ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུའི་ལས་འཛོལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཚོར་ངག་བསྡམས་ནས་མྱ་ངན་ཞུས་པ།

སྤེལ་དུས 2022-03-30 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
         ཟླ་3ཚེས་28ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་ཉེ་དུས་ཀྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས་པ་རེད། ཚོགས་འདུ་འགོ་ཚུགས་མ་ཐག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གྲོས་འགོ་ལྟར་ཚོགས་འདུར་ཞུགས་མཁན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་སོགས་ཚང་མ་ཡར་བཞེངས་ནས“3·21”ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་MU5735རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུའི་ལས་འཛོལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཚོར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།