ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་ཤོས།

མིན་ཡོན་རྫོང་གི་ས་ཡོམ་ལས་ས་ངོས་སྤྱི་ལེ་22གས་ཆག་བྱུང་།

སྤེལ་དུས 2022-01-10 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          མཚོ་སྔོན་མིན་ཡོན་རྫོང་གི་སྤྱི་ཟླ་1པོའི་ཚེས་8ཉིན་གྱི་ས་ཡོམ་རིམ་པ་6.9རྒྱག་ཡུལ་གྱི་ལས་དོན་རུ་ཁག་གིས་ཀླུ་ལུང་རི་བོའི་གས་ཆག་བྱུང་བའི་ནུབ་རྒྱུད་ཀྱི་ཡུལ་དངོས་སུ་རྟོག་ཞིབ་བྱེད་སྐབས། རིང་ཚད་ལ་སྤྱི་ལེ་22ཙམ་གྱི་ས་ངོས་གས་ཆག་སུ་ཕྱིན་པ་ཤེས་རྟོགས་བྱུང་ཞིང་། ས་ངོས་དང་འཁྱག་ངོས་ནི་རྒྱུན་མཐུད་ཁ་ཐོར་དང་བཙིར་གནོན་འབའ་འབུར་སོགས་གས་ཆག་ཏུ་གྱུར་བ་མཐོང་ཐུབ་ལ། འབའ་འབུར་གྱི་མཐོ་ཚད་སྨི་1.5ཟིན་ཡོད་པ་རེད། ཡུལ་དངོས་ཀྱི་རྟོག་ཞིབ་ཚོ་ཆུང་གི་ལི་ཀྲི་མིང་དང་། ཀའེ་ཧའེ་ལུང་།ལི་ཞིན། ཝང་ཏེ་བཅས་ཀྱིས་ཐེངས་འདིའི་ས་ཡོམ་གྱི་ཡོམ་རྒྱག་ཚུལ་ནི་ལེང་ལུང་རི་བོའི་གས་ཆག་ལས་བྱུང་ཚུལ་ཐོག་མར་གཏན་འཁེལ་གནང་བ་རེད། 


རྩོམ་སྒྲིག་པ། བསྟན་ཆོས།