས་ལོ་ལོན་ཅན་ལ་ཁ་གཏད་འཇལ་བ། སྨན་བཅོས་འཕྲོད་བསྟེན་སོགས་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་དམངས་ཚིས་དགོས་མཁོ་དང་མཐུན་པའི་ཁྱབ་ཁོངས་ནས་ལག་རྩལ་མཉམ་ལས་སྤེལ་བ་དང་མཉམ་དུ། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་ནན་མོ་བྱེད་པ། ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཁ་གསབ་ཁྱད་སྟོབས་འདོན་སྤེལ་བྱས་ཏེ་ཕྱོགས་གསུམ་པའི་ཁྲོམ་ར་མཉམ་དུ་གསར་སྤེལ་བྱེད་པ་དང་། མཉམ་ལས་ལས་འགྲན་རྩོད་སྟོབས་ཤུགས་སྔར་ལས་ཆེན་པོ་ཆགས་པར་བྱེད་པ། དངུལ་རྩའི་མཉམ་ལས་ལ་ཤུགས་བསྣན་ནས། དངུལ་ལོར་བརྗེ་རེས་ཆོད་དོན་མྱུར་དུ་འགོད་པ་བཅས་ལ་འཐད་པ་བྱུང་ཡོད་ཟེར།
           ལི་ཁེ་ཆང་གིས་བསྟན་དོན། པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་བཅོ་བརྒྱད་ལོའི་ལོ་ཚོགས་སྟེང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་ཕྱི་ཕྱོགས་སུ་འབྱེད་པའི་སྒོ་ཇེ་ཆེ་ནས་ཇེ་ཆེར་གཏོང་ངེས་ཞེས་གསལ་པོར་བསྟན་ཡོད། བརྒྱུད་རིམ་འདིའི་ཁྲོད་དུ། ཀྲུང་གོའི་ས་གནས་ཀྱི་ཞིང་ཆེན་དག་གིས་འཇར་པན་གྱི་ས་གནས་བར་དུ་མཐོ་རིམ་ཚན་རྩལ་དང་མཐོ་ཚད་གསར་བཟོ། དེང་རབས་ཞིང་ལས་སོགས་ཕྱོགས་ནས་འབྲེལ་འདྲིས་མཉམ་ལས་བྱེད་འདོད་ཡོད་ལ། འཇར་པན་གྱི་ས་གནས་དང་ཁེ་ལས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རིམ་ཁྲོད་རང་འགུལ་གྱིས་ཞུགས་ཏེ། གཉིས་ཕན་མཉམ་རྒྱལ་དགའ་བསུ་ཞུ་བཞིན་ཡོད་ཟེར།
           ཨན་པེ་ཅིན་སན་གྱིས་བསྟན་དོན། འཇར་པན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་གྲོང་ཁྱེར་གྱི་བརྗེ་རེས་རྒྱུན་ཆད་མེད་པར་གོང་འཕེལ་དུ་སོང་ནས། རྒྱལ་ཁབ་གཉིས་ཀ་ཞི་བདེ་དང་མཛའ་མཐུན་ངང་འཕེལ་རྒྱས་སུ་འགྲོ་བའི་སྒུལ་ཤུགས་ཤིག་དང་ལྷོད་པ་མེད་པའི་མཛའ་བརྩེའི་སྦྲེལ་ཐག་ཅིག་ཏུ་གྱུར་ཡོད། ཕྱོགས་གཉིས་ཀྱིས་ས་གནས་འགྲོ་འོང་གི་གསོན་ཤུགས་སྔར་ལས་ཆེ་རུ་བསྐྱེད་པ་དང་། མི་གྲངས་ལོ་ལོན་ཅན་ལ་ཁ་གཏད་འཇལ་བ་དང་ས་གནས་ཀྱི་འཕེལ་རྒྱས། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གཉིས་ཕན་འབྲེལ་བ་གོང་འཕེལ་དུ་གཏོང་དགོས་ཟེར།
           ཀྲུང་གོ་དང་འཇར་པན་ཕྱོགས་གཉིས་ཀྱི་ཧྲིན་ཀྲང་དང་ཀྲི་ཧྲི་བཅུ་གཉིས་གླེང་སྟེགས་ལ་ཞུགས།
           ས་དེའི་ཚེས་བཅུ་ཉིན་གྱི་དགོང་མོར། ལིས་ཁི་ཆང་ཏུང་ཅིན་ནས་པེ་ཧེ་ཏའོ་ཡི་ཀྲ་ཧོང་གྲོང་ཁྱེར་དུ་ཕེབས་ནས། མུ་མཐུད་དུ་འཇར་པན་ལ་དངོས་གཞིའི་འཚམས་འདྲི་མཛད། འཇར་པན་པེ་ཧེ་ཏའོ་ཡི་ཀྲི་ཧྲི་ཀའོ་ཆའོ་ཁྲུན་མཱེ་གནམ་གྲུ་ཐང་དུ་བསུ་མར་སོང་།
           དེའི་རྗེས་སུ། ལི་ཁེ་ཆང་གིས་ཀྲ་ཧོང་གྲོང་ཁྱེར་གྱི་ཁོང་བཞུགས་སའི་མགྲོན་ཁང་ནས་ཀའོ་ཆའོ་ཁྲུན་མཱེ་ལ་མཇལ་འཕྲད་གནང་།
           ལི་ཁེ་ཆང་གིས་བསྟན་དོན། པེ་ཧེ་ཏའོ་ནི་འཇར་པན་གྱི་ཞིང་ལས་རྟེན་གཞི་གལ་ཆེན་ཡིན། ཀྲུང་གོས་ཚན་རྩལ་གསར་གཏོད་ཁྱབ་ཁོངས་ནས་འཇར་པན་ཕྱོགས་ལ་མཉམ་ལས་བྱེད་འདོད་ཡོད་པར་མ་ཟད། དེང་རབས་ཞིང་ལས་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་བྱེད་པར་ཡང་རེ་སྒུག་བྱས་ཡོད། ང་ཚོས་འཇར་པན་ནས་ཀྲུང་གོའི་འཛད་སྤྱོད་པའི་དགོས་མཁོ་དང་མཐུན་པའི་སྤུས་ཚད་མཐོ་ཞིང་བདེ་འཇགས་ཡིན་ལ། བློ་གཏད་ཆོག་པའི་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་འདོད་ཡོད་པ་དང་། འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཉམ་ལས་ཆུ་ཚད་མཐོར་འདེགས་སུ་གཏོང་འདོད་ཡོད་ཟེར།
           ཀའོ་ཆའོ་ཁྲུན་མཱེ་ཡིས་བསྟན་དོན། ད་ལོ་ནི་འཇར་པན་དང་ཀྲུང་གོས་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན་ལ། དྲན་གསོ་ཞུ་རིན་ཡོད་པའི་ལོ་གལ་ཆེན་ཞིག་ཡིན། པེ་ཧེ་ཏའོ་ཡིས་མུ་མཐུད་དུ་ཀྲུང་གོའི་ས་གནས་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ནས། འཇར་པན་དང་ཀྲུང་གོའི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བར་བྱས་རྗེས་ལེགས་པོ་འཇོག་འདོད་ཡོད་ཟེར།
           ཝང་དབྱི་དང་ཧི་ལིས་ཧྥིན་གཉིས་གོང་གི་བྱ་འགུལ་ལ་ཞུགས།