ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་བདེ་འཇགས་ཚོགས་འདུའི་དྲུང་ཆེའི་ཚོགས་འདུར་ཞུགས་མཁན་ཕྱི་རྒྱལ་གྱི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་མཇལ་འཛོམས་གནང་བ།

སྤེལ་དུས 2018-05-24 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
༄༅།།ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་བདེ་འཇགས་
ཚོགས་འདུའི་དྲུང་ཆེའི་ཚོགས་འདུར་ཞུགས་མཁན་ཕྱི་རྒྱལ་གྱི་འཐུས་མི་ཚོགས་པའི་ཚོགས་
གཙོ་དང་མཇལ་འཛོམས་གནང་བ།
           མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་བདེ་འཇགས་ཚོགས་འདུའི་དྲུང་ཆེའི་ཚོགས་འདུ་ཐེངས་བཅུ་གསུམ་པར་ཞུགས་མཁན་ཕྱི་རྒྱལ་གྱི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་མཇལ་འཛོམས་གནང་བ་རེད།
           ཞི་ཅིན་ཕིང་གིས་བསྟན་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ཚུན། ཁོངས་མིའི་རྒྱལ་ཁབ་ཁག་གིས་ཐོག་མཐའ་བར་གསུམ་དུ་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་སྔོན་འགྲོའི་ཁ་ཕྱོགས་སུ་བརྩིས་ཏེ་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེར་བཏང་བ་དང་། མཉམ་ལས་ཀྱི་ལག་ལེན་ཕུན་སུམ་ཚོགས་སུ་བཏང་བ།“ཐུར་ཅུའེ་ཤར་མ”སོགས“ངན་ཤུགས་གསུམ”ལ་རྡུང་རྡེག་ཚ་ནན་བཏང་བ། གླེང་མང་བའི་གནད་དོན་གྱི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཕྱིར་གྱར་རྒྱུར་དོགས་ཟོན་བཅས་བྱས་ཏེ་ས་ཁུལ་ཡུན་རིང་བདེ་འཁོད་དང་འཕེལ་རྒྱས་གྲ་རྒྱས་ཡོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཁོངས་མིའི་རྒྱལ་ཁབ་མང་དུ་ཕྱིན་རྗེས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བདེ་འཇགས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་དེ་བས་ཆེ་རུ་ཕྱིན་པ་དང་ཕྲག་ཐོག་གི་འགན་འཁྲི་དེ་བས་ལྕི་རུ་ཕྱིན་པ་མ་ཟད། ས་ཁུལ་དང་རྒྱལ་ཁབ་ཁག་གི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དེ་བས་མང་བའི་རེ་སྒུག་འདུས་ཡོད། བདེ་འཇགས་ཚོགས་འདུ་དང་དྲུང་ཆེའི་ཚོགས་འདུའི་ལམ་སྲོལ་དུས་བབ་ཀྱི་འགྱུར་ལྡོག་དང་ཧུར་ཐག་འཚམ་པ་བྱེད་པ་དང་འགན་འཁྲི་ཏན་ཏིག་བསྒྲུབས་ཏེ་ཁོངས་མིའི་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་དེ་བས་ནུས་ལྡན་གྱི་རྒྱབ་སྐྱོར་མཁོ་འདོན་བྱེད་དགོས།
           ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་ས་ཁུལ་གྱི་བདེ་འཇགས་དུས་བབ་སྤྱིའི་ཆ་ནས་བརྟན་ལྷིང་ཡོད་མོད། འོན་ཀྱང“ངན་ཤུགས་གསུམ”དང་། དུག་རྫས་ལྐོག་འདྲེན། རྒྱལ་སྒྲོལ་ལྐོག་ཇུས་ཉེས་གསོག་སོགས་འགྲན་སློང་དྲག་པོ་སྔར་བཞིན་འཕྲད་བཞིན་ཡོད་པས། ང་ཚོས་སེམས་ཁྲལ་གྱི་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་སྟེ་སེམས་རྣལ་ལ་ཕབ་ནས་བསམ་བློ་གཏོང་བ་དང་། བརྡར་ཤ་ཡང་དག་གཅོད་པ། ཁ་གཏད་འོས་འཚམ་གཅོག་པ་བཅས་བྱེད་དགོས། བདེ་འཇགས་མཉམ་ལས་ཀྱི་འཐབ་ཇུས་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱས་ཏེ་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱ་རྒྱུ་མུ་མཐུད་བརྟན་དུ་གཏོང་བ་དང་།
           སྲིད་ཇུས་སྦྲེལ་མཐུད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། གཞུང་དྲང་དྲང་བདེན་མཐའ་འཁྱོངས་བཅས་བྱས་ཏེ་ཆབ་སྲིད་ཀྱི་ཕྱི་འབྲེལ་བྱེད་ཐབས་དང་ཞི་བའི་ཐོག་ནས་གླེང་མང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་མུ་མཐུད་མཐའ་འཁྱོངས་བྱས་ཏེ་ཕྱོགས་བསྡུས་ཇུས་འདོན་དང་རྩ་ལག་མཉམ་བཅོས་ཀྱི་བདེ་འཇགས་བཅོས་སྒྲིག་བྱེད་ཐབས་ཁྱབ་གདལ་བཏང་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བདེ་འཇགས་མཉམ་ལས་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། བདེ་འཇགས་མཉམ་ལས་ཀྱི་ནུས་པར་ཤུགས་སྣོན་བརྒྱབ་ནས་དེ་བས་ཚགས་ཚུད་དང་། འཐུས་ཚང་། ཕན་ཆེ་བཅས་ཀྱི་ཁྲིམས་འཛིན་མཉམ་ལས་དྲ་བ་འཛུགས་པ་དང་མུ་མཐུད་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་བརྟན་ལྷིང་སྲུང་སྐྱོང་གི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།
           ཞི་ཅིན་ཕིང་གིས་ཀྲུང་གོས་རང་ཉིད་ཀྱི་བདེ་འཇགས་དང་ས་ཁུལ་རྒྱལ་ཁབ་ཁག་གི་བདེ་འཇགས་དང་མུ་མཐུད་མཉམ་འདྲེས་བྱས་ཏེ་ཁོངས་མིའི་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་ཕན་ཚུན་བརྩི་འཇོག་དང་། གཞུང་དྲང་དྲང་བདེན། མཉམ་ལས་གཉིས་ཁེ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་བསྐྲུན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
           ཨུ་རུ་སུའི་བདེ་འཇགས་ཚོགས་འདུའི་དྲུང་ཆེ་ཕཱ་ཐེ་ལུའུ་ཧྲེ་ཕུའུ་དང་ཁེར་གྷི་སི་ཐན་གྱི་བདེ་འཇགས་ཚོགས་འདུའི་དྲུང་ཆེ་སཱ་ཀེན་པཱ་ཡེ་ཕུའུ་ཡིས་ཕྱི་རྒྱལ་གྱི་ཚབ་ཞུས་ཏེ་སྔ་རྗེས་སུ་གཏམ་བཤད་བྱས་ཤིང་། ཁོང་ཚོས་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣས་ཞི་ཅིན་ཕིང་ལ་བྱམས་བརྩེའི་འཚམས་འདྲི་ཞུ་ལུགས་བརྒྱུད་བསྒྲགས་བྱས་པ་དང་། ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་བདེ་འཇགས་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་ཚོས་རྒྱལ་ཁབ་ཁག་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཀྲུང་གོས་འགོ་ཁྲིད་མི་སྣའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ལག་གདང་སྦྲེལ་ནས་ཁོངས་མིའི་རྒྱལ་ཁབ་ལ་འཕྲད་པའི་ཐུན་མོང་འགྲན་སློང་ལ་ཁ་གཏད་གཅོག་པ། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་ཐད་བཏོན་པའི་གྲོས་འགོ་བཅས་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱི་གཙོ་སྐྱོང་འོག ད་ཐེངས་ཀྱི་བདེ་འཇགས་ཚོགས་འདུ་དང་དྲུང་ཆེའི་ཚོགས་འདུའི་ཐོག འཇིགས་སྐུལ་རིང་ལུགས་དང“ངན་ཤུགས་གསུམ”ལ་རྡུང་རྡེག་གཏོང་རྒྱུ་དང་། ཆ་འཕྲིན་བདེ་འཇགས་ལ་ཤུགས་སྣོན་རྒྱག་རྒྱུ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་སོགས་ཁོངས་མིའི་རྒྱལ་ཁབ་ཀྱིས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ལ་གྲོས་བསྡུར་གཏིང་ཟབ་བྱས་ཏེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བདེ་འཇགས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆེད་སྔར་བས་ཁ་ཕྱོགས་གསལ་སྟོན་དང་ཆིང་ཏའོ་དབུ་ཚོགས་གྲ་སྒྲིག་བྱ་ཆེད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་བཤད།