ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ལི་ཁི་ཆང་གིས་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གྲོས་ཚོགས་ལ་ཞུགས་པར་ཡོང་བའི་ཧན་གོའི་ཕྱི་འབྲེལ་བློན་ཆེན་དང་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་གཉིས་ལ་མཇལ་འཕྲད་གནང་།

སྤེལ་དུས 2019-08-26 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
             ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གྲོས་ཚོགས་ལ་ཞུགས་པར་ཡོང་བའི་ཧན་གོའི་ཕྱི་འབྲེལ་བློན་ཆེན་ཁང་ཅིན་ཧི་དང་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཧི་ཡེ་ཐེ་ལིང་གཉིས་ལ་མཇལ་འཕྲད་གནང་།
             ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གྲོས་ཚོགས་ལ་ཞུགས་པར་ཡོང་བའི་ཧན་གོའི་ཕྱི་འབྲེལ་བློན་ཆེན་ཁང་ཅིན་ཧི་དང་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཧི་ཡེ་ཐེ་ལིང་གཉིས་ལ་མཇལ་འཕྲད་གནང་།
             ལི་ཁི་ཆང་གིས་ཐོག་མར་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གྲོས་ཚོགས་རྒྱལ་ཁའི་ངང་བསྡུས་པར་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱིས་མཉམ་ལས་སྤེལ་འགོ་བརྩམས་ནས་ལོ་འཁོར་ཉི་ཤུ་ལོན་པའི་ལོ་རེད། རྒྱལ་ཁབ་གསུམ་གྱི་མངའ་ཁོངས་ཕན་ཚུན་ལ་ཐག་ཉེ་ཡིན་པ་དང་སྤྱི་ཚོགས་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་གཅིག་མཐུན་ཡིན་ལ། དཔལ་འབྱོར་གྱི་ཁ་གསབ་རང་བཞིན་དྲག་པོ་ལྡན་པར་མ་ཟད་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད། དེང་སྐབས་འཛམ་གླིང་དཔལ་འབྱོར་གྱི་འཕེལ་རྒྱས་ཐད་ལ་གཏན་འཇགས་མིན་པ་དང་གཏན་འཁེལ་བྱེད་དཀའ་བའི་རྒྱུ་རྐྱེན་སྣ་ཚོགས་མུ་མཐུད་དུ་ཇེ་མཐོར་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་གི་དཔལ་འབྱོར་ཉོ་ཚོང་མར་འགྲིབ་པའི་གནོད་ཤུགས་དང་འཕྲད་པའི་གནས་བབ་འོག་ཏུ། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་དེ་རང་སྟེང་གི་འཕེལ་རྒྱས་དང་འབྲེལ་བ་ཡོད་པར་མ་ཟད། ས་ཁུལ་དང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཐད་ལའང་གཏན་འཇགས་དང་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཐུབ། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གསུམ་བར་གྱི་མཉམ་ལས་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་པ་དང་། ཧན་གོ་དང་འཇར་པན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གསུམ་གྱི་མཉམ་ལས་སྔར་མཐོ་བའི་ཆུ་ཚད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
             ཁང་ཅིན་ཧི་ཡིས་བསྟན་དོན། ཐེངས་འདིའི་ཧན་གོ་དང་ཀྲུང་གོ འཇར་པན་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་གྲོས་ཚོགས་ལ་ཕུན་སུམ་ཚོགས་པའི་གྲུབ་འབྲས་བླངས་ཡོད་པ་དང་། ཕྱོགས་གསུམ་གྱི་གོ་རིམ་རྗེས་མའི་མཉམ་ལས་ཐད་ལ་འཆར་འགོད་བཟང་བོ་བྱས་ཡོད་ཟེར།
             ཧི་ཡེ་ཐེ་ལིང་གིས་བསྟན་དོན། འཇར་པན་དང་ཀྲུང་གོ ཧན་གོ་བཅས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་མ་འོངས་པར་ཁ་ཕྱོགས་ཏེ། དངོས་གཉེར་མཉམ་ལས་སྤེལ་བའི་ཐད་ནས་ལྟ་ཚུལ་རྒྱ་ཆེན་པོ་བྱུང་ཡོད། འཇར་པན་ཕྱོགས་ཀྱིས་ཀྲུང་གོ་དང་ཧོ་གོ་རྒྱལ་ཁབ་གཉིས་དང་མཉམ་དུ་གཞོགས་འདེགས་དམ་ཟབ་བྱས་ནས། ད་ལོའི་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པའི་གྲོས་ཚོགས་བདེ་བླག་ངང་འཚོགས་པར་ཁག་ཐེག་བྱེད་འདོད་ཡོད་ཟེར། །
རྩོམ་སྒྲིག་པ། སངས་སྐྱབས།