ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གསུང་བཤད་གལ་ཆེན་གནང་བ།

སྤེལ་དུས 2019-01-14 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
ཟླ་1ཚེས་11ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། འདི་ནི་ཞི་ཅིན་ཕིང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བཞིན་པ།
             ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ནས་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པ། རུལ་རྒོལ་འཐབ་རྩོད་ལ་ཐོབ་པའི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་འབྲེལ་བ་ཟབ་མོས་སྐུལ་འདེད་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་གྲུབ་འབྲས་གཟེངས་སུ་ཐོབ་པའི་སྒོ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད། 
             ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་པ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལེ་ཅིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
             ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ང་ཚོས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་གནས་བབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་པ། ལྟ་སྐུལ་སྒྲིག་བསྟར་གྱི“རྣམ་པ་བཞི”བེད་སྤྱོད་གཏིང་ཟབ་བྱས་པ། རུལ་རྒོལ་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ལེན་པ། མང་ཚོགས་ཉེ་འཁོར་གྱི་རུལ་སུངས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་བཏང་བ་བཅས་ལ་གལ་ཆེའི་གྲུབ་འབྲས་གསར་པ་ཐོབ་པ་མ་ཟད། ད་དུང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཕེལ་རྒྱས་གསར་པ་ཡོང་རྒྱུར་འགན་ལེན་ནུས་ལྡན་ཡང་ཐུབ་ཡོད། ལོ་གཅིག་རིང་ཏང་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྔར་བས་སྲ་བརྟན་ནུས་ལྡན་བྱུང་བ་དང་། ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་དངོས་ཕན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་སོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་སྔར་བས་ལེགས་སུ་སོང་ནས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཏང་འདི་ཉིད་ནས་གསོན་ཤུགས་དང་སྐྱེ་སྟོབས་དེ་བས་ཆེན་པོ་མངོན་ཡོད་ཅེས་ནན་བཤད་གནང་བ་རེད། 
             ཞི་ཅིན་ཕིང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་ལ་དོ་དམ་དང་བཅོས་སྐྱོང་ནན་པོ་བྱས་ཏེ། ཉམས་མྱོང་རྩ་ཆེན་མང་པོ་ཞིག་འཚོལ་ཞིབ་བྱས་ནས་བསགས་ཡོད། དེ་ནི་ངེས་པར་དུ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ཏང་ཡོངས་གོམ་སྟབས་གཅིག་མཚུངས་དང་བྱ་སྤྱོད་གཅིག་མཐུན་ཡོང་བ་བྱེད་དགོས་པ་དང་། ངེས་པར་དུ་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་རྒྱུ་དང་ཏང་སྐྱོང་བར་ངེས་པར་དུ་དམ་ནན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་འདི་ཉིད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཆུ་གཞུང་གི་གཞོམ་མེད་བྲག་རི་ལྟ་བུར་འགྱུར་བ་བྱེད་དགོས་པ། ངེས་པར་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་རྒྱུ་འགན་ལེན་བྱེད་དགོས་པ། ངེས་པར་དུ་སྒྱུར་བཅོས་གསར་གཏོད་དང་དཀའ་སྤྱད་འབད་འཐབ་ཀྱི་སྤྱོད་ཚུལ་མཐའ་འཁྱོངས་བྱས་ནས་རང་རེའི་ཏང་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་འགན་ལེན་བྱེད་དགོས་པ། 
             ངེས་པར་དུ་སྒྱིད་ལུག་རུལ་སུངས་ཀྱི་སྣང་ཚུལ་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་སྤྱོད་གཙང་གཞུང་དྲང་གི་རང་རེའི་ཏང་གི་ཆབ་སྲིད་ཀྱི་ངོ་བོ་ནམ་ཡང་མི་ཉམས་པ་བྱེད་དགོས་པ་བཅས་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་འཕེལ་རིམ་ལ་ཕྱིར་ལྟ་བྱེད་སྐབས་ང་ཚོས་གསལ་པོར་མཐོང་ཐུབ་པ་ནི། སྤྱི་ཚོགས་གསར་བརྗེ་བྱས་པ་དང་ཆབས་ཅིག་རང་ངོས་གསར་བརྗེ་རྒྱུན་ཆད་མེད་པར་བྱས་པ་དེ་ནི་རང་རེའི་ཏང་དང་ཏང་སྲིད་གཞན་དབར་མི་འདྲ་བའི་མཚོན་རྟགས་མངོན་གསལ་དོད་ཤོས་ཡིན་ལ་རང་རེའི་ཏང་གིས་རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་བསྐྱོད་པའི་འགག་རྩར་ཐུག་ས་དེའང་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་ངོ་བོ་དང་དམིགས་ཡུལ་མི་བརྗེད་པར་རང་ཉིད་ལ་ལྷག་པའི་གནད་དོན་ལ་གདོང་གཏད་ཕོད་པ་དང་རུས་འབྲད་དུག་སེལ་གྱི་ཆོད་སེམས་དང་སྙིང་སྟོབས་ཐོག་ནས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་གནོད་པའི་རྒྱུ་རྐྱེན་ཐ་དག་བསལ་ན་ཏང་གིས་ཡུན་རིང་སྲིད་འཛིན་པའི་ཆ་རྐྱེན་འོག་རང་ངོས་གཙང་སེལ་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བཅོས། རང་ངོས་མཐོར་གཏོང་བཅས་ཀྱི་ཐབས་ལམ་ནུས་ལྡན་ཞིག་ཆགས་ཐུབ་ཅེས་བསྟན་གནང་བ་རེད། ཞི་ཅིན་ཕིང་གིས་2019ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱའི་འབད་འཐབ་དམིགས་ཚད་དང་པོ་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་རེད། ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་མུ་མཐུད་སྐུལ་འདེད་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད། ཞི་ཅིན་ཕིང་གིས་དེའི་ཐད་ལས་འགན་ཁག་6བཏོན་གནང་བ་སྟེ། གཅིག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བསམ་བློར་དྲག་ཆས་སྤྲོས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་ཚད་གཞི་དང་ཡང་ཡང་བསྡུར་ནས་དུས་ཐོག་ཏུ་འཁྱོག་པ་བསྲང་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གང་དུ་ལག་ལེན་བསྟར་ན་དེ་གར་ལྟ་སྐུལ་དང་ཞིབ་བཤེར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་གི་བཀའ་གསུང་ཅི་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་ཡོངས་སུ་གཅིག་སྡུད་གཅིག་གྱུར་དང་བཀའ་གསུང་ཅི་སྒྲུབ་ཡོང་བ་བྱེད་དགོས། དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིག་ལག་བསྟར་དོན་འཁྱོལ་བྱས་ཏེ་དགེ་མཚན་ལྡན་ལ་སྐྱོན་བྲལ་གྱི་ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་འཕེལ་རྒྱས་གཏོང་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱ་རྒྱུ་ལས་འགན་གལ་ཆེན་ལ་བརྩི་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་པོའི་འགན་འཁྲི་ལག་ལེན་བསྟར་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་འཕེལ་ཕྱོགས་གསར་པ་དང་མཚོན་ཚུལ་གསར་པར་དམ་པོར་དམིགས་ནས་ནུས་པ་ལྡན་ལ་སྤྱོད་གོ་ཆོད་པའི་བཅོས་སྒྲིག་བྱེད་ཐབས་འདོན་དགོས། གསུམ་ནས་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་སྟེ་སེམས་ནུས་གཅིག་སྒྲིལ་གྱིས་འབྱོར་འབྲིང་མངོན་འགྱུར་ཡོང་བ་བྱེད་དགོས། “སྤྱོད་ཚུལ་བཞི”གཏན་འགོག་བྱ་རྒྱུ་དེ་ཏང་སེམས་དང་དམངས་སེམས་བརྟན་དུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ཏེ། སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་སོགས་ཀྱི་གོམས་སྲོལ་ངན་པ་ཐོན་མ་ཐག་རྡུང་རྡེག་གཏོང་དགོས་པ་དང“སྤྱོད་ཚུལ་བཞིའི”ལྐོག་གྱུར་དང་རིགས་སྒྱུར་གྱི་འཕེལ་ཕྱོགས་གསར་པར་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱེད་དགོས། བཞི་ནས་རུལ་སུངས་པར་ཆད་གཅོད་མཐའ་གཅིག་ཏུ་བྱས་ཏེ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། འབེན་བཙུགས་སྨན་བཅོས་དང་ཆད་གཅོད་གནད་ལ་འཁེལ་བ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཞིབ་བཤེར་ཐག་གཅོད་ནུས་ལྡན་བྱ་ཡུལ་གཙོ་བོར་དམིགས་པ། འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་ལས་གྲྭ་གལ་ཆེན་དང་། གཙོ་གནད་ཁྱབ་ཁོངས། འགག་རྩའི་ལས་གནས་བཅས་ལ་དམ་པོར་དམིགས་པ། དངུལ་རྩའི་ཁྱབ་ཁོངས་ཀྱི་རུལ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རུལ་སུངས་ཀྱི་གནད་དོན་ཐོན་རིགས་ལ་གཅིག་ཀྱང་མ་ལུས་པར་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། རྩ་ལག་མཉམ་བཅོས་གཏིང་ཟབ་ཏུ་གཏོང་བ་དང་རྩ་བཅོས་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་ཡུག་གཅིག་ཏུ་སྐུལ་འདེད་གཏོང་དགོས། ལྔ་ནས་བྱེད་པོའི་འགན་འཁྲི་ཤུགས་ཆེར་བཏང་སྟེ་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་སྐོར་གཟིགས་སྐོར་ཞིབ་ཁྱོན་ཡོངས་ལ་ཁྱབ་རྒྱུར་སྤུས་ཚད་མཐོ་པོའི་སྒོ་ནས་སྐུལ་འདེད་བཏང་སྟེ་བཅའ་སྡོད་སྒྲིག་གཞིའི་འགན་ནུས་འདོན་སྤེལ་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)དང་ལྷག་པར་དུ་ཧྲུའུ་ཅིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་དང་བྱེད་པོའི་འགན་འཁྲི་སྒྲུབ་ཤུགས་ཆེ་རུ་བཏང་སྟེ་འཐབ་ས་ཁག་དང་། ཁྱབ་ཁོངས་ཁག ལྷུ་ཚིགས་ཁག་བཅས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་ལ་དམ་འཛིན་ཞིབ་ཚགས་དང་དམ་འཛིན་གཏིང་ཟབ་བྱེད་དགོས། དྲུག་ནས་མང་ཚོགས་ཀྱི་ཉེ་འཁོར་དུ་ལྷག་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་ཐག་གཅོད་ནན་པོ་བྱས་ཏེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་བྱེད་དགོས། གྲོང་ཁྱེར་དང་རྫོང་གི་སྐོར་ཞིབ་དང་སྒྲིག་ཨུད་དང་ལྟ་སྐུལ་ཨུ་ལྷན་གྱི་རྒྱུན་གཏན་གྱི་ལྟ་སྐུལ་གཏིང་ཟབ་དང་། ཏན་ཏིག ཞིབ་ཚགས་བཅས་ཡོང་བ་བྱེད་པ་དང་། ལག་ལེན་དངོས་ཁྲོད་མང་ཚོགས་ཀྱི་ཉེ་འཁོར་དུ་ལྷག་པའི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་བཅོས་སྒྲིག་ལས་དོན་རྒྱ་སྐྱེད་གཏོང་བ། ཞིབ་ཕྲའི་མི་དང་ཞིབ་ཕྲའི་དོན་ནས་འགོ་བཙུགས་ཏེ་གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་དགོས་པ་བཅས་རེད། 
             ཞི་ཅིན་ཕིང་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་རྒྱུ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་རྒྱུ། “སྲུང་སྐྱོང་གཉིས”ཐུབ་པ་བྱ་རྒྱུ་བཅས་ནི་ཞིབ་ཕྲ་ཡིན་པ་ལས་ལྐོག་གྱུར་ཞིག་མིན། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ངེས་པར་དུ་ཤེས་སྤྱོད་གཅིག་མཐུན་གྱི་ཕྱོགས་ནས་རང་ཉིད་ལ་ཞིབ་ལྟ་དང་། རང་ཉིད་ལ་རེ་བ་ནན་འདོན། རང་ཉིད་ལ་ཞིབ་བཤེར་བཅས་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དག་ངེས་པར་དུ་བློ་བརྟན་འགྱུར་མེད་དང་། ཆད་ལུས་མེད་པ། དོན་འཁྱོལ་ཞིབ་ཚགས་བཅས་ཡོང་བ་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པོས་བསྲུངས་ཏེ་རྩ་དོན་གྱི་གནད་དོན་གལ་ཆེན་དང་ཡིན་མིན་ཆེན་པོའི་མདུན་དུ་ངེས་པར་དུ་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་ཡོང་བ་བྱེད་དགོས། སྒེར་སེམས་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་ཡང་དག་བྱེད་པ་དང་། ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་ནང་མི་དང་། བུ་ཕྲུག ཉེ་འཁོར་གྱི་ལས་དོན་མི་སྣ། དེ་བཞིན་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་མི་གཞན་དག་བཅས་ཀྱི་སྒྲིག་འགལ་ཐེ་ཇུས་དང་སྒེར་ཕན་སྒྲུབ་པ་སོགས་ཀྱི་བྱེད་སྤྱོད་དང་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་དང་དམིགས་བསལ་གྱི་འབྲེལ་བ་ཡོད་ཁུལ་བྱེད་མཁན་གྱིས་བཏོན་པའི་རེ་བ་ངེས་པར་དུ་གཏན་འགོག་བྱེད་དགོས། ཏང་ནང་ཁུལ་དུ་ཏང་ནང་ཁུལ་བློ་མཐུན་དབར་གྱི་སྐྱོན་བྲལ་གྱི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་དང་། གཙང་ཞིང་དག་པའི་བློ་མཐུན་དབར་གྱི་འབྲེལ་བ་དང་ཁྲིམས་སྲུང་སྒྲིག་ཁུར་གྱི་གོང་འོག་དབར་གྱི་འབྲེལ་བ་དར་སྤེལ་གཏོང་བ། ལྐོག་ལྐོག་སུད་སུད་དང་མཁས་མཁས་སྙན་སྙན་སོགས་ཀྱི་སྤྱོད་ཚུལ་ངན་པ་གཏན་འགོག་བྱེད་པ་བཅས་ཀྱི་སྒོ་ནས་ཏང་ནང་ཁུལ་གྱི་འབྲེལ་བ་རྒྱུན་གཏན་ཅན་དང་དྭངས་གཙང་ཅན་དུ་འགྱུར་བ་བྱེད་དགོས། སྣེ་ཁྲིད་དེ་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་བྱས་ནས་རྩ་འཛུགས་ཀྱི་གཏན་འབེབས་དང་རྩ་འཛུགས་ཀྱི་ལས་བགོས་དང་ལེན་བྱེད་དགོས། སྣེ་ཁྲིད་དེ་སྐྱོན་བྲལ་གྱི་ལས་ཀའི་འབྲེལ་བ་འཛུགས་པ་ལས་དོ་དམ་བྱེད་པའི་སྤྱི་པའི་ཐོན་ཁུངས་དག་མི་སྒེར་རམ་ཡང་ན་ཚན་པས་འབྲེལ་བ་འཛུགས་པ་དང་། ལྟག་སྒོ་བརྒྱུད་པ། སྒེར་ཕན་སྒྲུབ་པ་བཅས་ཀྱི་ཐད་སྤྱོད་མི་ཆོག བླང་བྱ་དེ་དག་ལག་ལེན་བསྟར་རྒྱུ་ནི་ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་ཁོངས་མིའི་ངོས་ནས་བརྗོད་ན་འགག་རྩའི་ནུས་པ་ལྡན་ཡོད། གོ་གནས་ཇི་ཙམ་གྱིས་མཐོ་ན་དེ་ཙམ་གྱིས་རང་རྟོགས་ངང་ཏང་གིས་བཏོན་པའི་ཚད་གཞིར་གཞིགས་ནས་རང་ཉིད་ལ་རེ་བ་ནན་པོ་འདོན་དགོས་པ་དང་དེ་ཙམ་གྱིས་སྲ་ཞིང་བརྟན་པའི་ཏང་གཤིས་དང་བླ་ན་མེད་པའི་སྤྱོད་ཚུལ་གྱི་ཐོག་ནས་ཏང་ཡོངས་ཀྱི་འགོ་ཡག་པོ་འཁྲིད་པ་དང་མིག་དཔེ་ཡག་པོ་འདོན་དགོས་ཞེས་བསྟན་གནང་བ་རེད། 
             ཞི་ཅིན་ཕིང་གིས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་གྱི་ཆེད་འགན་འཁུར་མཁན་ལས་ཁུངས་ཤིག་ཡིན་པས་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་དགོས་ལ་སྣེ་ཁྲིད་དེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། སྣེ་ཁྲིད་དེ་ལས་ཁུངས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ནང་ཁུལ་ཚོད་འཛིན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྟག་ཏུ་ནང་ཁུལ་གཙང་སེལ་བྱེད་པ། ཕུང་འདྲེ་མེད་པར་བཟོ་བ་བཅས་བྱས་ཏེ་ལྷག་བསམ་རྣམ་དག་དང་། གཙང་ཞིང་གྲལ་འགྲིག་པ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་ཧྲག་དམག་ཅིག་འཛུགས་སྐྱོང་བྱེད་དགོས། རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་དཀའ་ངལ་ཁྱད་དུ་གསོད་པ་དང་། གནོན་ཤུགས་འཁུར་ཕོད་པ། དམག་འཐབ་དྲག་པོ་རྒྱག་ཐུབ་པ་བཅས་བྱེད་དགོས། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་བཏང་སྟེ་ཆབ་སྲིད་ལ་སྣང་ཆེན་བྱེད་པ་དང་། བློ་སྦྱོང་ཡག་པོ་བྱེད་པ། བྱང་ཚད་མཐོ་རུ་གཏོང་བ། འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་ལངས་ཕྱོགས་བརྟན་པོ་དང་། བློ་སྟོབས་ཆེར་སྐྱེད། བྱ་སྤྱོད་མཐའ་གཅིག་ཏུ་སྤེལ་མཁན་བཅས་ཀྱི་དཔེ་སྟོན་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 
             ཟླ་1ཚེས་11ཉིན། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་འགོ་ཚུགས་པ་དང་། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚེས་11ཉིན་གྱི་ཕྱི་དྲོར། ཀྲའོ་ལེ་ཅིས་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ཏེ《ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་ཏེ་དུས་རབས་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་ཡོང་རྒྱུར་འབད་བརྩོན་ཧུར་ཐག་བྱེད་དགོས》ཞེས་པ་འགོ་བརྗོད་དུ་འཁོད་པའི་ལས་དོན་སྙན་སྒྲོན་གནང་བ་རེད།