ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་ཤོས།

ཞིན་ཁྲང་ཞིང་མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་ལ་བདམས་ཐོན་བྱུང་བ།

སྤེལ་དུས 2020-08-28 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།

           ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བ་པེ་ཅིང་ནས་ཟླ་8ཚེས་26ཉིན་གློག་འཕྲིན་འབྱོར་གསལ། 《མཚོ་སྔོན་ཉིན་རེའི་ཚགས་པར》གྱི་སྐད་འཕྲིན་སྤྱི་སྤྱི་སྟེགས་ཀྱི་གནས་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་ཞིན་ཁྲང་ཞིང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་ལ་བདམས་ཐོན་བྱུང་བ་རེད།
           བློ་མཐུན་ཞིན་ཁྲང་ཞིང་གི་ལོ་རྒྱུས་མདོར་བསྡུས།
           ཞིན་ཁྲང་ཞིང་། སྐྱེས་པ། རྒྱ་རིགས། 1963ལོའི་ཟླ་12པར་སྐྱེས། ཧྲན་ཏུང་ཧུའེ་རྨིན་ནས་ཡིན། 1986ལོའི་ཟླ་7པར་ལས་ཀར་ཞུགས། 1986ལོའི་ཟླ་6པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ཡོད་ལ། དཔལ་འབྱོར་རིག་པའི་རབ་འབྱམས་པའི་སློབ་གནས་ལྡན།
           ངལ་རྩོལ་པུའུ་ཡི་ངལ་རྩོལ་ཚན་རིག་ཞིབ་འཇུག་ཁང་གི་གླ་ཕོགས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་དང་ཕྱོགས་བསྡུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ། ངལ་རྩོལ་པུའུ་ཡི་སྲིད་ཇུས་ཁྲིམས་སྲོལ་སིའི་ཕྱོགས་བསྡུས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དང་སྒྲིག་སྲོལ་སྒྱུར་བཅོས་ཁྲུའུ་ཡི་ཁྲུའུ་ཀྲང་བཅས་ཀྱི་འགན་བཞེས་མྱོང་།
           1997ལོའི་ཟླ་2པར་ངལ་རྩོལ་པུའུ་ཡི་སྲིད་ཇུས་ཁྲིམས་སྲོལ་སིའི་སི་ཀྲང་གཞོན་པའི་འགན་བཞེས།
           1998ལོའི་ཟླ་7པར་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་གཞུང་ལས་ཐིང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།
           1999ལོའི་ཟླ་3པར་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་གསོ་སྦྱོང་ལས་ཞུགས་སིའི་སི་ཀྲང་གཞོན་པའི་འགན་བཞེས།
           2001ལོའི་ཟླ་7པར་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་གསོ་སྦྱོང་ལས་ཞུགས་སིའི་སི་ཀྲང་གི་འགན་བཞེས།
           2002ལོའི་ཟླ་3པར་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་གཞུང་ལས་ཐིང་གི་ཀྲུའུ་རེན་གྱི་འགན་བཞེས།
           2005ལོའི་ཟླ་6པར་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་འཆར་འགོད་ནོར་དོན་སིའི་སི་ཀྲང་གི་འགན་བཞེས། (2004ལོའི་ཟླ་2པ་ནས་2006ལོའི་ཟླ་1པོའི་བར་ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པའི་འགན་འཁྱེར་བྱས། ) 
           2006ལོའི་ཟླ་3པར་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་གཞུང་ལས་ཐིང་གི་ཀྲུའུ་རེན་གྱི་འགན་བཞེས། (དེའི་རིང་2007ལོའི་ཟླ་3པ་ནས་2008ལོའི་ཟླ་1པོའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་གཅིག་ལམ་ལུགས་ཀྱི་ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་ལ་ཞུགས། ) 
           2008ལོའི་ཟླ་7པར་རྒྱལ་ཁབ་གཞུང་ལས་པ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས། 
           2010ལོའི་ཟླ་9པར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས། 
           2014ལོའི་ཟླ་8པར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། རྒྱལ་ཁབ་གཞུང་ལས་པ་ཅུས་ཀྱི་ཅུས་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས། 
           2016ལོའི་ཟླ་9པར་ཨན་ཧུའེ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས་པ་རེད།
           2020ལོའི་ཟླ་7པར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།
           2020ལོའི་ཟླ་8པར་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ། ཧྲེང་ཀྲང་ལས་ཚབ། ཧྲེང་ཀྲང་། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་པ་རེད།
           ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་ཡིན།