དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཨའོ་མོན་གྱི་རྒན་ཡོལ་ཞུས་པའི་རྒན་རྒོན་ལ་འཕྲིན་ལན་སྤྲིངས་ནས་འཚམས་འདྲི་དང་རྒྱལ་ཡོངས་ཀྱི་རྒན་རྒོན་ཚོར་དགུ་པའི་ཚེས་དགུའི་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་པ།

སྤེལ་དུས 2019-10-09 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
              ཀྲུང་གོའི་སྲོལ་རྒྱུན་གྱི་དུས་ཆེན་དགུ་པའི་ཚེས་དགུའི་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་10ཚེས་6ཉིན་ཨའོ་མོན་ཁྱིམ་མཚེས་སྤྱི་ཁྱབ་ཚོགས་པའི་དབྱི་ཅུན་ལྟེ་གནས་ཀྱི་རྒན་རྒོན་གྱི་འོས་འགན་ལས་སྒྲུབ་ཚོགས་ཆུང་གི་རྒན་རྒོན་30ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་འཚམས་འདྲི་དང་སྐུལ་ལྕག་གནང་བ་དང་འབྲེལ་རྒྱལ་ཡོངས་ཀྱི་རྒན་རྒོན་ཚོ་ནད་མེད་ཚེ་རིང་དང་ཁྱིམ་ཚང་བདེ་སྐྱིད་ཡོང་བའི་སྨོན་འདུན་བཟང་པོའང་ཞུས་གནང་བ་རེད།
              ཞི་ཅིན་ཕིང་གིས་འཕྲིན་ལན་ནང་ཁྱེད་ཚོའི་འཕྲིན་ཡིག་འབྱོར་སྐབས་ངས་ལོ་བཅུའི་གོང་ཁྱེད་ཚོ་དང་ཨའོ་མོན་དུ་ཐུག་འཕྲད་བྱེད་པའི་ངང་ཚུལ་ཡིད་ལ་ལྷང་ངེར་དྲན་གྱི་འདུག ཁྱེད་རྣམ་པས་རྒན་ཡོལ་ཞུས་རྗེས་སྤྱི་ཕན་བྱ་གཞག་ནང་ཞུགས་པ་ཤེས་རྗེས་ང་རང་དངོས་གནས་དགའ་པོ་བྱུང་ཞེས་གསུངས་པ་རེད།
              ཞི་ཅིན་ཕིང་གིས་ཁྱེད་ཚོ་ཀྲུང་གོ་གསར་པ་དང་ན་ཟླ་ཡིན་པའི་ཆ་ནས་ཁྱེད་རྣམ་པས་རྒྱལ་ཁབ་ཀྱི་ལོ་ངོ་བཅུ་ཕྲག་རིང་གི་རླབས་ཆེན་འགྱུར་ལྡོག་དངོས་སུ་བརྒྱུད་མྱོང་ལ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཨའོ་མོན་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བར་ཡང་བདེན་དཔང་བྱས་ཡོད། ཁྱེད་རྣམ་པས་རང་ཉིད་ཀྲུང་གོ་བ་ཞིག་ཡིན་པར་སྤོབས་སེམས་ཆེན་པོ་སྐྱེ་ཡི་འདུག་ཅེས་བརྗོད་ཡོད། དེ་ནི་རྒྱ་ཆེའི་སྤུན་ཟླ་ཨའོ་མོན་བའི་ཐུན་མོང་གི་སྙིང་གཏམ་ཡིན་པའི་ཡིད་ཆེས་ཡོད། ཁྱེད་རྣམ་པས་རྒས་ཀྱང་ལས་སྒྲུབ་གནང་བའི་སྲོལ་བཟང་དར་སྤེལ་དང་། ཨའོ་མོན་གྱི་གཞོན་ནུར་མེས་རྒྱལ་གྱི་པང་དུ་ཕྱིར་ལོག་བྱས་པའི་སྔ་རྗེས་ཀྱི་གཏམ་རྒྱུད་མང་ཙམ་བརྗོད་ནས་ཁོང་ཚོས་རྒྱལ་གཅེས་ཨའོ་གཅེས་ཀྱི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱེད་པ་མ་ཟད། 
              གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་ལག་གདང་སྦྲེལ་ནས་ཨའོ་མོན་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་རྒྱུ་བཅས་ལ་སྐུལ་མ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
              ཨའོ་མོན་ཁྱིམ་མཚེས་སྤྱི་ཁྱབ་ཚོགས་པའི་དབྱི་ཅུན་ལྟེ་གནས་ནི་སྤྱི་ལོ་2007ལོར་བཙུགས་པ་ཞིག་ཡིན་པ་དང་། དེ་ནི་ཆེད་ལས་ཀྱི་རྒན་རྒོན་ཞབས་ཞུའི་སྒྲིག་གཞི་ཞིག་རེད། སྤྱི་ལོ་2009ལོའི་ཟླ་བ་དང་པོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སྐུ་གཞོན་ཡིན་པའི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་གཟིགས་ཞིབ་གནང་མྱོང་ལ། ལྟེ་གནས་དེར་བྱམས་བརྩེའི་ངང་གཟིགས་པར་ཕེབས་མྱོང་ཡོད། ཉེ་དུས་དབྱི་ཅུན་ལྟེ་གནས་ཀྱི་རྒན་རྒོན་སུམ་ཅུས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཅིག་ཕུལ་བ་དང་། འཕྲིན་ཡིག་ནང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ཕྱིར་ལོག་བྱས་རྗེས་ཀྱི་གོང་འཕེལ་དང་འགྱུར་ལྡོག་གླེང་ཡོད་ལ། རང་ཉིད་ཀྲུང་གོ་བ་ཞིག་ཡིན་པར་སྤོབས་སེམས་ཆེན་པོ་སྐྱེ་ཚུལ་དང་། རྒྱལ་གཅེས་ཨའོ་གཅེས་ཀྱི་སྙིང་སྟོབས་དར་སྤེལ་ཡག་པོ་གཏོང་རྒྱུའི་ཆོད་སེམས་སོགས་མཚོན་པར་བྱས་ཡོད་པ་རེད།
              འཕྲིན་ལན།
              ཨའོ་མོན་ཁྱིམ་མཚེས་སྤྱི་ཁྱབ་ཚོགས་པའི་དབྱི་ཅུན་ལྟེ་གནས་ཀྱི་རྒན་རྒོན་གྱི་འོས་འགན་ལས་སྒྲུབ་ཚོགས་ཆུང་གི་ཁོངས་མི་རྣམ་པ།
              ཁྱེད་རྣམས་སྐུ་ཁམས་བཟང་། ཁྱེད་ཚོའི་འཕྲིན་ཡིག་འབྱོར་སྐབས་ངས་ལོ་བཅུའི་གོང་ཁྱེད་ཚོ་དང་ཨའོ་མོན་དུ་འཕྲད་སྐབས་ཀྱི་ངང་ཚུལ་ཡིད་ལ་ལྷང་ངེར་འཆར་བྱུང་། ཁྱེད་རྣམ་པས་རྒན་ཡོལ་ཞུས་རྗེས་སྤྱི་ཕན་བྱ་གཞག་ནང་ཞུགས་པ་ཤེས་རྗེས་ང་རང་དངོས་གནས་དགའ་པོ་བྱུང་། 
              ཀྲུང་གོ་གསར་པ་དང་ན་ཟླ་ཡིན་པའི་ཆ་ནས་ཁྱེད་རྣམ་པས་རྒྱལ་ཁབ་ཀྱི་ལོ་ངོ་བཅུ་ཕྲག་རིང་གི་རླབས་ཆེན་འགྱུར་ལྡོག་དངོས་སུ་བརྒྱུད་མྱོང་ལ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཨའོ་མོན་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བར་ཡང་བདེན་དཔང་བྱས་ཡོད། ཁྱེད་རྣམ་པས་རང་ཉིད་ཀྲུང་གོ་བ་ཞིག་ཡིན་པར་སྤོབས་སེམས་ཆེན་པོ་སྐྱེ་ཡི་འདུག་ཅེས་བརྗོད་ཀྱི་ཡོད། དེ་ནི་རྒྱ་ཆེའི་སྤུན་ཟླ་ཨའོ་མོན་བའི་ཐུན་མོང་གི་སྙིང་གཏམ་ཡིན་པའི་ཡིད་ཆེས་ཡོད། ཁྱེད་རྣམ་པས་རྒས་ཀྱང་ལས་སྒྲུབ་གནང་བའི་སྲོལ་བཟང་དར་སྤེལ་དང་། ཨའོ་མོན་གྱི་གཞོན་ནུར་མེས་རྒྱལ་གྱི་པང་དུ་ཕྱིར་ལོག་བྱས་པའི་སྔ་རྗེས་ཀྱི་གཏམ་རྒྱུད་མང་ཙམ་བརྗོད་ནས་ཁོང་ཚོས་རྒྱལ་གཅེས་ཨའོ་གཅེས་ཀྱི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱེད་པ་མ་ཟད། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་ལག་གདང་སྦྲེལ་ནས་ཨའོ་མོན་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་རྒྱུ་བཅས་ལ་སྐུལ་མ་གཏོང་རྒྱུའི་རེ་བ་ཡོད། 
              དགུ་པའི་ཚེས་དགུའི་དུས་ཆེན་འཆར་བས་ངས་ཁྱེད་རྣམ་པ་དང་རྒྱལ་ཡོངས་ཀྱི་རྒན་རྒོན་རྣམས་ལ་དུས་ཆེན་སྤྲོ་པོ་ཡོང་བ་མ་ཟད། ནད་མེད་ཚེ་རིང་དང་ཁྱིམ་ཚང་བདེ་སྐྱིད་ཡོང་བའི་བཀྲ་ཤིས་སྨོན་འདུན་ཡང་ཞུ་རྒྱུ་ཡིན། 

              ཞི་ཅིན་ཕིང་གིས།
              2019ལོའི་ཟླ་10ཚེས་6ཉིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་7ཉིན་འབྱོར་བའི་གློག་འཕྲིན)
རྩོམ་སྒྲིག་པ། སངས་སྐྱབས།