ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གི་རྣམ་བཤད་བཏུས་བསྒྲིགས་འདིའི་ཨ་རབ་ཡི་གེའི་པར་མ་བཀྲམ།

སྤེལ་དུས 2024-11-26 ཡོང་ཁུངས། རྩོམ་པ་པོ།
         ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི《ཞི་ཅིན་ཕིང་གི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས》ཀྱི་ཨ་རབ་ཡི་གེའི་པར་མ་དེ་ཉེ་དུས་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་རྒྱལ་ཁབ་ཕྱི་ནང་ལ་ཕྱོགས་ནས་འགྲེམས་སྤེལ་བྱས་ཡོད།
        《ཞི་ཅིན་ཕིང་གི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས》དེ་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་རྩོམ་སྒྲིག་བྱས་པ་དང་། དེའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་དམིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བསྡུས་ཡོད། དེབ་འདིའི་ཨ་རབ་ཡི་གེའི་པར་མ་དང་དེའི་གོང་དུ་དཔེ་སྐྲུན་བྱས་པའི་དབྱིན་ཡིག་དང་ཧྥ་རན་སིའི་ཡི་གེ། ཨུ་རུ་སུའི་ཡི་གེ་བཅས་ཀྱི་པར་མས་ཕྱི་རྒྱལ་གྱི་ཀློག་པ་པོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་ལག་ལེན་དངོས་ཀྱི་བླང་བྱར་གོ་བ་གཏིང་ཟབ་ལེན་རྒྱུ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་དེ་ལེགས་གྲུབ་ལྡན་པའི་ངང་བསྐྱོད་པའི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལམ་བུ་གསར་པ་དང་གསར་གཏོད་བྱས་པའི་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ། དེ་ལས་མངོན་པའི་དེང་རབས་ཅན་གྱི་མདུན་ལྗོངས་གསར་པ་བཅས་ལ་ཤེས་རྟོགས་གང་ལེགས་བྱ་རྒྱུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ལམ་བུའི་ཐོག་མཉམ་བགྲོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཞི་བདེ་གོང་འཕེལ་དང་གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་དེང་རབས་ཅན་གྱི་ཐུན་མོང་ངོས་འཛིན་མངོན་འགྱུར་བྱ་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།