དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ས་གནས་ཁག་ཏུ་ལན་ཆ་བཟང་པོ་བྱུང་བ།

སྤེལ་དུས 2020-03-10 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        ས་གནས་ཁག་གི་ལས་བྱེད་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ལན་ཆ་ཧུར་ཐག་བྱས་པ་དང་། བྱ་ཐབས་མང་པོ་མཉམ་བཟུང་གིས་དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་བཏང་སྟེ། དབུལ་སྒྲོལ་ཟིན་པའི་ས་ཁུལ་དང་མི་འབོར་བརྟན་པོ་ཡོང་བ་དང་། ལས་ཞུགས་ཐུབ་པ། རིམ་བཞིན་འབྱོར་ཕྱུག་ཡོང་བར་འགན་ལེན་བྱས་པ།
        ཏང་གི་ཚོགས་ཚུན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་དབུལ་སྒྲོལ་འགག་གཏོར་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ས་ཁོངས་རང་བཞིན་གྱི་དབུལ་ཕོངས་ཡོངས་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བཞུགས་མོལ་ཚོགས་འདུའི་ཐོག་བྱ་ཐབས་མང་པོ་མཉམ་བཟུང་གིས་གྲུབ་འབྲས་སྲ་བརྟན་གཏོང་དགོས་ཞེས་གསུངས་གནང་ཡོད། ས་གནས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལྟར། ལས་ཞུགས་དབུལ་སྐྱོར་དང་ཐོན་ལས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་ཆ་གཞན་ལ་དབུལ་སྐྱོར་གནས་སྤོ་བྱ་རྒྱུའི་རྗེས་མཐུད་ཟུར་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་དབུལ་སྒྲོལ་ཐུབ་པའི་ས་ཁུལ་དང་མི་འབོར་བརྟན་པོ་ཡོང་བ་དང་། ལས་ཞུགས་ཐུབ་པ། རིམ་བཞིན་འབྱོར་ཕྱུག་ལྡན་པ་བཅས་ཡོང་རྒྱུར་འགན་ལེན་བྱས་ཡོད།
        རང་རྒྱལ་གྱི་དབུལ་ཕོངས་མི་འབོར་སྤྱི་ལོ་2012ལོའི་ལོ་མཇུག་གི་མི་གྲངས་བྱེ་བ་དགུ་དང་ས་ཡ་བརྒྱད་དང་དགུ་འབུམ་དགུ་ཁྲི་ནས་ན་ནིང་ལོ་མཇུག་གི་མི་གྲངས་ས་ཡ་ལྔ་དང་ལྔ་འབུམ་ཆིག་ཁྲི་བར་ཉུང་དུ་ཕྱིན་པ་དང་། དབུལ་པོར་འགྱུར་ཚད་0.6%བར་ཆག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། བྱ་ཐབས་མང་པོ་མཉམ་བཟུང་གིས་གྲུབ་འབྲས་སྲ་བརྟན་བཏང་སྟེ་དབུལ་ལོག་ཐེབས་ཉེན་ཡོད་པ་དང་དབུལ་པོར་འགྱུར་བའི་ཉེན་ཁ་ཡོད་པའི་མི་ཚོགས་ལ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་སྔོན་འགོག་བྱ་ཐབས་བཟུང་དགོས་ཞེས་གསུངས་གནང་ཡོད། ནང་སོག་རང་སྐྱོང་ལྗོངས་ཀྱིས་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་གྱིས་དབུལ་ལོག་ཐེབས་པ་དང་དབུལ་པོར་འགྱུར་རྒྱུ་སྔོན་འགོག་བྱེད་པའི་མཛུབ་ཁྲིད་བསམ་འཆར་ཞེས་པ་བཏོན་པ་དང་། དབུལ་སྒྲོལ་བརྟན་པོ་དང་དབུལ་ལོག་ཐེབས་པ་དང་དབུལ་པོར་འགྱུར་རྒྱུ་སྔོན་འགོག་བྱེད་པའི་ཕུགས་ཕན་སྒྲིག་གཞི་བཏོད་ཡོད། ལྗོངས་དེ་ཡོངས་སུ་གཅིག་གྱུར་དང་ས་ཁུལ་དང་གྲོང་ཁྱེར། རྫོང་བཅས་ལ་མཉམ་སྤྱོད་ཐུབ་པའི་དབུལ་ལོག་ཐེབས་པ་དང་དབུལ་པོར་འགྱུར་རྒྱུ་སྔོན་འགོག་བྱེད་པའི་གྲངས་གཞིའི་སྟེགས་བུ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་འགུལ་རྣམ་དོ་དམ་ལ་ཤུགས་སྣོན་བརྒྱབ་ཡོད། ནང་སོག་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་མོ་ཡུང་པོས། ངལ་རྩོལ་ནུས་ཤུགས་ཡོད་པ་ཚང་མར་ཐོན་ལས་རོགས་སྐྱོར་བྱ་ཐབས་དོན་འཁྱོལ་བྱས་པ་དང་། ངལ་རྩོལ་ནུས་ཤུགས་མེད་པར་མ་མཐའི་འགན་སྲུང་དོན་འཁྱོལ་བྱས་པ། བླང་བྱ་དང་མཐུན་པའི་དབུལ་ཕོངས་མི་འབོར་སུམ་འབུམ་དགུ་ཁྲི་ཆིག་སྟོང་བརྒྱད་བརྒྱ་ཚང་མ་མ་མཐའི་འགན་ལེན་ཁོངས་སུ་བཅུག་ཡོད་ཅེས་བསྟན་ཡོད་པ་རེད།
        ལས་ཞུགས་ནི་དབུལ་ཕོངས་ས་ཁུལ་གྱི་ཡོང་འབབ་མང་དུ་གཏོང་བའི་ཐབས་ལམ་གཙོ་བོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ལས་ཞུགས་ཀྱི་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ངལ་ནུས་ཕྱིར་གཏོང་ས་ཆ་དང་ངལ་ནུས་འཇུག་ཡུལ་བར་སྦྲེལ་མཐུད་གནད་འཕིགས་བྱེད་པ་དང་། ལས་གནས་བརྟན་པོ་དང་ལས་གནས་རྒྱ་ཆེར་གཏོང་བ། སྤྱི་ཕན་ལས་གནས་བེད་སྤྱོད་བཅས་ལ་བརྟེན་ནས་ཉེ་འགྲམ་དང་ས་ཆ་དེ་རང་དུ་ལས་ཞུགས་བྱ་རྒྱུའི་གོ་སྐབས་མཁོ་འདོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
        ཤིན་ཅང་ཧོ་ཐན་ས་ཁུལ་གྱིས་ས་ཆ་དེ་གའི་ཁེ་ལས་ཀྱི་གོང་འཕེལ་གཏོང་གཞི་ཇེ་ཆེར་གཏོང་བ་དང་། ཆད་ལྷག་སྙོམ་སྒྲིག་སོགས་ཀྱི་རྣམ་པའི་ཐོག་ནས་ལས་ཞུགས་ལས་གནས་གསར་སྤེལ་ཧུར་ཐག་བྱས་པ་མ་ཟད་ངལ་ནུས་སྤོ་སྒྱུར་སྒྲིག་འཛུགས་ཡག་པོ་བྱས་ཡོད། སྤྱི་ཟླ་གཉིས་པའི་ཟླ་མཇུག་ཚུན་དུ། ཧོ་ཐན་ས་ཁུལ་གྱིས་ལས་མི་4394རྣམས་ཁག་16ལ་དབྱེ་ནས་སྤོ་སྒྱུར་སྒྲིག་འཛུགས་བྱས་ཡོད། ཤིན་ཅང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ལས་ཞུགས་སྐུལ་འདེད་ཁྲུའི་ལས་བྱེད་པ་མེའོ་ཝུན་ལེང་གིས། གོམ་སྟབས་རྗེས་མར་ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་རྨང་གཞིའི་ཐོག ཁེ་ལས་ལ་རོགས་སྐྱོར་གྱིས་ལས་གནས་བརྟན་པོ་ཡོང་བར་ཤུགས་སྣོན་དང་། གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཤིན་ཅང་ལྷོ་རྒྱུད་ཀྱི་ས་ཁུལ་དང་ཁུལ་བཞིའི་ཡིག་ཚགས་དང་གཱ་ཤོག་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་ལས་གནས་ཐོག་ཕྱིར་ལོག་བྱེད་པའི་ལས་ཞུགས་ཞབས་ཞུ་དང་སྲིད་ཇུས་དོན་འཁྱོལ་ལ་འགན་ལེན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
        ཁྲུང་ཆིང་གིས་རིམས་ནད་དབང་གིས་དབུལ་པོར་འགྱུར་བ་དང་དབུལ་ལོག་ཐེབས་པ། ལས་མི་ཕྱིར་སྐྱོད་སོགས་ཀྱི་ཤུགས་རྐྱེན་ལ་ཕྱོགས་བསྡུས་དཔྱད་དཔོག་བྱས་པ་དང་། སྤྱི་ཕན་ལས་གནས་བརྒྱུད་རོགས་སྐྱོར་བྱ་ཡུལ་ལ་ལས་ཞུགས་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱས་ཡོད། ཁྲུང་ཆིང་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཧོང་ཁྲང་ཝུའུ་ཡིས། ས་ཁུལ་དང་རྫོང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་གནས་སྐབས་རང་བཞིན་གྱི་སྤྱི་ཕན་ལས་གནས་གསར་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད་པ་སྟེ། དཔེར་ན། རིམས་འགོག་དུག་སེལ་དང་། སྡེ་ཁུལ་དུ་སྐོར་ཞིབ། ས་ཚིགས་ལས་རེས་སོགས་གནས་སྐབས་ཀྱི་སྤྱི་ཕན་ལས་གནས་དེ་དབུལ་ཕོངས་ཁྱིམ་ཚང་ལ་སྔོན་ལ་བཀོད་སྒྲིག་བྱས་ཡོད། མིག་སྔའི་བར་སླེབས་དུས་དབུལ་ཕོངས་ཁྱིམ་ཚང་ལ་ལས་གནས་5781གསར་སྤེལ་བྱས་ཡོད་ཅེས་བསྟན་ཡོད།
        སྤྱི་ཟླ་གཉིས་པའི་ཟླ་མཇུག་བར། ཐན་ཅིན་པིང་ཧའེ་ཁུལ་གསར་གྱིས་ཁ་གཏད་རོགས་སྐྱོར་བྱས་པའི་ཀན་སུའུ་ཞིང་ཆེན་ཐན་ཧྲུའེ་གྲོང་ཁྱེར་ཀྲང་ཅ་ཁྲོན་ཧུའེ་རིགས་རང་སྐྱོང་རྫོང་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཐུབ་ཡོད། པིང་ཧའེ་ཁུལ་གསར་གྱི་ཚོང་ལས་སྐུལ་འདེད་ཅུད་ཀྱི་ཅུད་ཀྲང་གཞོན་པ་ཀྲང་ཀོང་ཝང་གིས། དབུལ་སྒྲོལ་འགག་གཏོར་ཁྲོད་ལས་ཞུགས་དང་ཐོན་ལས་དབུལ་སྐྱོར་རྒྱུན་འཁྱོངས་བྱས་པ་དང་། གཞན་རྟེན་དང་རང་རྟེན་གཉིས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད། ང་ཚོས་ཐོན་ལས་གོང་འཕེལ་ཤུགས་ཆེན་བཏང་བ་དང་། དབུལ་སྐྱོར་འཁོར་ཁང་དང་འོད་ཧྥུའི་རྣམ་གྲངས་སོགས་རྣམ་གྲངས་ཆེན་པོ་དྲུག་ནང་འདྲེན་ཧུར་ཐག་བྱས་ཡོད། འཛད་སྤྱོད་རོགས་སྐྱོར་ཐད་ང་ཚོས་ཀྲང་ཅ་ཁྲོན་ལ་ཞིང་ལས་ཐོན་རྫས་བྲིན་འཚོང་བྱེད་རོགས་བྱས་པར་སྒོར་དུང་ཕྱུར་ཆིག་སྟོང་ལྷག་ཟིན་པ་དང་། རོགས་སྐྱོར་ཏན་ཏིག་བྱས་པས་དབུལ་སྒྲོལ་འགག་གཏོར་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་རྒྱུར་འགན་ལེན་ཐུབ་ཡོད་ཅེས་བསྟན་ཡོད་པ་རེད།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཐོན་ལས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འདེབས་གསོའི་ལས་རིགས་གོང་འཕེལ་ལ་རང་ཉིད་ཀྱི་ཆོས་ཉིད་ལྡན་པ། ཡུན་རིང་སྐྱེད་སྲིང་དང་རྒྱབ་སྐྱོར་བྱ་རྒྱུར་སྣང་ཆེན་བྱེད་དགོས་ཞེས་གསུངས་གནང་ཡོད། སྤུས་ཚད་མཐོ་པོས་དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ཐོབ་ཆེད། ཧྲན་ཏུང་ཞིང་ཆེན་ཅི་ཉིང་གྲོང་ཁྱེར་ཝུའེ་ཧྲན་རྫོང་གིས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་བརྒྱུད་ཤང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་ཚང་མ་དབུལ་སྒྲོལ་ཐུབ་པ་བྱས་ཡོད། ཝུའེ་ཧྲན་རྫོང་ཀའོ་ལོའོ་ཤང་གི་དབུལ་སྐྱོར་ལས་བྱེད་པ་ལིའུ་ཕའེ་གྲང་གིས། དབུལ་སྒྲོལ་ཕན་འབྲས་བརྟན་དུ་གཏོང་རྒྱུ་ནི་མིག་སྔའི་ལས་དོན་གྱི་གཙོ་གནད་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་ང་ཚོ་གཞི་རིམ་གྱི་དབུལ་སྐྱོར་ལས་བྱེད་པར་ཁ་ཕྱོགས་གསལ་སྟོན་གནང་བ་དང་། ང་ཚོར་སྐུལ་མ་ཆེན་པོ་ཐེབས་བྱུང་། གོམ་སྟབས་རྗེས་མར་ང་ཚོས་མཚེའུའི་ཁུལ་གྱི་དམིགས་བསལ་ལྡན་པའི་ས་ཁོངས་བཟང་ཆ་གཞིར་བྱས་ཏེ། ཉ་ལས་གྲུབ་ཆ་བརྗེ་སྒྱུར་ལ་སྐུལ་འདེད་དང་། སྐྱེ་ཁམས་ཀྱི་ཕན་འབྲས་ཆེ་བའི་གསོ་ཚགས་མ་དཔེ་གོང་འཕེལ་གཏོང་བ། སྐྱེ་ཁམས་ཡུལ་སྐོར་ལས་རིགས་གོང་འཕེལ་གཏོང་བ། ཉ་པའི་ཡོང་འབབ་མང་དུ་གཏོང་བ་བཅས་བྱ་རྒྱུ་བསྟན་ཡོད་པ་རེད།
        ཧེ་ལུང་ཅང་ཞིང་ཆེན་ཧའེ་ལུན་གྲོང་ཁྱེར་གྱིས་ད་ལོའི་སྤྱི་ཟླ་གཉིས་པར་རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང་གི་དབུལ་ཞྭ་ཕུད་ཡོད། ཧའེ་ལུན་གྲོང་ཁྱེར་ཏུང་ཧྥེང་གྲོང་རྡལ་ཡུས་ཚུན་གྲོང་ཚོའི་ཧྲུའུ་ཅི་དང་པོ་ལེའུ་མིང་ལེང་གིས། ད་ལོའི་ཁྱད་ལྡན་ཐོན་ལས་གོང་འཕེལ་ཇུས་འགོད་བྱེད་བཞིན་ཡོད་པ་དང་། དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་བཏང་ཡོད། ད་ལོ་གྲོང་ཚོ་ཡོངས་ཀྱིས་མ་རྨོས་ལོ་ཏོག་འདེབས་འཛུགས་བྱ་རྩིས་ཡོད། གཞན་ད་དུང་ང་ཚོའི་གྲོང་ཚོས་མུ་མཐུད་ཞིང་ར་ཆུང་ཆུང་དང་། ནགས་ར་ཆུང་ཆུང་། ངང་ཆེན་སོགས་ཐོན་ལས་མུ་མཐུད་གོང་འཕེལ་བཏང་སྟེ། དབུལ་ཕོངས་ཁྱིམ་ཚང་ཚང་མར་སྔོན་དཔག་བྱས་ན་ཡོང་འབབ་སྒོར་ཉིས་སྟོང་འཕར་བ་བྱ་རྒྱུ་དང་། གྲོང་ཚོ་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་ཚང་མ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ལ་བསྐྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
        རྒྱལ་ཡོངས་ཀྱི་མི་འབོར་ས་ཡ་དགུ་དང་དྲུག་འབུམ་ལྷག་ཙམ་གནས་སྤོ་དབུལ་སྐྱོར་བྱས་པ། ཟུར་སྐྱོར་བྱ་ཡུལ་དེ་རིགས་ཀྱི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྟན་པོ་ཡོང་བ་དང་། ལས་ཞུགས་ཐུབ་པ། རིམ་བཞིན་ཕྱུག་འགྱུར་ཐུབ་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད། ཡུན་ནན་ཧྲའོ་ཐུང་ཅིང་ཨན་ཁུལ་གསར་ནི་རྒྱལ་ཡོངས་ཀྱི་རྫོང་ཁོངས་བརྒལ་བའི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁུལ་ཆེ་ཤོས་དེ་རེད། མིག་སྔར། མི་ཆིག་ཁྲི་དྲུག་སྟོང་ལྷག་གནས་དེར་གནས་སྤོས་བྱས་ཟིན། ཅིང་ཨན་ཁུལ་གསར་ཐོན་ལས་ལས་ཞུགས་གཞུང་ལས་ཁང་གི་ཀྲུའུ་རིན་ཀྲུའུ་མིང་རུང་གིས། ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་དབུལ་སྐྱོར་འཁོར་ཁང་ལ་སྨི་ངོས་སྙོམས་གྲུ་བཞི་མ་ཉིས་ཁྲི་ལྔ་སྟོང་ཙམ་ཡོད་པ་དང་། ཟླ་བ་འདིའི་ཟླ་མཇུག་གོང་བསྐྲུན་ཚར་གྱི་ཡོད། ང་ཚོས་སྔོ་ཚལ་རྟེན་གཞིའི་དྲོད་ཁང་ཉིས་སྟོང་བཞི་བརྒྱ་བཅུ་མེད་ལྔ་བསྐྲུན་ཡོད་པ་དང་། མཇུག་མཐར་དྲོད་ཁང་སུམ་སྟོང་བཞི་བརྒྱ་ཟིན་པ་བྱ་རྒྱུ་དང་། དྲོད་ཁང་བསྐྲུན་ཚར་རྗེས་དེར་གནས་སྤོས་ངལ་ནུས་མི་ཆིག་སྟོང་ལྔ་བརྒྱ་ཙམ་ལས་ཞུགས་བྱེད་ཐུབ་ཅེས་ངོ་སྤྲོད་གནང་ཡོད།
        ཧྲན་ཞི་དབུལ་སྐྱོར་གཞུང་ལས་ཁང་དབུལ་སྐྱོར་གནས་སྤོས་ཁྲུའུ་ཡི་ཁྲུའུ་ཀྲང་ཅང་ཞའོ་ཝུའུ་ཡིས། ཞིང་ཆེན་དེ་ཡོངས་ཀྱི་གཅིག་སྡུད་བཀོད་སྒྲིག་ཁུལ་1502ཚང་མ་འཛུགས་སྐྲུན་ལེགས་གྲུབ་ཟིན་པ་མ་ཟད་གནས་སྤོས་བྱས་ཟིན་ཡོད། ད་ལོ། ཞིང་ཆེན་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་སུམ་ཅུ་སོ་གཅིག་དང་བྱེ་བ་དགུ་དང་ས་ཡ་བདུན་བཀོད་སྒྲིག་ཁུལ་གྱི་ཆ་སྦྱོར་སྒྲིག་ཆས་འཛུགས་སྐྲུན་ཐད་གཏོང་རྒྱུ་རེད། ང་ཚོས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལྟར། དབུལ་ཕོངས་མང་ཚོགས་གནས་སྤོ་ཐུབ་པ་དང་། བརྟན་པོ་ཡོང་བ། ལས་ཞུགས་ཐུབ་པ། རིམ་བཞིན་ཕྱུག་འགྱུར་ཐུབ་པ་བཅས་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།