ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཐང་ཀར་མེ་རི་འབར་གས་བྱུང་ནས་གནོད་འཚེ་ཚབས་ཆེན་ཕོག་པར་ཐང་ཀའི་རྒྱལ་པོ་ཐུའུ་ཕུའུ་ཁྲི་ཐོག་དྲུག་པར་སེམས་གསོའི་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

སྤེལ་དུས 2022-01-21 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐང་ཀར་མེ་རི་འབར་གས་བྱུང་ནས་གནོད་འཚེ་ཚབས་ཆེན་ཕོག་པར་ཐང་ཀའི་རྒྱལ་པོ་ཐུའུ་ཕུའུ་ཁྲི་ཐོག་དྲུག་པར་སེམས་གསོའི་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།
        ཞི་ཅིན་ཕིང་གིས་ཐང་ཀར་མེ་རི་འབར་གས་བྱུང་བ་དང་འབྲེལ་མཚོ་ཡོམ་སོགས་ཀྱི་གནོད་འཚེ་ཚབས་ཆེན་ཐོན་ནས་གྱོང་གུན་ཧ་ཅང་ཆེན་པོ་བཟོས་པའི་སྐོར་གློ་བུར་དུ་ཤེས་ཚོར་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུ་བ་དང་འབྲེལ་ང་རང་མི་སྒེར་གྱི་མིང་ཐོག་ནས་ཐང་ཀ་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོའི་འཚམས་འདྲི་ཞུ་རྒྱུ་ཡིན། ཀྲུང་ཐང་ནི་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་ལྟ་སྐྱོང་བྱེད་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཐང་ཀ་ཕྱོགས་ལ་ནུས་པས་ལྕོགས་ཚོད་ཀྱི་རྒྱབ་སྐྱོར་བྱས་ཏེ་ཐང་ཀ་མི་དམངས་ཀྱིས་གནོད་འཚེ་ལས་རྣམ་པར་རྒྱལ་ནས་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པར་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
        དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཐང་ཀའི་དབུ་བཞུགས་བློན་ཆེན་སུའོ་ཝ་ལའེ་ཉིར་སེམས་གསོའི་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།