ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་ཤོས།

ལས་ལ་བརྩོན་པའི་ཞིན་ཧེ་རུ། ། ལས་ཞུགས་ལས་གཏོད་གླུ་སྐད་གྲགས། །

སྤེལ་དུས 2020-09-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འཕྲིན་ལས་དབང་ཆེན།

           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། གོམ་གང་མདུན་སྤོས་ཀྱིས་མི་ཤུགས་ཐོན་ཁུངས་ཞབས་ཕྱིའི་ལས་ཁུངས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་ཁྲོད་དུ་སྔར་ལས་ལྷག་པའི་ནུས་པ་བཟང་བོ་བཏོན་ནས། “བརྟན་འཇགས་དྲུག་དང་འགན་སྲུང་དྲུག”གི་ལས་ཀའི་ལས་འགན་ལེགས་སྒྲུབ་བྱེད་པར་སྐུལ་འདེད་གཏོང་ཆེད། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་མང་ཚོགས་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་ཁེ་ལས་ཀྱི་མི་སྣའི་དགོས་མཁོ་གཙོ་གནད་དུ་བཟུང་སྟེ། “སྡེབ་སྒྲིག་རྣམ་པའི”ཞབས་ཞུ་དང་། “ཆ་སྒྲིག་རྣམ་པའི”མཐུན་སྦྲེལ། “བྱེད་ཐབས་མང་པོའི”དམངས་ཕན་བཅས་ཀྱི་ཐབས་ལམ་བརྒྱུད་དེ། ཞིན་ཧེ་རྫོང་གི་ཞིང(འབྲོག)ལས་མི་དང་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས“ཕྱི་རུ་བགྲོད་ཐུབ་པ”དང“བརྟན་པོ་ཡོང་བ”ལ་འགན་ལེན་ཏན་ཏིག་བྱས་ཡོད་པ་རེད།


          ཟླ8ཚེས27ཉིན། ཟི་ལིང་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་མཐུན་ཚོགས་དང་མཉམ་དུ་ཞིན་ཧེ་རྫོང་དམངས་སྲོལ་གྲོང་ཚོའི་རིག་གནས་ཐང་ཆེན་དུ་ལས་ཞུགས་ཆེད་དོན་གདན་ཞུའི་ཚོགས་འདུ་འཚོགས་པ་རེད། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ཁྲོམ་ར་ཁྲུའུ་ཡི་ཁྲུའུ་ཀྲང་བློ་མཐུན་ཀྲང་ཝུན་ཧྲི་དང་། མཚོ་ལྷོ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་ཅུའུ་ཀྲང་བློ་མཐུན་ཁྲེན་ཏ་ཆིང་། ཞིན་ཧའེ་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་རེན་བློ་མཐུན་བསོད་ནམས་ཚེ་རིང་། རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྒྲོལ་མ་འབུམ། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཞན་ཚའེ་ཡོའུ་བཅས་འགོ་ཚུགས་མཛད་སྒོར་ཞུགས་ཤིང་། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བློ་མཐུན་ཁུང་ཞང་ཧུང་གིས་འགོ་ཚུགས་མཛད་སྒོར་གཙོ་སྐྱོང་གནང་པ་དང་། བློ་མཐུན་ཁྲེན་ཏ་ཆིང་གིས་ཤིས་ཚིག་ཕུལ་ཏེ།  ད་ལོར་ཞིན་ཧེ་རྫོང་གིས་སྤེལ་བའི་ལས་ཞུགས་ལས་དོན་ལ་གདེང་འཇོག་མཐོན་པོ་གནང་ཞིང་། མ་འོངས་པའི་ལས་ཞུགས་གདན་ཞུའི་ལས་དོན་ཐད་སྔར་ལས་ཀྱང་བླང་བྱ་མཐོན་པོ་བཏོན་པ་རེད།


          “ཕྱོགས་ཡོངས”ཀྱི་སྒྲོམ་གཞི་བཙུགས་ནས། “གནད་འཁེལ་དབུལ་སྐྱོར”གྱི་སྤོབས་པ་རབ་ཏུ་རྒྱས་ཡོད།

          ཐེངས་འདིའི་གདན་ཞུའི་ཚོགས་འདུའི་ཐོག་གཙོ་བོ་ལས་ཞུགས་གཅིག་ཀྱང་བྱས་མེད་པའི་གནས་ཡུལ་གཞན་སྤོས་ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་དང་། ལས་ཞུགས་ཐུབ་མེད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ། ཕྱིར་སྐྱོད་ལས་གཉེར་མི་སྣ་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་ཞུགས་དང་ཁེ་ལས་ཀྱི་ལས་མི་སྤྱོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་དམ་པོར་དམིགས་ཏེ། ལས་རིགས་ངོ་སྤྲོད་དང་ངལ་ལས་ཕྱིར་གཏོང་བྱ་རྒྱུ་དེ་ལས་ཞུགས་གདན་ཞུའི་ལས་ཀའི་གཙོ་གནད་དུ་བཟུང་ཞིང་། “སྲིད་གཞུང་གིས་སྟེགས་བུ་བསྐྲུན་པ་དང་། ཁེ་ལས་ཀྱིས་གོ་སྐབས་སྤྲོད་པ”དང་། “ནང་འདྲེན་ཕྱི་འབྲེལ། ནང་སྒྱུར་ཕྱི་གཏོང”གི་བྱེད་ཐབས་སྤྱད་དེ། ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ནས། “ལས་གནས་ཀྱིས་གནས་སྤོར་ལ་སྐུལ་འདེད་དང་། ལས་ཀས་གནས་སྤོར་ལ་སྐུལ་འདེད་བྱེད་པ”ཡི་དམིགས་འབེན་མངོན་འགྱུར་བྱས་ཡོད། གཅིག་ནི་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“ཞབས་ཞུ་བ”ཡག་པོ་བྱས་ནས། རང་འགུལ་ཞབས་ཞུ་དང་། གནད་འཁེལ་ཞབས་ཞུ། སྤུས་ལེགས་ཞབས་ཞུ་བཅས་ཀྱི“ཞབས་ཞུའི་ཆ་འགྲིག”གང་ལེགས་འདོན་སྤེལ་བྱས་ཏེ། ཆེས་མཐའ་མའི་ཞབས་ཞུའི་སྤྱི་ལེ་གཅིག་ཤར་གཏོང་བྱས་ཡོད་ལ། འགོ་ཁྲིད་ཚན་པའི་ཁོངས་མིས་རང་འགུལ་ངང་མདུན་ནས་བཀོད་འདོམས་བྱས་ཏེ། རུ་སྣེ་ཁྲིད་ནས“སྲིད་ཇུས་དང་། མ་དངུལ། ཞབས་ཞུ་བཅས་སྐྱེལ་བའི”བྱེད་སྒོ་སྤེལ་བ་དང་།  ཕྱོགས་ཡོངས་ནས་ཟི་ལིང་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་མཐུན་ཚོགས་དང་མཉམ་ལས་བྱེད་པའི་གོ་སྐབས་སྤྱད་དེ། ལས་མི་བསྡུ་བའི་ཁེ་ལས་གདན་འདྲེན་ཞུས་ནས་ཞིན་རེ་དང་གནད་འཁེལ་སྦྲེལ་མཐུད་བྱས་པ་དང་། ཕྱོགས་གཏད་ལས་བསྡུ་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་བརྟན་པོ་ཡོང་རྒྱུར་སྐུལ་འདེད་བཏང་ནས། ལས་མི་བཀོལ་སྤྱོད་ཚན་པ་དང་ལས་ཀ་འཚོལ་མཁན་ཕན་ཚུན་ངོ་འཕྲད་ཅིང་། བར་ཐག་ཅི་ཡང་མེད་པའི་སྒོ་ནས་ཕན་ཚུན་བསམ་བློ་བརྗེ་རེས་བྱེད་པ་མངོན་འགྱུར་བྱུང་ལ། དེ་དང་ཆབས་ཅིག“ཉི་འོད་སྲིད་དོན”གྱི་སྐད་འཕྲིན་སྤྱི་རྟགས་བེད་སྤྱོད་གང་ལེགས་བྱས་ནས། ཧུར་ཐག་སྒོས་ཤང་གྲོང་དང་སྡེ་ཁུལ་ཁག་གི་སྤྱི་པའི་ལས་ཞུགས་ཀྱི་སྤྱི་ཚོགས་ཞབས་ཞུའི་འགན་སྲུང་ས་ཚིགས་ཀྱི་ལས་སྟེགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་འབྲོག་མང་ཚོགས་ལ་ལས་ཞུགས་གདན་ཞུའི་ཆ་འཕྲིན་དྲིལ་དྲིལ་སྒྲོག་དང་། སྲིད་ཇུས་ཤེས་ཚད་མཐོ་རུ་བཏང་ནས། ངལ་ནུས་ཕྱིར་གཏོང“ལམ་ལོག”ཏུ་མི་འགྲོ་བར་ཁག་ཐེག་བྱས་ཡོད། གཉིས་ནི་ལས་ཞུགས་དབུལ་སྐྱོར་གྱི་གནད་འགག་ནི་གནད་འཁེལ་ཇུས་འདོན་བྱ་རྒྱུ་དེ་རེད།  གཏིང་ཟབ་སྒོས་ཞང་དང་གྲོང་རྡལ།  སྡེ་ཁུལ་བཅས་སུ་ཟབ་ཞུགས་བྱས་ཏེ། དུས་ཐོག་ཏུ་ངལ་རྩོལ་ནུས་ཤུགས་ཀྱི་གཞི་གྲངས་གསལ་རྟོགས་བྱས་པ་དང་། ངལ་རྩོལ་ནུས་ཤུགས་ཀྱི་ལས་འཚོལ་འདོད་མོས་དང་། ལོ་ནའི་གྲུབ་ཚུལ། རིག་གནས་ཆུ་ཚད། ལག་རྩལ་ཆུ་ཚད་སོགས་ཀྱི་ཁྱད་ཆོས་ལ་གཞིགས་ནས། ལས་རིགས་མི་འདྲ་བ་དང་རིམ་པ་མི་འདྲ་བའི་མི་ཤུགས་ཐོན་ཁུངས་ལས་ཞུགས་ཀྱི་ཆེད་དོན་གདན་ཞུའི་ངོ་འཕྲད་ས་ཚིགས་བཙུགས་ཤིང་།  འོས་འཚམ་སྒོས་ལས་གནས་འོས་སྦྱོར་ལུགས་མཐུན་བྱས་ཏེ། དབུལ་ཕོངས་ངལ་རྩོལ་ནུས་ཤུགས་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་རིགས་སོ་སོའི་མང་ཚོགས་ལ་གནད་འཁེལ་སྦྲེལ་མཐུད་མངོན་འགྱུར་བྱུང་ཡོད།  གསུམ་ནི་ལས་ཞུགས་གདན་ཞུའི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག “ལས་ཞུགས་སྲིད་ཇུས་བློ་འདྲིའི་ལས་སྟེགས”མང་དུ་བཏང་ཞིང་། ལས་རིགས་མཛུབ་ཁྲིད་དང་ལས་གཏོད་མཛུབ་ཁྲིད་བྱས་ཏེ་ལས་གཏོད་བྱེད་འདོད་ཡོད་པའི་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་དང་ལས་ཞུགས་ཐུབ་མེད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་ལས་གཏོད་ཁག་ཐེག་དངུལ་བུན་གཏོང་བའི་སྲིད་ཇུས་དྲིལ་སྒྲོག་ཤུགས་ཆེན་བྱས་ནས། ལས་ཞུགས་ལས་གཏོད་རྣམ་གྲངས་འོས་སྦྱོར་བྱས་ཏེ། ཁོང་ཚོར“ལས་ཞུགས་བྱེད་ན་ལས་གནས་ཡོད་པ་དང་། ལས་གཏོད་བྱེད་ན་མདུན་ལམ་ཡོད་པ”ལ་འགན་ལེན་བྱས་ཡོད། 


          “རིམ་པ་མང་བ”ཡི་སྒྲོམ་གཞི་བཙུགས་ནས། “དམངས་ཕན་འཕེལ་རྒྱས”ལ་གདིང་ཤུགས་བསགས་ཡོད།

          ཆེད་དོན་གདན་ཞུའི་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ནས། ལས་ཞུགས་གཅིག་ཀྱང་བྱས་མེད་པ་སོགས་ཀྱི་མི་སྣ་ཆིག་སྟོང་ལྷག་ཙམ་གྱི་ལས་གནས་ཆ་འཕྲིན་འདེམས་སྒྲུག་བྱས་ཡོད་པ་དང་། ལས་རིགས་མང་པོ་དང་ཁྱབ་ཁོངས་མང་པོ་ནས་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ལ་ལས་ཞུགས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད། ཟི་ལིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་ལས་རིགས་མཐུན་ཚོགས་ཀྱིས་སྣེ་ཁྲིད་པའི་ཚོགས་མིའིལས་ཁུངས15དང་རང་ས་གནས་ཀྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས4དང་། དེ་བཞིན་ས་གནས་དེ་གའི་ཁེ་ལས35ཡིས་ལས་ཞུགས་ལས་གནས་ཁྲི1.27མཁོ་འདོན་བྱས་ཡོད་པ་དང་། དེ་དག་ནི་རིག་གནས་དང་། ནོར་རྩིས། ལས་གྲྭ་ཉམས་གསོ། གློག་ཆས་འཕྲུལ་ཆས་ཞིག་གསོ་སོགས་ཁྱབ་ཁོངས་དང་ལས་རིགས་མང་པོ་དང་འབྲེལ་ཡོད་ཅིང་། ལས་ཞུགས་སྲིད་ཇུས་དྲིལ་སྒྲོག་དཔྱད་ཡིག་དང་གདན་ཞུའི་ཚོན་ལྡན་ཤོག་ལྷེ་ཁྱོན3000ལྷག་ཙམ་དཔར་འགྲེམས་བྱས་ཡོད། ལས་བྱེད་མི་སྣས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་མང་ཚོགས་ལ་དྲིལ་སྒྲོག་དཔྱད་ཡིག་སྤྲད་པ་མ་ཟད། ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་དང་བྱེད་ཐབས་ཁག་ལ་ཞིབ་ཕྲའི་འགྲེལ་བཤད་བརྒྱབ་ནས། ཆེད་དོན་གདན་ཞུའི་ཚོགས་འདུ་ལ་ལས་ཀའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་ཅིང་། ཐེངས་འདིའི་གདན་ཞུའི་ཚོགས་འདུར་ཞུགས་པའི་ཤང་དང་གྲོང་རྡལ་བདུན་གྱི་ངལ་རྩོལ་ནུས་ཤུགས1500ཡི་ཁྲོད་དུ། ལས་ཀར་ཞུགས་མཁན་དང་མི་བཀོལ་མཁན་སྡེ་ཚན་བར་ མི(ཐེངས)201ལ་ལས་ཞུགས་ཀྱི་ཐོག་མའི་འདོད་འདུན་བྱུང་ཞིང་། དེའི་ནང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་མི་ཐེངས49ཡོད་ཅིང་། ཚགས་བྱང་གཉིས་ལྡན་གྱི་དུད་ཚང་དབུལ་པོ19ཡོད་པ་རེད།


          “ཡང་བའི་ཁྱབ་ཁོངས”ཀྱི་སྒྲོམ་གཞི་བཙུགས་ནས། “ལས་ཞུགས་ལས་གཏོད”ཀྱི་ཁ་དབུགས་གཅིག་ཏུ་བསྡུས་ཡོད།

          གོམ་སྟབས་རྗེས་མར་ངེད་ཅུའུ་ཡིས་ལས་ཞུགས་ལས་དོན་གྱི“བྲེལ་གནས”ལ་དམིགས་པ་དང་། ལས་ཞུགས་ལས་དོན་གྱི་“གཙོ་གནད”དམ་འཛིན་བྱེད་པ། ལས་ཞུགས་ལས་དོན་གྱི“མཚར་གནས”གསུམ་དམ་འཛིན་བྱེད་པ་ནས་མགོ་བཟུང་སྟེ། རྒྱུན་ཆད་མེད་པར་ལས་ཀའི་བསམ་ཕྱོགས་གསར་གཏོད་དང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། བྱ་ཐབས་སྣ་མང་སྤྱད་དེ་ཞིང་འབྲོག་མང་ཚོགས་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་མི་ཚོགས་ཀྱི་ལས་ཞུགས་ལས་གཏོད་ལས་དོན་ཁག་ཡག་པོ་སྒྲུབ་དགོས།  གཅིག་ནི“ལས་ཞུགས་ཀྱི་བྲལ་གནས”ཀྱིས་ཁེ་ལས་ཀྱི་ལས་ཀ་སླར་གསོ་ལ་རོགས་རམ་བྱེད་པ་སྟེ། རང་འགུལ་གྱིས་གསོ་སྦྱོང་གི་བསམ་ཕྱོགས་ལ་བསྒྱུར་བཅོས་བཏང་ནས། ཁྲོམ་རའི་དགོས་མཁོ་དང་ཞིང་འབྲོག་མང་ཚོགས་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་དགོས་མཁོ་ཕྱོགས་ཚད་དུ་བཟུང་སྟེ་གནད་འཁེལ་གསོ་སྦྱོང་བྱེད་པ་དང་། “ཚལ་ཐོ་ལྟར་དུ་ཚལ་ཉོ་བ”ནས“ཚལ་བདམ་རྗེས་སྒོར་མོ་སྤྲོད་པ”ལྟར་གསོ་སྦྱོང་ཁ་ཕྱོགས་ལ་འགྱུར་ལྡོག་གཏོང་དགོས་ལ། དུས་མཚུངས་སུ་ཅང་སུའུ་ཧྥུང་རྫོང་གི“ཁ་གཏད་རོགས་སྐྲུན་སྟེགས་བུ”ལ་བརྟེན་ནས། “དྲ་ཐོག་དང་དྲ་ཐོག་ཟུང་འབྲེལ”དང“ཞིང་ཆེན་ཕྱི་ནང་ཟུང་འབྲེལ”གྱི་གདན་ཞུའི་མ་ལག་འཐུས་ཚང་ལྡན་པའི་སྒོ་ནས་བཙུགས་སྟེ། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་མཁན་ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་ཀྱི་དགོས་མཁོ་དང་ཚོགས་པ་སྣ་ཚོགས་ཀྱི་ལས་ཞུགས་དགོས་མཁོ་ལ་ཞབས་འདེགས་ཞུས་ནས། ཁེ་ལས་ཀྱི་ལས་གནས་བརྟན་པོ་ཡོང་བ་དང་ལས་བཟོ་པ་ལས་གནས་དང་མཐུན་པར་རོགས་རམ་བྱ་དགོས།གཉིས་ནི“དམངས་ཕན་གཙོ་གནད”ལ་བརྟེན་ནས་ལས་གནས་བརྟན་པོ་ཡོང་བར་བྱེད་དགོས། “དགོས་མཁོ་གསལ་རྟོགས་དང་རིགས་དབྱེ་ཇུས་འདོན”གྱི་ལས་ཀའི་བསམ་ཕྱོགས་མཐའ་འཁྱོངས་བྱས་ནས། གནད་འཁེལ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། ལས་ཞུགས་ཀྱི་དགོས་མཁོའི་རྩིས་ཁྲ་དང་ལས་གནས་ཀྱི་དགོས་མཁོའི་རྩིས་ཁྲ་གཉིས་བཟོ་དགོས་པ་དང་། ལག་རྩལ་མཐོར་འདེགས་དང་། མཁོ་སྤྲོད་འབྲེལ་མཐུད། ལས་གནས་གསར་སྤེལ། ལས་སྐྲུན་རོགས་སྐྱོར་བཅས་ཀྱི་ལས་དོན་བཞི་གཙོ་གནད་དུ་བཟུང་ནས་ལག་བསྟར་ལེགས་པོ་བྱ་དགོས་ཤིང་། “ལོ་ལྔའི་འཆར་གཞི་ཨང་བཅུ་བཞི”ཡི་རིང་ལ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མེད་པའི་ཁྱིམ་ཚང་གི་གནད་དོན“གཙང་སེལ”བྱེད་གང་ཐུབ་བྱ་དགོས། གསུམ་ནི“ཁྱད་ཆོས་ལྡན་ཤིང་བཀྲག་མདངས་འཚེར་ས”ཡི་ཐོག་ཤུགས་སྣོན་དགོས།  སྤྱི་ཚོགས་འགན་བཅོལ་གྱི་གཞི་གྲངས་མཛོད་དང་ལས་ཤོར་ཐོ་འགོད་མ་ལག་ཁྲོད་ནས་ལས་ཤོར་མི་སྣ་སྣ་ཚོགས་འདེམས་སྒྲུག་བྱ་དགོས་ཤིང་། ལོ་ན་དང་། སློབ་གཉེར་བརྒྱུད་རིམ། རྩལ་ནུས། གཟུགས་པོའི་གནས་ཚུལ། གསོ་སྦྱོང་གི་འདོད་བློ། ལས་ཞུགས་ཀྱི་དགོས་མཁོ་སོགས་རྒྱུ་རྐྱེན་ལ་གཙོ་བོར་དབྱེ་ཞིབ་བྱས་པ་བརྒྱུད། རྗེས་འདེད་གཙོ་གནད་ཞབས་ཞུ་འདོན་སྤྲོད་བྱས་ཏེ། “གཅིག་གིས་གཅིག་ལ་བྱེད་པ”ཡི་རོགས་སྐྱོར་ལག་བསྟར་བྱེད་དགོས། ལས་ཞུགས་ཐུབ་མེད་པའི་མི་སྣའི་འགུལ་རྣམ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལམ་སྲོལ་བཙུགས་ཏེ། ཕྱོགས་ཡོངས་ནས་དུད་ཚང་གཅིག་རྙེད་ཚེ། དུད་ཚང་གཅིག་ལ་རོགས་སྐྱོར་བྱེད་པ་དང་། དུད་ཚང་གཅིག་མེད་པ་བྱེད་པ་བཅས་བྱེད་དགོས་ལ། དུས་མཚུངས་སུ་མུ་མཐུད་དུ་དྲ་ཐོག་གི་འགུལ་སྐྱོད་འདུས་ཚད་ཇེ་མཐོར་གཏོང་བའི་རྨང་གཞིའི་སྟེང་། ཞབས་ཞུའི་བྱེད་ཐབས་ཟམ་མི་ཆད་པར་གསར་གཏོད་བྱེད་པ་དང་། དྲ་ཐོག་གི་གདན་ཞུའི་བརྒྱུད་རིམ་ཇེ་ལེགས་སུ་བཏང་ནས། “ལས་ཞུགས་ཞབས་ཞུ་མཚམས་མི་འཇོག་པ་དང་། དྲ་ཐོག་ནས་གདན་ཞུ་བྱེད་མཚམས་མི་འཇོག་པ”ལ་འགན་ལེན་ཁག་ཐེག་བྱེད་དགོས་སོ། །