ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

སྤེལ་དུས 2024-12-02 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
       ཟླ་12ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་23པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ངེས་པར་དུ་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱེད་དགོས》ཞེས་པ་བཀོད་ཡོད། དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2013ལོའི་ཟླ་1པོ་ནས་2024ལོའི་ཟླ་8པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གནད་བཏུས་བྱས་ཡོད།
       རྩོམ་ཡིག་ནང་ནན་བཤད་བྱས་དོན། ང་ཚོས་སྒྲུབ་པའི་བྱ་བ་ནི་སྔར་སྒྲུབ་མ་མྱོང་བའི་བྱ་གཞག་རླབས་པོ་ཆེ་ཞིག་ཡིན་པས། གཞུང་འཁྱོངས་བྱས་ཚེ་གཞི་ནས་ཁ་ཕྱོགས་མི་འཛོལ་བ་དང་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་ཤོར་མི་སྲིད། གསར་འབྱེད་བྱས་ཚེ་གཞི་ནས་དུས་རབས་སྟངས་འཛིན་དང་དུས་རབས་ལ་སྣེ་ཁྲིད་བྱེད་ཐུབ། ཚན་རིག་དང་མཐུན་པའི་རྣམ་འགྱུར་གྱི་ཐོག་ནས་ཚན་རིག་ལ་ལྟ་སྟངས་འཛིན་པ་དང་བདེན་དོན་གྱི་སྙིང་སྟོབས་ཐོག་ནས་བདེན་དོན་དོན་གཉེར་བྱེད་པར། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་མཐའ་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བ། དུས་རབས་ཀྱི་གོམ་སྟབས་རྗེས་སུ་སྙེག་པ། ལག་ལེན་གྱི་འཕེལ་རྒྱས་དང་བསྟུན་པ། གསར་ཐོན་བྱ་དངོས་ཐམས་ཅད་ལ་ལྷག་བསམ་ཟོལ་མེད་ཀྱི་ལྟ་སྟངས་འཛིན་པ། ཤེས་རྟོགས་ཀྱི་ཁྱབ་རྒྱ་དང་གཏིང་ཚད་ཟམ་མི་ཆད་པར་རྒྱ་སྐྱེད་གཏོང་བ། སྔོན་བྱོན་པས་ཤོད་མ་མྱོང་བའི་གཏམ་གསར་པ་ཤོད་ཕོད་པ། སྔོན་བྱོན་པས་སྒྲུབ་མ་མྱོང་བའི་བྱ་བ་སྒྲུབ་ཕོད་པ། རིགས་པའི་གཞུང་ལུགས་གསར་པར་བརྟེན་ནས་ལག་ལེན་གསར་པར་མཛུབ་ཁྲིད་བཅས་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་བརྗོད་གཞི་གལ་ཆེན་དེས་ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་སྲོག་རྩ་དེ་གཏན་ནས་དོར་མི་རུང་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྩ་བ་དེ་གཏན་ནས་དོར་མི་རུང་བའི་གཏན་འཁེལ་བྱས་ཡོད། མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་ཉིང་བཅུད་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་འབྲེལ་མཐུད་ནུས་ལྡན་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་ལེགས་ཆ་གསར་པར་འགྱུར་བ་བྱས་ཏེ། བསམ་བློའི་ཡང་རྩེ་གསར་པ་རྒྱུན་ཆད་མེད་པར་བརྩོན་ལེན་བྱེད་དགོས།
       རྩོམ་ཡིག་ནང་བསྟན་དོན། གཞུང་འཁྱོངས་གསར་འབྱེད་བྱེད་པ་ནི་རང་རེའི་ཏང་གིས་དུས་རབས་གསར་པར་རྒྱལ་སྐྱོང་སྲིད་འཛིན་གྱི་བསམ་བློའི་བྱེད་ཐབས་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་ད་ཡོད་ཀྱི་རྨང་གཞིའི་ཐོག་མུ་མཐུད་མདུན་སྐྱོད་བྱས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ལྷག་པའི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་མ་ཟད། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གསར་གཏོད་ཐད་རྒྱུན་ཆད་མེད་པར་གསར་གཏོད་ཚད་བརྒལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་ཐོབ་པའི་སྒོ་ནས་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཚོལ་ཞིབ་བྱེད་པ་ནི་རྒྱུན་འཛིན་ཁྲོད་འཕེལ་རྒྱས་གཏོང་བ་དང་གཞུང་འཁྱོངས་ཁྲོད་གསར་འབྱེད་བྱེད་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར། དང་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བ་འབྱུང་ཁུངས་དང་སྲོག་རྩ་བླ་སྲོག་ཡག་པོ་བསྲུངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་བཅས་མཐའ་འཁྱོངས་བྱ་རྒྱུར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་དང་། ཏང་གི་རྩ་བའི་རིགས་པའི་གཞུང་ལུགས་དང་། རྩ་བའི་ལམ་ཕྱོགས། རྩ་བའི་མཛད་ཇུས་བཅས་མཐའ་འཁྱོངས་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་མཛད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་མཐའ་འཁྱོངས་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡང་དག་པའི་ཁ་ཕྱོགས་འགན་ལེན་བྱེད་དགོས། དེ་དང་ཆབས་ཅིག གསར་འབྱེད་བྱ་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་བསྟུན་པ་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ཐག་གཅོད་བྱ་རྒྱུར་དམིགས་པ། དབྱེ་འབྱེད་དང་། སྟབས་བསྟུན། དོན་གཉེར་བཅས་ཧུར་ཐག་བྱེད་པ། རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད་བཅས་དང་དེ་བཞིན་ཕྱོགས་གཞན་དག་གི་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་གཏོད་དགོས།
       རྩོམ་ཡིག་ནང་བསྟན་དོན། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་རྩ་དོན་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་དགོས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱེད་པར་ཕྱོགས་གཅིག་ནས་འགྲོ་ལམ་དང་བློ་སྟོབས་མི་འགྱུར་བའི་ངེས་ཤུགས་ཆེན་པོ་ལྡན་པར་བྱས་ཏེ་རྩ་བའི་རྩ་དོན་བཞི་མཐའ་འཁྱོངས་དང“གདེང་ཚོད་བཞི”བརྟན་དུ་གཏོང་བར་གཡོ་འགུལ་མི་གཏོང་བ་དང་། གཅིག་ཤོས་ནས་གསར་གཏོད་དང་འགག་སྒྲོལ་བྱེད་ཕོད་པའི་སྙིང་སྟོབས་ལྡན་པར་བྱས་ཏེ་སྒྱུར་བཅོས་ལ་ཚད་བརྒལ་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་སྐུལ་འདེད་གཏོང་དགོས། གཞུང་འཁྱོངས་དང་གསར་འབྱེད་ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱས་ཏེ་སྒྱུར་བཅོས་བྱེད་དགོས་རིགས་སྒྱུར་བཅོས་མཐའ་གཅིག་ཏུ་བྱེད་པ་དང་སྒྱུར་བཅོས་བྱེད་མི་དགོས་པའི་རིགས་སྒྱུར་བཅོས་བྱེད་མི་རུང་། སྒྱུར་བཅོས་ཇི་ལྟར་བྱས་ཀྱང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། མར་ཁེ་སི་རིང་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་མཐའ་འཁྱོངས་སོགས་ཀྱི་རྩ་བར་གཡོ་འགུལ་གཏན་ནས་མི་གཏོང་བ་དང་ཆབས་ཅིག་གསར་འབྱེད་ཕོད་པར་བྱས་ནས་སྒྱུར་བཅོས་བྱེད་དགོས་རིགས་དང་སྒྱུར་བཅོས་བྱེད་ཐུབ་རིགས་སྒྱུར་བཅོས་ཡག་པོ་བྱེད་པ་དང་གནད་འཁེལ་པོ་བྱེད་དགོས་པ་མ་ཟད། གཏན་ལ་འཁེལ་ཚེ་བློ་བརྟན་འགྱུར་མེད་ངང་དམ་འཛིན་བྱེད་དགོས།
       རྩོམ་ཡིག་ནང་བསྟན་དོན། ཀྲུང་ཧྭ་མི་རིགས་ནི་གཞུང་འཁྱོངས་གསར་འབྱེད་བྱེད་མཁན་གྱི་མི་རིགས་ཤིག་ཡིན། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱེད་པར་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་མཚོན་རྟགས་མངོན་པར་བྱས་ཏེ་ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་སྔར་བས་གཏོད་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་མཛུབ་ཁྲིད་བསམ་བློ་མཐའ་འཁྱོངས་དང་། གསར་བརྗེའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ནས་འབྱུང་རྩ་དང་གསོན་ཤུགས་འཚོལ་དགོས། དུས་རབས་གསར་པའི་རིག་གནས་ལས་དོན་པ་ཚོས་ངེས་པར་དུ་གཞུང་འཁྱོངས་གསར་འབྱེད་ཀྱི་སྲོལ་བཟང་དང་ངར་ཤུགས་ལ་བརྟེན་ནས་ལོ་རྒྱུས་ཤེས་རིག་གི་འཕེལ་རྒྱུན་རྒྱུན་འཛིན་དང་དེང་སྐབས་ཀྱི་ངོ་མཚར་ལེའུ་རྩོམ་དགོས།